ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

པཎ་ཆེན་རིན་པོ་ཆེ་མཆོག་གིས་བོད་ལྗོངས་སུ་སློབ་སྦྱོང་དང་རྟོག་ཞིབ། ཆོས་ཕྱོགས་ཀྱི་བྱེད་སྒོ་བཅས་ལེགས་པར་བསྒྲུབས་གནང་མཛད་པ།

སྤེལ་དུས 2021-11-06 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

            ཉེ་ཆར། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་། ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ། ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གིས་བོད་ལྗོངས་སུ་དུས་ཡུན་ཟླ3ལྷག་གི་སློབ་སྦྱོང་དང་རྟོག་ཞིབ། ཆོས་ཕྱོགས་ཀྱི་བྱེད་སྒོ་བཅས་ལེགས་པར་བསྒྲུབས་གནང་མཛད།
            པཎ་ཆེན་རིན་པོ་ཆེ་མཆོག་ལྷ་སར་བཞུགས་རིང་དུ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ལ་ཞུགས་གནང་ཞིང་། བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བའི་གྲུབ་འབྲས་འགྲེམས་སྟོན་ལ་གཟིགས་སྐོར་གནང་སྟེ། ཀྲུང་གོའི་གུང་ཁྲན་ཏང་གི་འགོ་ཁྲིད་འོག་ཏུ་བོད་ལྗོངས་སུ“ལོ་ངོ་བཅུ་ཕྲག་ཁ་ཤས་ལ།  ལོ་སྟོང་ལས་ལྷག་འཕོ་འགྱུར་བྱུང་”བའི་མི་ཡུལ་གྱི་མཛད་རྗེས་ངོ་མཚར་ཅན་ལ་བསྔགས་བརྗོད་མཛད་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ལ་དམིགས་བསལ་ཐུགས་ཁུར་གནང་བ་དང་བོད་བརྒྱུད་ནང་བསྟན་ལས་རིགས་ལ་ཐུགས་རེ་ཆེན་པོ་གནང་བར་སེམས་ཚོར་ཟབ་མོ་བྱུང་ཞེས་གསུངས།

            པཎ་ཆེན་རིན་པོ་ཆེ་མཆོག་གཞིས་ཀ་རྩེ་དང་ནག་ཆུ་གྲོང་ཁྱེར་གྱི་ས་བབ་མཐོ་ལ་ལམ་ཐག་རིང་བའི་དགོན་སྡེ་ཁ་ཤས་སུ་ཆིབས་སྒྱུར་གནང་ནས་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྤེལ་པ་དང་དགེ་འདུན་པ་རྣམས་ལ་ཕྱག་དབང་གནང་། བཀྲ་ཤིས་ལྷུན་པོ་རུ་པཎ་ཆེན་རིན་པོ་ཆེ་མཆོག་གིས་རྩོད་རྒྱུགས་ལེགས་པར་གྲུབ་ནས་མདོ་ཕྱོགས་ཀྱི་བསླབ་གནས་མཐོ་ཤོས་དཀའ་ཆེན་གྱི་མཚན་རྟགས་བཞེས་ཏེ།  ཡུལ་དངོས་སུ་ཡོད་པའི་བླ་མ་སྐྱེས་ཆེན་དང་དགེ་འདུན་པ800ལྷག་གི་དད་པའི་སྤུ་ལོང་གཡོས།
            པཎ་ཆེན་རིན་པོ་ཆེ་མཆོག་གིས་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་འབྲེལ་ཡོད་ཚོགས་འདུ་དང་ཆོས་དོན་དགོངས་འགྲེལ་གྱི་བྱེད་སྒོར་གཙོ་སྐྱོང་གནང་བ་དང་། ཁོང་གིས་རྒྱ་ཆེའི་བོད་བརྒྱུད་ནང་བསྟན་ལས་རིགས་ཀྱི་མི་སྣ་དག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་དོན་འཁྱོལ་བྱས་ཏེ། རྒྱལ་གཅེས་ཆོས་གཅེས་དང་རྒྱལ་སྐྱོང་དམངས་ཕན་གྱི་གཟི་བརྗིད་ལྡན་པའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་སྒྲེང་བ་དང་།  བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་མཐའ་འཁྱོངས་བྱེད་པ།  ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱས་ནས།  བོད་ལྗོངས་ཀྱི་ཆོས་ལུགས་ཞི་མཐུན་དང་།  སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ་བཅས་སྐུལ་འདེད་གཏོང་བར་ནུས་ཤུགས་འདོན་དགོས་པའི་འབོད་སྐུལ་གནང་།
རྩོམ་སྒྲིག་པ། བདེ་སྒྲོན།