ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གྲོན་ཆུང་བྱས་པའི་སྒོར་དུང་ཕྱུར་1.82འདིར་བཏང་འདུག

སྤེལ་དུས 2021-11-11 ཡོང་ཁུངས། སེམས་ཀྱི་ཞིང་ཁམས། རྩོམ་པ་པོ།
          གསར་འགོད་པས་ལྗོངས་ཏང་ཨུད་ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་ནས་ཤེས་རྟོགས་བྱུང་བར། བོད་རང་སྐྱོང་ལྗོངས་ཏང་ཨུད་དང་། སྲིད་གཞུང་གིས་གྲོན་ཆུང་བསྲི་ཚགས་ཀྱིས་རྟེན་འབྲེལ་ཚོགས་ཆེན་གཉེར་རྒྱུ་རྒྱུན་འཁྱོངས་བྱས་ནས། གྲོན་ཆུང་བྱས་པའི་མ་དངུལ་དག་དམངས་འཚོའི་ཁྱབ་ཁོངས་སུ་གཏང་རྒྱུའི་བླང་བྱ་གཞིར་བཟུང་། ད་ལོ་བོད་ལྗོངས་ཞི་བས་བཅིངས་འགྲོལ་བཏང་ནས་ལོ་ངོ70འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོའི་ཁྲོད། རང་སྐྱོང་ལྗོངས་དང་། གྲོང་ཁྱེར་དང་ས་ཁུལ་བདུན་གྱི་འབྲེལ་ཡོད་ཚན་པས་ཁྱོན་མ་དངུལ་སྒོར་དུང་ཕྱུར་1.82གྲོན་ཆུང་བྱས་པ་དང་།  མ་དངུལ་དེ་དག་འཚོ་བ་དཀའ་ངལ་ཡོད་པའི་མང་ཚོགས་དང་། སྤྱི་པའི་ཞབས་ཞུ། གཞི་རྩའི་དམངས་འཚོ་འགན་ལེན་སོགས་དམངས་འཚོ་ཁྱབ་ཁོངས་ནང་བཏང་ནས། གཙོ་གནད་ཐོག་མང་ཚོགས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ཐག་གཅོད་བྱས་ཏེ། ལོ་རྒྱུས་སྦྱངས་ནས་ལག་ལེན་ནན་བསྟར་བྱེད་པའི་ཕན་འབྲས་སྔར་བས་སྲ་བརྟན་དུ་བཏང་ཡོད་པ་རེད།  
          དོན་དང་མཐུན་ལ་སྟབས་བདེ་བའི་སྒོ་ནས་རྟེན་འབྲེལ་ཚོགས་ཆེན་བྱེད་སྒོ་ཁག་ཡག་པོ་སྒྲུབ་པ་དང་བསྟུན། གྲོང་ཁྱེར་དང་ས་ཁུལ་ཁག་གི་འབྲེལ་ཡོད་ཚན་པས་ངས་མང་ཚོགས་ཆེད་དུ་དོན་དངོས་སྒྲུབ་ཞེས་པའི་ལག་ལེན་དངོས་ཀྱི་བྱེད་སྒོ་ཟམ་མི་ཆད་པར་སྤེལ་ཞིང་། རྟེན་འབྲེལ་ཚོགས་ཆེན་བྱེད་སྒོ་ནས་གྲོན་ཆུང་བྱས་པའི་མ་དངུལ་སྒོར་དུང་ཕྱུར་1.82ཚང་མ་དམངས་འཚོའི་ཁྱབ་ཁོངས་དུ་བཏང་བ་དང་།  གཅིག་བསྡུས་ཐོག་མི་སེམས་དྲོ་བར་བྱེད་པའི་བྱ་ཐབས་ཁག་ཅིག་བཏོན་ཡོད།  དེའི་ཁྲོད་ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་མཛེས་བཟོ་དང་། ལྡུམ་རྭ་ལྗང་མདོག་ཅན་ལ་ལེགས་པོར་བསྒྱུར་པ། གྲོང་ཁྱེར་གྱི་རྣམ་པ་དང་ཁོར་ཡུག་འཕྲོད་བསྟེན་ལེགས་བཅོས། ཁྲོམ་གཞུང་འགྲམ་གྱི་རྣམ་པ་ལེགས་བཅོས་སོགས་ཀྱི་དམངས་འཚོའི་རྣམ་གྲངས་ཐད་ལ་བཏང་ཡོད་པ་རེད།  གཞིས་ཀ་རྩེ་གྲོང་ཁྱེར་གྱིས་གཙོ་གནད་ཐོག་བདེ་ཐང་ཇ་ཁྱབ་གདལ་དང་དྲིལ་བསྒྲགས་སློབ་གསོ།  སྲིད་གཞུང་གིས་འཛད་སྤྱོད་ཁ་གསབ་སྤྲད་དེ་ཁྲོམ་རའི་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ།  གནོད་འཚེ་ཡོངས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་ཀྱི་ཐད་ལ་བཏང་ཡོད་པ་རེད།   ལྷོ་ཁ་གྲོང་ཁྱེར་གྱིས་རྒན་གསུམ་མི་སྣ་དང་། ཁོར་ཡུག་འཕྲོད་བསྟེན་མི་སྣ།  སྤྱི་ཕན་རང་བཞིན་གྱི་ལས་གནས། དེ་བཞིན་རྨས་སྐྱོན་ཤོར་བ་དང་སྔོན་གཤེགས་དཔའ་བོའི་ནང་མི་སོགས་ཀྱི་མང་ཚོགས་ལ་འཚམས་འདྲི་ཞུས་པ་རེད།  ཉིང་ཁྲི་གྲོང་ཁྱེར་གྱིས་འགན་ལེན་གསུམ་གྱི་ཐད་ལ་བཏང་བ་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ནང་བཏང་ཡོད་པ་རེད།  ཆབ་མདོ་གྲོང་ཁྱེར་གྱི་གཙོ་བོ་འགན་ལེན་གསུམ་དང་། སྤྱི་ཚོགས་འགན་སྲུང་ལ་དངུལ་སྐྱེལ་བ།  ཡུལ་སྤོས་དབུལ་སྐྱོར་གནས་སྤོ་སོགས་ཀྱི་དམངས་འཚོའི་ཁྱབ་ཁོངས་ནང་བཏང་ཡོད་པ་རེད།  ནག་ཆུ་གྲོང་ཁྱེར་གྱི་གཙོ་བོ་ཁོར་ཡུག་འཕྲོད་བསྟེན་གྱི་བཟོ་པ་དང་། ལྕགས་ལམ་ལམ་སྲུང་བ། སྤྱི་བདེ་ཉེན་རྟོག་པའི་ལས་རོགས་སོགས་ལས་རིགས་མི་སྣར་བར་ཆད་འགན་བཅོལ་ཉོས་པ་སོགས་བྱས་པ་རེད།  མངའ་རིས་ས་ཁུལ་གྱིས་གཙོ་གནད་ཐོག་རྒན་གསུམ་མི་སྣ་དང་། གཞུང་ཁོངས་ཁེ་ལས་ཀྱི་དཀའ་ངལ་ཡོད་པའི་ལས་བཟོ་བ།  གྲོང་གསེབ་ཀྱི་དམའ་མཐའི་འཚོ་བའི་འགན་ལེན་དུད་ཁྱིམ་སོགས་ལ་ཐེངས་གཅིག་རང་བཞིན་ཁ་གསབ་སྤྲད་པ་དང་། ས་ཁུལ་དང་རྫོང་གི་ནོར་སྲིད་གཞིར་བཟུང་1བསྡུར་1ཐོག་ནས་ཁོར་ཡུག་འཕྲོད་བསྟེན་ལས་བཟོ་བའི་གླ་ཆའི་ཚད་གཞི་འོས་མཚམས་ཀྱིས་མཐོ་རུ་བཏང་ཡོད་པ་རེད།  
རྩོམ་སྒྲིག་པ། བདེ་སྒྲོན།