ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སློབ་ཆེན་འདིས་ཏོག་གསར་གློ་ཚད་ཀྱི་འགོག་གཟུགས་ཆེན་པོ་ཞིག་རྙེད།

སྤེལ་དུས 2021-11-10 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ཟླ11པའི་ཚེས5ཉིན་ཁྲུང་ཆིང་གསོ་རིག་སློབ་ཆེན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། སློབ་གྲྭ་དེའི་ཏོག་གསར་ནད་དུག་འཕྲལ་སྡོམ་འགག་སྒྲོལ་ཚོགས་པས་ཏོག་གསར་ནད་དུག་དེ་དུག་སྡོང་སྣ་ཚོགས་སུ་ཐོལ་འགྱུར་བྱུང་བའི་དུག་སྡོང་དེ་ལ་རིགས་རྒྱུད་ཁྱབ་རྒྱ་ཆེ་བ་དང་གསོན་ཤུགས་ཅན་གྱི་འགོག་གཟུགས་སྟོབས་ཅན་གསུམ་ཡོད་པ་དང་། འགོག་གཟུགས་འདི་རིགས་ཀྱིས་མིག་སྔར་འགོས་ཤུགས་ཧ་ཅང་ཆེ་བའི་ཏེར་ཐ་དུག་སྡོང་ལའང་ནུས་པ་འདོན་ཐུབ་ཀྱི་ཡོད། ཞིབ་འཇུག་གི་གྲུབ་འབྲས་དེ་ད་ལོའི་ཟླ11པའི་ཚེས2ཉིན་རྒྱལ་སྤྱིའི་རྩེར་སོན་དུས་དེབ《Nature communications》(རང་བྱུང་། འཕྲིན་གཏོང་)ཞེས་པར་བཀོད་ཡོད། ལེགས་འདེམས་བྱས་པའི་འགོག་གཟུགས་གསུམ་པོ་འདི་གཞི་རྒྱུའི་ལས་གྲྭ་ལ་བརྟེན་ནས་བཟོས་ཏེ་གཞི་ཁྱོན་ཅན་གྱི་ཐོན་སྐྱེད་བྱས་ཆོག མིག་སྔར་ཁྲུང་ཆིང་གསོ་རིག་སློབ་ཆེན་གྱིས་རྒྱལ་སྤྱིའི་ཐོག་ཏུ་ནད་དུག་འགོག་པའི་སྨན་རྫས་ཆེད་མཁས་པ་གྲགས་ཅན་རྣམས་ལ་མཉམ་འབྲེལ་གྱིས་འབྲེལ་ཡོད་སྨན་རྫས་གསར་སྤེལ་བྱེད་བཞིན་ཡོད་པ་དང་། སྔོན་དཔག་བྱས་ན་སང་ལོའི་ལོ་འགོར་ནད་ཐོག་ཞིབ་འཇུག་ནང་ཞུགས་ཐུབ་རྒྱུ་རེད།
རྩོམ་སྒྲིག་པ། སྣང་རྡོར།