ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས།

སྤེལ་དུས 2021-11-12 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
(སྤྱི་ལོ་2021ལོའི་ཟླ་11པའི་ཚེས་11ཉིན་ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་ཐོག་གྲོས་འཆམ་བྱུང་བ།)
          ཀྲུང་གོ་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་དེ་སྤྱི་ལོ་2021ལོའི་ཟླ་11པའི་ཚེས་8ཉིན་ནས་ཚེས་11ཉིན་བར་པེ་ཅིང་དུ་འཚོགས་པ་རེད། 
          ཐེངས་འདིའི་ཚང་འཛོམས་གྲོས་ཚོགས་ལ་ཞུགས་མཁན་གྲས་སུ་ཀྲུང་དབྱང་ཨུ་ཡོན་197དང་། རྗེས་སྣོན་ཀྲུང་དབྱང་ཨུ་ཡོན་151ཡོད་པ་རེད། ཀྲུང་དབྱང་སྒྲིག་བཤེར་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དང་འབྲེལ་ཡོད་ཕྱོགས་ཀྱི་འགན་འཁུར་བློ་མཐུན་གྲོས་ཚོགས་ལ་ཟུར་ཞུགས་གནང་བ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་འཐུས་མིའི་ཁྲོད་ཀྱི་གཞི་རིམ་བློ་མཐུན་འགའ་ཤས་དང་རིགས་གཅིག་མཁས་པ་དང་རིག་གནས་པ་འགའ་ཤས་གྲོས་ཚོགས་ལ་ཟུར་ཞུགས་གནང་བ་རེད།
          ཚང་འཛོམས་གྲོས་ཚོགས་དེ་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། 
          ཚང་འཛོམས་གྲོས་ཚོགས་ཐོག་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་མངགས་བཅོལ་ལྟར་གནང་བའི་ལས་དོན་སྙན་ཞུ་གསན་པ་དང་གྲོས་ཞིབ་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ། ཏང་གི་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་འཚོགས་རྒྱུའི་སྐོར་གྱི་གྲོས་ཆོད་ལ་གྲོས་ཞིབ་བྱས་པ་བརྒྱུད་གྲོས་འཆམ་བྱུང་བ་རེད། ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་གྲོས་ཆོད་ཀྱི་གྲོས་བསྡུར་མ་ཟིན་སྐོར་ལ་ཚང་འཛོམས་གྲོས་ཚོགས་ཐོག་གསལ་བཤད་གནང་བ་རེད། 
          ཚང་འཛོམས་གྲོས་ཚོགས་ཀྱིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཚུན་གྱི་ཀྲུང་དབྱང་ཆབ་སྲིད་ཅུད་ཀྱི་ལས་དོན་ལ་ཁས་ལེན་གང་ལེགས་གནང་བ་རེད། ཚང་མས། འདས་ཟིན་པའི་ལོ་གཅིག་ནང་འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འཕྲད་པ་དང་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་ཁྱབ་པ་གཉིས་ཀྱི་ཤུགས་རྐྱེན་སྣོལ་འདྲེས་སུ་ཐེབས་ནས། ཕྱི་ཕྱོགས་ཀྱི་ཁོར་ཡུག་དེ་བས་རྙོག་འཛིང་དང་ཛ་དྲག་ཏུ་ཕྱིན་པ་དང་། རྒྱལ་ནང་གི་ཏོག་གསར་གློ་ཚད་ནད་ཡམས་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་སྤེལ་གྱི་ལས་འགན་ཁག་ཧ་ཅང་དཀའ་ཚེགས་ཆེན་པོ་བྱུང་ཡོད་པ། ཀྲུང་དབྱང་ཆབ་སྲིད་ཅུད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དར་ཆ་རླབས་པོ་ཆེ་མཐོན་པོར་བསྒྲེངས་བ་དང་། མར་ཁེ་སེ་ལེ་ཉིང་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཅས་ཀྱིས་མཛུབ་ཁྲིད་བྱེད་པ། ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་། གསུམ་པ། བཞི་པ། ལྔ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཆེན་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་བྱེད་པ། གོང་འཕེལ་དང་བདེ་འཇགས་གཉིས་ལ་གཅིག་གྱུར་འཆར་འགོད་བྱེད་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱེད་པ། གོང་འཕེལ་གྱི་འདུ་ཤེས་གསར་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་སྐྲུན་མགྱོགས་སུ་གཏོང་བ། དཔལ་འབྱོར་གྱི་འཕེལ་ཚུལ་ཅུང་ཡག་པོ་རྒྱུན་འཁྱོངས་ཐུབ་པ་བྱས་པ། ཚན་རྩལ་རང་སྟོབས་རང་སྤེལ་ཐུབ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་བ། བསྒྱུར་བཅོས་སྒོ་དབྱེ་ཟམ་མི་ཆད་པར་གཏིང་ཟབ་ཏུ་བཏང་བ། དབུལ་སྒྲོལ་འགག་གཏོར་ལ་དུས་བཀག་ལྟར་རྒྱལ་ཁ་བླངས་པ། དམངས་འཚོ་འགན་སྲུང་ལེགས་བཅོས་ཡག་པོ་ཐུབ་པ། སྤྱི་ཚོགས་ཀྱི་གནས་བབ་ཧྲིལ་པོ་བརྟན་ལྷིང་རྒྱུན་འཁྱོངས་ཐུབ་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་ལ་སྐུལ་འདེད་ཏན་ཏིག་བཏང་བ། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་མོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་ཏན་ཏིག་ངང་སྤེལ་བ། རང་བྱུང་གནོད་འཚེ་ཚབས་ཆེན་སྣ་ཚོགས་ལས་རྣམ་པར་རྒྱལ་བ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་གྲུབ་འབྲས་གལ་ཆེན་ཐོབ་པ།  ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བར་རྟེན་འབྲེལ་ཞུ་བའི་བྱེད་སྒོ་རབ་དང་རིམ་པ་ལེགས་པར་གཉེར་བ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་ཞིང་། འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་བསྐྲུན་ཚར་བའི་ཁྱབ་བསྒྲགས་གནང་བ་དེས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་རྣམས་སེམས་ཤུགས་རབ་འཕེལ་གྱི་སྒོ་ནས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་རྒྱང་སྐྱོད་གསར་པ་བྱ་རྒྱུར་སྐུལ་མ་ཐེབས་པ་བཅས་ཀྱི་ངོས་འཛིན་གནང་འདུག 
          ཚང་འཛོམས་གྲོས་ཚོགས་ཀྱིས།  ཏང་གི་ལོ་ངོ་བརྒྱའི་འབད་འཐབ་ཀྱི་གྲུབ་འབྲས་གལ་ཆེན་དང་ལོ་རྒྱུས་ཉམས་མྱོང་ལ་ཕྱོགས་བསྡོམས་བྱ་རྒྱུ་ནི། ཏང་བཙུགས་ནས་ལོ་ངོ་བརྒྱ་འཁོར་བའི་ལོ་རྒྱུས་ཆ་རྐྱེན་འོག་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་རྒྱལ་ཁབ་བསྐྲུན་པའི་རྒྱང་སྐྱོད་གསར་པ་འགོ་རྩོམ་པ་དང་། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བའི་དགོས་མཁོ་དང་། ཆབ་སྲིད་ཀྱི་འདུ་ཤེས་དང་། གནས་བབ་ཧྲིལ་པོའི་འདུ་ཤེས། སྲོག་ཤིང་གི་འདུ་ཤེས། རུ་སྣེར་བལྟ་བའི་འདུ་ཤེས་བཅས་ཆེ་རུ་གཏོང་བ་དང་། འགྲོ་ལམ་གྱི་བློ་སྤོབས་དང་། རིགས་པའི་གཞུང་ལུགས་ཀྱི་བློ་སྤོབས། ལམ་ལུགས་ཀྱི་བློ་སྤོབས། རིག་གནས་ཀྱི་བློ་སྤོབས་བཅས་བརྟན་དུ་གཏོང་བ། བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་། ཏང་ཡོངས་ཀྱི་སྲོག་ཤིང་གི་གནས་བབ་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་པ། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་འགོ་ཁྲིད་ལ་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་པ། ཏང་ཡོངས་ཀྱིས་གོམ་སྟབས་གཅིག་གྱུར་སྒོ་ནས་མདུན་སྐྱོད་བྱ་རྒྱུར་འགན་སྲུང་བྱ་རྒྱུ་བཅས་ཀྱི་དགོས་མཁོ། ཏང་གི་རང་ངོས་གསར་བརྗེར་སྐུལ་འདེད་དང་། ཏང་ཡོངས་ཀྱི་འཐབ་རྩོད་ཀྱི་འཇོན་ནུས་དང་ཉེན་ཁ་དང་འགྲན་རྩོད་ལ་ཁ་གཏད་གཅོག་པའི་ནུས་པ་ཆེ་རུ་གཏོང་རྒྱུ། ཏང་གི་སྐྱེ་སྟོབས་དང་གསོན་ཤུགས་ཇི་སྲིད་བར་མ་ཉམས་པ་བྱ་རྒྱུ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་གྱུར་ཡོང་ཆེད་མུ་མཐུད་འབད་འཐབ་བྱེད་པའི་དགོས་མཁོ་བཅས་ཡིན་པ།  ཏང་ཡོངས་ཀྱིས་དངོས་གཙོའི་ལོ་རྒྱུས་ལྟ་བ་དང་ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་རྒྱུན་འཁྱོངས་བྱས་ཐོག ཏང་གི་ལོ་བརྒྱའི་འབད་འཐབ་ཁྲོད་ནས་སྔར་ང་ཚོ་ལེགས་གྲུབ་ཡོང་དོན་གང་ཡིན་པ་ཤེས་པ་བྱེད་པ་དང་། མ་འོངས་པར་ང་ཚོས་ཇི་ལྟར་བྱས་ན་མུ་མཐུད་ལེགས་གྲུབ་ཡོང་བ་རྟོགས་པ་བྱས་ནས། དེ་བས་བློ་རྩ་བརྟན་པ་དང་། དེ་བས་རང་རྟོགས་ངང་ཐོག་མའི་བསམ་འདུན་དང་འགན་འཁྲི་ལག་བསྟར་གྱིས། དུས་རབས་གསར་པའི་ནང་དེ་བས་ཡག་པའི་ཐོག་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་དགོས་པའི་ངོས་འཛིན་གནང་འདུག 
          ཚང་འཛོམས་གྲོས་ཚོགས་ཐོག དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་དུས་སྐབས་སུ། ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི་བཙན་རྒྱལ་རིང་ལུགས་དང་། བཀས་བཀོད་རྒྱུད་འཛིན་རིང་ལུགས། དཔོན་ངན་མ་རྩ་རིང་ལུགས་བཅས་ལ་ངོ་རྒོལ་བྱ་རྒྱུ་དང་། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་བརྩོན་ལེན་བྱས་ཏེ། ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་གཞི་རྩའི་སྤྱི་ཚོགས་ཀྱི་ཆ་རྐྱེན་བསྐྲུན་རྒྱུ་དེ་རེད། གསར་བརྗེའི་འཐབ་རྩོད་བྱེད་སྐབས། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྱི་གཞི་རྩའི་རྩ་བའི་རིག་པ་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཟུང་འབྲེལ་བྱས་ཐོག དཀའ་སྤྱད་འཚོལ་ཞིབ་དང་བློས་གཏོང་ཆེན་པོ་བྱས་ནས་གསོག་འཇོག་བྱས་པའི་གསར་གཏོད་རང་བཞིན་གྱི་ཉམས་མྱོང་རབ་དང་རིམ་པར་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སྙིང་བསྡུས་བྱས་ཏེ། གྲོང་གསེབ་ཀྱིས་གྲོང་ཁྱེར་བསྐོར་བ་དང་དྲག་ཤུགས་ལ་བརྟེན་ནས་སྲིད་དབང་འཕྲོག་ལེན་བྱེད་པའི་ཡང་དག་པའི་གསར་བརྗེའི་ལམ་བུ་བཏོད་ཡོད་པ་དང་། མའོ་ཙེ་ཏུང་གི་དགོངས་པ་གསར་དུ་བཏོད་ནས། དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེར་རྒྱལ་ཁ་ཐོབ་ཆེད་ཡང་དག་པའི་ཁ་ཕྱོགས་གསལ་སྟོན་བྱས་ཡོད། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་ཁྲག་བཏོན་དམར་འཛིང་དང་ལན་བརྒྱར་ཕམ་རུང་དཔའ་མི་ཞུམ་པར་དམངས་གཙོ་རིང་ལུགས་གསར་པའི་གསར་བརྗེའི་གྲུབ་འབྲས་རླབས་པོ་ཆེ་བསྐྲུན་ཡོད་པ་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་པ། མི་རིགས་རང་བཙན་དང་མི་དམངས་བཅིངས་འགྲོལ་མངོན་འགྱུར་བྱུང་བ། ཀྲུང་གོ་རྙིང་པའི་མི་སེར་སྤེལ་ཡུལ་ཕྱེད་ཙམ་དང་བཀས་བཀོད་རྒྱུད་འཛིན་ཕྱེད་ཙམ་གྱི་སྤྱི་ཚོགས་ཀྱི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ་བ་དང་། བཤུ་གཞོག་པ་ཆེས་ཉུང་ཤས་ཀྱིས་རྒྱ་ཆེའི་ངལ་རྩོལ་མི་དམངས་ལ་དབང་སྒྱུར་བྱེད་པའི་ལོ་རྒྱུས་རྦད་དེ་མཇུག་བསྒྲིལ་བ། ཀྲུང་གོ་རྙིང་པའི་སྲན་ཕུང་ཐོར་བ་ལྟ་བུའི་གནས་བབ་དེ་རྦད་དེ་མཇུག་བསྒྲིལ་བ། བཙན་དབང་རྒྱལ་ཁབ་ཀྱིས་ཀྲུང་གོར་བཙན་འགེལ་བྱས་པའི་འདྲ་མཉམ་མིན་པའི་ཆིངས་ཡིག་དང་ཀྲུང་གོར་ཡོད་པའི་བཙན་རྒྱལ་རིང་ལུགས་ཀྱི་དམིགས་བསལ་དབང་ཆ་ཐམས་ཅད་རྩ་མེད་བཟོས་པ། ཀྲུང་གོ་འདི་ཉིད་ལོ་ངོ་སྟོང་ཕྲག་ཁ་ཤས་རིང་གི་བཀས་བཀོད་རྒྱུད་འཛིན་གྱི་སྲིད་དབང་སྒེར་གཅོད་ལམ་ལུགས་ཀྱི་ཆབ་སྲིད་ནས་མི་དམངས་དམངས་གཙོའི་ཕྱོགས་སུ་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད་ལ། འཛམ་གླིང་གི་ཆབ་སྲིད་གནས་བབ་ལ་ཡང་འགྱུར་ལྡོག་ཆེན་པོ་བྱུང་ཞིང་། འཛམ་གླིང་ཡོངས་ཀྱི་གཉའ་གནོན་མྱོང་མཁན་མི་རིགས་དང་གཉའ་གནོན་མྱོང་མཁན་མི་དམངས་ཀྱིས་བཅིངས་འགྲོལ་བརྩོན་ལེན་བྱེད་པའི་འཐབ་རྩོད་ལ་སྐུལ་ལྕག་ཆེན་པོ་ཐེབས་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ། ཀྲུང་གོའི་མི་དམངས་དུས་དེ་ནས་བཟུང་ཡར་ལངས་ཤིང་། ཀྲུང་ཧྭ་མི་རིགས་ལ་གཞན་པས་རང་སྣང་གང་ཤར་དུ་མནར་གཅོད་གཏོང་བ་དང་བརྙས་བཅོས་ཚད་མེད་གཏོང་བའི་དུས་རབས་མཇུག་རྫོགས་ཏེ། ཀྲུང་གོ་གོང་འཕེལ་འགྲོ་བའི་དུས་རབས་གསར་པའི་འགོ་བརྩམས་ཡོད་ཅེས་བརྗིད་ཉམས་ཆེ་བའི་ཁྱབ་བསྒྲགས་བྱས་ཡོད་ཅེས་བཏོན་ཡོད་པ་རེད། 
          ཚང་འཛོམས་གྲོས་ཚོགས་ཐོག སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་དུས་སྐབས་སུ། ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། དམངས་གཙོ་རིང་ལུགས་གསར་པ་ནས་སྤྱི་ཚོགས་རིང་ལུགས་སུ་འཕོ་འགྱུར་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་བྱེད་པ་དང་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་བར་རྩ་བའི་ཆབ་སྲིད་ཀྱི་སྔོན་འགྲོའི་ཆ་རྐྱེན་དང་ལམ་ལུགས་ཀྱི་རྨང་གཞི་འདིང་རྒྱུ་དེ་རེད། དུས་སྐབས་དེར། བློ་མཐུན་མའོ་ཙེ་ཏུང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་རབ་དང་རིམ་པ་བཏོན་ཡོད། མའོ་ཙེ་ཏུང་གི་དགོངས་པ་ནི་མར་ཁེ་སི་ལེ་ཉིང་རིང་ལུགས་ཀྲུང་གོར་གསར་གཏོད་རང་བཞིན་ལྡན་པའི་སྒོ་ནས་བེད་སྤྱོད་དང་གོང་འཕེལ་བཏང་བ་ཞིག་དང་། ལག་ལེན་དངོས་ཀྱི་ཐོག་ནས་ར་འཕྲོད་ཐུབ་པའི་ཀྲུང་གོའི་གསར་བརྗེ་དང་འཛུགས་སྐྲུན་སྐོར་གྱི་ཡང་དག་པའི་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་དང་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ཞིག་ཡིན་ལ། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ལོ་རྒྱུས་རང་བཞིན་གྱི་འཕུར་མཆོང་ཐེངས་དང་པོ་ཡང་ཡིན། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རང་སྟོབས་རང་སྤེལ་དང་འབད་འབུངས་ཆེར་བསྐྱེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་གསར་བརྗེ་དང་འཛུགས་སྐྲུན་གྱི་གྲུབ་འབྲས་རླབས་པོ་ཆེ་བཏོད་ཡོད་པ་དང་། ཀྲུང་ཧྭ་མི་རིགས་ཀྱི་ལོ་རྒྱུས་ཐོག་རྒྱ་ཆེ་ཤོས་དང་གཏིང་ཟབ་ཤོས་ཀྱི་སྤྱི་ཚོགས་འཕོ་འགྱུར་བྱུང་སྟེ། དབུལ་ཞིང་ཕོངས་པ་དང་མི་འབོར་མང་བའི་ཤར་ཕྱོགས་ཀྱི་རྒྱལ་ཁབ་ཆེན་པོ་འདི་ཉིད་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་སུ་གོམ་ཞེང་ཆེན་པོས་བསྐྱོད་པའི་འཕུར་མཆོང་རླབས་པོ་ཆེ་མངོན་འགྱུར་བྱུང་ཡོད། རང་རྒྱལ་གྱིས་ཅུང་ཆ་ཚང་བའི་རང་ཚུགས་ཀྱི་བཟོ་ལས་མ་ལག་དང་རྒྱལ་དམངས་དཔལ་འབྱོར་གྱི་མ་ལག་བཙུགས་པས། ཞིང་ལས་ཐོན་སྐྱེད་ཀྱི་ཆ་རྐྱེན་ལ་འགྱུར་ལྡོག་མངོན་གསལ་དོད་པོ་བྱུང་བ་དང་། སློབ་གསོ་དང་། ཚན་རིག རིག་གནས། འཕྲོད་བསྟེན། ལུས་རྩལ་བཅས་ཀྱི་བྱ་གཞག་གོང་འཕེལ་ཆེན་པོ་བྱུང་ཞིང་། མི་དམངས་བཅིངས་འགྲོལ་དམག་གི་སྟོབས་ཤུགས་རྒྱ་སྐྱེད་དང་ཆེ་རུ་ཕྱིན་པ། ཀྲུང་གོ་རྙིང་པའི་བརྙས་བཅོས་མྱོང་བའི་ཕྱི་འབྲེལ་རྦད་དེ་མཇུག་བསྒྲིལ་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ། ཀྲུང་གོའི་མི་དམངས་ཀྱིས་འཛམ་གླིང་རྙིང་པ་གཏོར་བཤིག་གཏོང་མཁས་པ་མ་ཟད། འཛམ་གླིང་གསར་པ་ཞིག་ཀྱང་འཛུགས་སྐྱོང་བྱེད་མཁས་པོ་ཡོད། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་སྐྱོབ་མི་ཐུབ་ལ། སྤྱི་ཚོགས་རིང་ལུགས་ཁོ་ནས་མ་གཏོགས་ཀྲུང་གོ་གོང་འཕེལ་གཏོང་ཡང་མི་ཐུབ་པའི་བརྗིད་ཉམས་ཆེ་བའི་ཁྱབ་བསྒྲགས་བྱས་ཡོད་ཅེས་བཏོན་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག བསྒྱུར་བཅོས་སྒོ་འབྱེད་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་འཛུགས་སྐྲུན་དུས་སྐབས་གསར་པར། ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། ཀྲུང་གོར་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཡང་དག་པའི་བགྲོད་ལམ་མུ་མཐུད་དུ་འཚོལ་ཞིབ་བྱ་རྒྱུ་དང་། སྤྱི་ཚོགས་ཀྱི་ཐོན་སྐྱེད་ནུས་ཤུགས་བཅིངས་འགྲོལ་དང་གོང་འཕེལ་བཏང་སྟེ། མི་དམངས་དབུལ་ཕོངས་ཀྱི་གནས་ལས་སྒྲོལ་བ་དང་མགྱོགས་མྱུར་ཕྱུག་འགྱུར་ཡོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་ཡོང་ཆེད་གསོན་ཤུགས་རྒྱས་པའི་སྒྲིག་སྲོལ་གསར་པའི་འགན་ལེན་དང་མགྱོགས་མྱུར་ངང་གོང་འཕེལ་འགྲོ་བའི་དངོས་པོའི་ཆ་རྐྱེན་མཁོ་འདོན་བྱ་རྒྱུ་དེ་རེད། ཏང་གི་སྐབས་བཅུ་གཅིག་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་འཚོགས་ཚུན། བློ་མཐུན་ཏེང་ཞའོ་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཀྲུང་གོ་གསར་པ་དབུ་བརྙེས་ཚུན་གྱི་དྲང་ལྡོག་ཕྱོགས་གཉིས་ཀྱི་ཉམས་མྱོང་ཕྱོགས་བསྡོམས་གཏིང་ཟབ་བྱས་པ་དང་། གང་འདྲ་ཞིག་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱ་རྒྱུའི་རྩ་བའི་གནད་དོན་འདིར་དམིགས་ནས། འཛམ་གླིང་ཐོག་གི་སྤྱི་ཚོགས་རིང་ལུགས་ཀྱི་ལོ་རྒྱུས་ཉམས་མྱོང་དཔྱད་གཞིར་འཛིན་ཐོག ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས་གསར་དུ་བཏོད་པ་དང་། བསམ་བློར་བཅིངས་འགྲོལ་བཏང་བ། དངོས་ཐོག་བདེན་འཚོལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་ལྟེ་གནད་དེ་དཔལ་འབྱོར་འཛུགས་སྐྲུན་ཐོག་བསྒྱུར་བ་དང་། བསྒྱུར་བཅོས་སྒོ་འབྱེད་བྱ་རྒྱུའི་ལོ་རྒྱུས་རང་བཞིན་གྱི་ཐབས་ཇུས་བཏོན་པ། སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོ་གསལ་སྟོན་གཏིང་ཟབ་བྱས་པ། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་གཞི་རྩའི་ལམ་ཕྱོགས་གཏན་འཁེལ་བྱས་པ། རང་ཉིད་ཀྱི་ལམ་བུར་བསྐྱོད་རྒྱུ་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུ་གསལ་པོར་བཏོན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱ་རྒྱུའི་གཞི་རྩའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་ལན་བཏབ་པ། དུས་རབས་ཉེར་གཅིག་པའི་དུས་དཀྱིལ་དུ་སླེབས་སྐབས་གོམ་སྟབས་གསུམ་དུ་ཕྱེ་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱ་རྒྱུའི་གོང་འཕེལ་གྱི་འཐབ་ཇུས་གཏན་འབེབས་བྱས་པ། ལེགས་གྲུབ་ལྡན་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བཏོད་ཡོད་ཅེས་བཏོན་ཡོད་པ་རེད། 
          ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་སྐབས་བཅུ་གསུམ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་རྗེས། བློ་མཐུན་ཅང་ཙེ་རྨིན་གྱིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས་ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས་རྒྱུན་འཁྱོངས་བྱས་ཐོག གང་འདྲ་ཞིག་ནི་སྤྱི་ཚོགས་རིང་ལུགས་ཡིན་པ་དང་། སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་ཇི་ལྟར་བྱ་དགོས་པ། ཏང་ཅི་འདྲ་ཞིག་འཛུགས་སྐྱོང་བྱ་དགོས་པ། ཏང་འཛུགས་སྐྱོང་ཇི་ལྟར་བྱ་དགོས་པ་བཅས་ཀྱི་ངོས་འཛིན་ཇེ་ཟབ་ཏུ་བཏང་ཡོད་པ་དང་། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན་གྲུབ་པ། རྒྱལ་ཁབ་ཕྱི་ནང་གི་གནས་བབ་ཧ་ཅང་རྙོག་འཛིང་ཆེ་བ་དང་འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ལ་བར་ཆད་ཚབས་ཆེན་བྱུང་བའི་ཉམས་སད་དྲག་པོའི་མདུན་དུ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་སྲུང་སྐྱོང་བྱས་ཤིང་། སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་སྲོལ་བསྒྱུར་བཅོས་བྱེད་པའི་དམིགས་འབེན་དང་གཞི་རྩའི་སྒྲོམ་གཞི་གཏན་ལ་ཕབ་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ཐོག་མའི་དུས་མཚམས་ཀྱི་སྤྱི་ལ་དབང་བའི་ལམ་ལུགས་ཀྱིས་ གཙོ་བོ་བྱེད་ཅིང་དབང་བའི་ལམ་ལུགས་སྣ་མང་གི་དཔལ་འབྱོར་ཐུན་མོང་ཐོག་གོང་འཕེལ་གཏོང་བའི་གཞི་རྩའི་དཔལ་འབྱོར་ལམ་ལུགས་དང་རྩོལ་བསྟུན་ཐོབ་སྤྲོད་ཀྱིས་གཙོ་བོ་བྱེད་ཅིང་བགོ་བཤའ་རྒྱག་སྟངས་སྣ་མང་མཉམ་དུ་གནས་པའི་བགོ་བཤའི་ལམ་ལུགས་གཏན་འཁེལ་བྱས་པ། ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་འབྱེད་བྱེད་པའི་རྣམ་པ་གསར་པ་བཏོད་པ་དང་། ཏང་འཛུགས་སྐྱོང་བྱེད་པའི་ལས་གཞི་རླབས་པོ་ཆེ་གསར་པར་སྐུལ་སྤེལ་བཏང་སྟེ། ལེགས་གྲུབ་ལྡན་པའི་ངང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དེ་དུས་རབས་ཉེར་གཅིག་པར་སྐྱེལ་ཡོད་ཅེས་བཏོན་ཡོད་པ་རེད། 
          ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅུ་དྲུག་པ་འཚོགས་རྗེས། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་གནང་སྟེ། སྒོ་ཀུན་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་བརྒྱུད་རིམ་ཁྲོད་ལག་ལེན་གསར་གཏོད་དང་། གཞུང་ལུགས་གསར་གཏོད། ལམ་ལུགས་གསར་གཏོད་བཅས་ལ་སྐུལ་འདེད་བཏང་བ་དང་། དུས་བབ་གསར་པའི་འོག་གོང་འཕེལ་ཇི་འདྲ་མངོན་འགྱུར་ཡོང་བ་བྱེད་པ་དང་གོང་འཕེལ་ཇི་འདྲ་གཏོང་མིན་སོགས་ཀྱི་གནད་དོན་གལ་ཆེན་ལ་ངོས་འཛིན་དང་དྲི་ལན་གང་ལེགས་བསྐྱོན་པ། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་གྲུབ་པ། འཐབ་ཇུས་ཀྱི་གོ་སྐབས་གལ་ཆེན་དམ་འཛིན་བྱས་པ། བློ་རྩེ་གཅིག་སྒྲིམ་གྱིས་འཛུགས་སྐྲུན་ལ་གཞོལ་བ། བློ་གཅིག་སེམས་གཅིག་གིས་གོང་འཕེལ་དོན་དུ་གཉེར་བ། མི་ལྟེ་བར་འཛིན་པ་དང་ཁྱོན་ཡོངས་ནས་རྒྱུན་མཐུད་གོང་འཕེལ་གཏོང་རྒྱུ་ནན་དུ་བཟུང་བ། དམངས་གཙོ་འགན་སྲུང་དང་ལེགས་བཅོས་ཏན་ཏིག་བྱས་པ། སྤྱི་ཚོགས་དྲང་བདེན་དྲང་གཞག་ལ་སྐུལ་འདེད་བཏང་བ། ཏང་གི་སྲིད་འཛིན་ནུས་པ་འཛུགས་སྐྱོང་དང་སྔོན་ཐོན་རང་བཞིན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ། དུས་བབ་གསར་པའི་འོག་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་བཅས་བྱས་ཡོད་ཅེས་བཏོན་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག དུས་སྐབས་དེར་ཏང་གིས་ལག་ལེན་གསར་པ་དང་དུས་རབས་ཀྱི་ཁྱད་ཆོས་ལ་གཞི་ཚུགས་ནས་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་བཏང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་འཛུགས་སྐྱོང་བྱེད་སྐབས་ཀྱི་གོང་འཕེལ་ལམ་བུ་དང་། གོང་འཕེལ་དུས་མཚམས། རྩ་བའི་ལས་འགན། གོང་འཕེལ་གྱི་སྒུལ་ཤུགས། གོང་འཕེལ་གྱི་འཐབ་ཇུས། ཆབ་སྲིད་ཀྱི་འགན་ལེན། མེས་རྒྱལ་གོང་བུ་གཅིག་གྱུར། ཕྱི་འབྲེལ་དང་རྒྱལ་སྤྱིའི་འཐབ་ཇུས། འགོ་ཁྲིད་སྟོབས་ཤུགས་དང་རྒྱབ་བརྟེན་སྟོབས་ཤུགས་སོགས་རྩ་བའི་གནད་དོན་རབ་དང་རིམ་པར་ཚན་རིག་དང་མཐུན་པའི་སྒོ་ནས་ལན་བསྐྱོན་པས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གྲུབ་པ་དང་། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་འཕུར་མཆོང་གསར་པ་བྱུང་ཡོད། ཏང་གིས་མི་དམངས་ཀྱི་སྣེ་ཁྲིད་ནས་བསམ་བློར་བཅིངས་འགྲོལ་དང་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་བྱས་ནས། བསྒྱུར་བཅོས་སྒོ་དབྱེ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་རླབས་ཆེའི་གྲུབ་འབྲས་བཏོད་པ་དང་། རང་རྒྱལ་དུ་ཚད་མཐོའི་གཅིག་སྡུད་ཀྱི་འཆར་གཞིའི་དཔལ་འབྱོར་སྒྲིག་གཞི་ནས་གསོན་ཤུགས་རབ་ཏུ་རྒྱས་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲོམ་རའི་དཔལ་འབྱོར་སྒྲིག་གཞི་མངོན་གྱུར་བྱུང་བ་དང་། བཀག་སྡོམ་དང་ཕྱེད་བཀག་སྡོམ་རྣམ་པ་ནས་ཁྱོན་ཡོངས་སྒོ་དབྱེའི་ལོ་རྒྱུས་རང་བཞིན་གྱི་བརྗེ་བསྒྱུར་བྱུང་བ། ཐོན་སྐྱེད་ནུས་པ་ལྟོས་བཅས་རྗེས་ལུས་ཐེབས་པའི་རྣམ་པ་ནས་དཔལ་འབྱོར་སྤྱི་འབོར་འཛམ་གླིང་གི་ཨང་གཉིས་པར་སླེབས་པའི་ལོ་རྒྱུས་རང་བཞིན་གྱི་འགག་གཏོར་བྱུང་བ། མི་དམངས་ཀྱི་འཚོ་བ་ཟས་གོས་མི་འདང་བ་ནས་སྤྱི་ཡོངས་འབྱོར་འབྲིང་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་སུ་བསྐྱོད་པའི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་བྱུང་བ། ཀྲུང་ཧྭ་མི་རིགས་ཉིད་ཡར་ལངས་པ་ནས་ཕྱུག་པོར་གྱུར་བའི་རླབས་ཆེའི་འཕོ་འགྱུར་བྱུང་ཡོད། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཆེར་སྐྱེད་ཀྱི་འབད་འཐབ་རྣམ་པའི་ཐོག་ནས་འཛམ་གླིང་ལ་བསྒྱུར་བཅོས་སྒོ་དབྱེ་ནི་དེང་རབས་ཀྲུང་གོའི་མདུན་ལམ་དང་ལས་དབང་གཏན་འཁེལ་བྱེད་པའི་འགག་རྩའི་ཐབས་ཇུས་ཤིག་ཡིན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་ནི་ཀྲུང་གོ་དར་རྒྱས་གོང་འཕེལ་ལ་ཁྲིད་སྟོན་བྱེད་པའི་འགྲོ་ལམ་ཡང་དག་ཅིག་ཡིན་པས། ཀྲུང་གོས་གོམ་ཞེང་ཆེན་པོས་དུས་རབས་ཀྱི་རྗེས་སྙེགས་པ་རྔམ་བརྗིད་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཡོད་ཅེས་ནན་སྟོན་བྱས་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་ཤིང་། ཏང་ལ་འཕྲད་པའི་ལས་འགན་གཙོ་བོ་ནི། ལོ་བརྒྱ་ཐམ་པ་དང་པོའི་འབད་འཐབ་དམིགས་འབེན་མངོན་འགྱུར་ཡོང་བ་བྱ་རྒྱུ་དང་། ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་གསར་པའི་འགོ་བརྩམས་ནས། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་རླབས་ཆེའི་དམིགས་འབེན་མངོན་འགྱུར་ཐུབ་ཆེད་མུ་མཐུད་མདུན་སྐྱོད་བྱ་རྒྱུ་དེ་རེད། ཏང་གིས་མི་དམངས་ནས་རང་སྟོབས་རང་སྤེལ་དང་རང་སྲུང་གསར་གཏོད་བྱ་རྒྱུར་འགོ་ཁྲིད་གནང་སྟེ། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེའི་གྲུབ་འབྲས་བཏོད་ཡོད་ཅེས་བཏོན་ཡོད།
          ཚང་འཛོམས་གྲོགས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྐུ་ཚབ་གཙོ་བོ་གནང་བའི་ཀྲུང་གོའི་གུང་ཁྲན་ཏང་མིས། མར་ཁེ་སི་རིང་ལུགས་ཀྱི་རྩ་བའི་གཞུང་ལུགས་དེ་ཀྲུང་གོའི་ཞིབ་ཕྲའི་དོན་དངོས་དང་ཀྲུང་ཧྭ་ཡི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཟུང་དུ་འབྲེལ་རྒྱུ་རྒྱུན་འཁྱོངས་བྱས་པ་དང་། མའོ་ཙེ་ཏུང་གི་དགོངས་པ་དང་། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱས་པ། ཏང་དབུ་བརྙེས་ཚུན་ཐོབ་པའི་ལོ་རྒྱུས་ཀྱི་ཉམས་མྱོང་ལ་ཕྱོགས་བསྡོམས་དང་དེ་བཀོལ་སྤྱོད་གང་ལེགས་བྱས་པ། དོན་དངོས་གསར་པ་ནས་རྡོག་ཐོན་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་བཏོད་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་འབྲེལ་བ་ཡོད་པའི་གལ་ཆེའི་རིགས་པའི་གཞུང་ལུགས་དང་ལག་ལེན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་དགོངས་པ་གཏིང་ཟབ་པོ་བཞེས་པ་དང་ཚན་རིག་དང་མཐུན་པའི་བརྡར་གཅོད་གནང་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་གང་འདྲ་ཞིག་རྒྱུན་འཁྱོངས་དང་གོང་འཕེལ་གཏོང་བ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་རྒྱུན་འཁྱོངས་དང་གོང་འཕེལ་ཇི་འདྲ་གཏོང་མིན། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་སྟོབས་ཆེའི་རྒྱལ་ཁབ་དེ་གང་འདྲ་བྱས་ནས་འཛུགས་སྐྲུན་བྱ་མིན། ཡུན་རིང་སྲིད་འཛིན་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་གང་འདྲ་ཞིག་འཛུགས་སྐྲུན་བྱེད་པ་དང་། གང་འདྲ་བྱས་ནས་ཡུན་རིང་སྲིད་འཛིན་བྱེད་པའི་མར་ཁེ་སི་རིང་ལུགས་ཀྱི་སྲིད་ཏང་དེ་འཛུགས་སྐྲུན་བྱེད་མིན་སོགས་དུས་རབས་ཀྱི་དྲི་གཞི་གལ་ཆེན་དེ་དག་ལ། གསར་གཏོད་རང་བཞིན་གྱི་རྒྱལ་སྐྱོང་སྲིད་འཛིན་གྱི་འདུ་ཤེས་གསར་པ་དང་། བསམ་བློ་གསར་པ། འཐབ་ཇུས་གསར་པ་བཅས་བཏོན་ཡོད་ཅིང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་གསར་གཏོད་པ་གཙོ་བོར་གྱུར་ཡོད། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ནི། དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་དང་། དུས་རབས་ཉེར་གཅིག་པའི་མར་ཁེ་སི་རིང་ལུགས་ཡིན་པ་དང་། ཀྲུང་ཧྭ་ཡི་རིག་གནས་དང་ཀྲུང་གོའི་སྙིང་སྟོབས་ཀྱི་དུས་རབས་ཀྱི་སྙིང་བཅུད་ཡིན་པས། མར་ཁེ་སི་རིང་ལུགས་ཀྲུང་གོ་ཅན་དུ་འགྱུར་རྒྱུར་འཕོ་འགྱུར་གསར་པ་བྱུང་ཡོད། ཏང་གིས་བློ་མཐུན་ཞི་ཅིན་ཕིང་གི་ཏང་ཀྲུང་དབྱང་གི་སྲོག་ཤིང་གནས་བབ་དང་། ཏང་ཡོངས་ཀྱི་ལྟེ་བའི་གནས་བབ་གཏན་འཁེལ་མཛད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་མཛུབ་སྟོན་གནས་བབ་གཏན་འཁེལ་མཛད་པ། ཏང་ཡོངས་དང་། དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ཀྱི་ཐུན་མོང་གི་རེ་འདུན་མཚོན་ཡོད་ལ། དེར་དུས་རབས་གསར་པའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་དང་། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ལོ་རྒྱུས་འཕེལ་རིམ་ལ་སྐུལ་འདེད་གཏོང་བར་གཏན་འཁེལ་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ཅེས་ནན་སྟོན་བྱས་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་ལོ་རྒྱུས་ཀྱི་རང་འགུལ་སྙིང་སྟོབས་རླབས་པོ་ཆེ་དང་། ཆབ་སྲིད་ཀྱི་བློ་སྟོབས་ཆེན་པོ། འགན་འཁྲི་འཁུར་སེམས་ཆེན་པོ་བཅས་ལ་བརྟེན་ནས། རྒྱལ་ནང་དང་རྒྱལ་སྤྱིའི་གནས་བབ་ཧྲིལ་པོ་གཉིས་ལ་གཅིག་གྱུར་འཆར་འགོད་བྱས་པ་དང་། ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་། གཞི་རྩའི་ལམ་ཕྱོགས། གཞི་རྩའི་ཇུས་གཞི་ཆེན་མོ་བཅས་ལག་ལེན་མཐར་ཕྱིན་བསྟར་བ། རླབས་ཆེའི་འཐབ་རྩོད་དང་། རླབས་ཆེའི་ལས་གྲྭ། རླབས་ཆེའི་བྱ་གཞག རླབས་ཆེའི་ཕུགས་འདུན་བཅས་ལ་སྤྱི་འདོམས་བྱས་པ། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་སྤྱིའི་འཕེལ་ཕྱོགས་རྒྱུན་འཁྱོངས་བྱས་པ་བཅས་ཀྱི་ཐོག་ནས། བྱེད་ཕྱོགས་དང་སྲིད་ཇུས་གལ་ཆེན་རབ་དང་རིམ་པ་བཏོན་པ་དང་། བྱེད་ཐབས་གལ་ཆེན་རབ་དང་རིམ་པ་བཏོན་པ། ལས་དོན་གལ་ཆེན་རབ་དང་རིམ་པར་སྐུལ་འདེད་བཏང་བ། ཉེན་ཁ་དང་འགྲན་སློང་གལ་ཆེན་རབ་དང་རིམ་པ་ལས་རྣམ་པར་རྒྱལ་བ་བཅས་ཀྱིས། དུས་ཡུན་རིང་པོར་ཐག་གཅོད་བསམ་ཡང་ཐག་གཅོད་མ་ཐུབ་པའི་དཀའ་གནད་མང་པོ་ཐག་གཅོད་བྱས་པ་དང་། སྔོན་ཆད་བསྒྲུབ་བསམ་ཡང་བསྒྲུབས་མ་ཐུབ་པའི་དོན་ཆེན་མང་པོ་བསྒྲུབས་ཏེ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ཁག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་དང་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཡོང་རྒྱུར་སྐུལ་འདེད་བཏང་ཡོད་ཅེས་བསྟན་ཡོད་པ་རེད།
          ཚང་འཛོམས་གྲོས་ཚོགས་ཐོག་ནན་བཤད་བྱས་དོན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཏང་གི་ཁྱོན་ཡོངས་ཀྱི་འགོ་ཁྲིད་མཐའ་འཁྱོངས་བྱེད་པའི་ཐད་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་འགན་ལེན་ནུས་ལྡན་བྱུང་བ་དང་། ཏང་གི་འགོ་ཁྲིད་ལམ་ལུགས་མ་ལག་ཟམ་མི་ཆད་པར་འཐུས་སྒོ་ཚང་དུ་ཕྱིན་པ། ཏང་གི་འགོ་ཁྲིད་བྱེད་སྟངས་ཚན་རིག་དང་དེ་བས་མཐུན་པ། ཏང་ཡོངས་བསམ་བློའི་ཐོག་དེ་བས་གཅིག་གྱུར་དང་། ཆབ་སྲིད་ཐོག་དེ་བས་མཐུན་སྒྲིལ། བྱ་སྤྱོད་ཐོག་དེ་བས་གཅིག་མཐུན་བཅས་བྱུང་བ། ཏང་གི་ཆབ་སྲིད་ཀྱི་འགོ་ཁྲིད་ནུས་པ་དང་། བསམ་བློའི་ཁྲིད་སྟོན་ནུས་པ། མང་ཚོགས་སྒྲིག་འཛུགས་ཀྱི་ནུས་པ། སྤྱི་ཚོགས་ཀྱི་འབོད་སྐུལ་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད།  ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་ཐད་ཏང་གི་རང་ངོས་དྭངས་གཙང་དང་། རང་ངོས་འཐུས་ཚང་། རང་ངོས་གསར་བཅོས། རང་ངོས་མཐོར་གཏོང་བཅས་ཀྱི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་བྱེད་པའི་ལྷུག་ལྷོད་འཇམ་གསུམ་གྱི་གནས་ཚུལ་ལ་རྩ་བའི་ཆ་ནས་འགྱུར་ལྡོག་ཕྱིན་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཟིལ་གནོན་རང་བཞིན་གྱི་རྒྱལ་ཁ་ཐོབ་པ་དང་འབྲེལ་ཁྱོན་ཡོངས་ནས་སྲ་བརྟན་དུ་ཕྱིན་པ། གསར་བརྗེའི་རང་བཞིན་གྱི་སྦྱོང་བརྡར་ཁྲོད་ཏང་དེ་བས་སྲ་བརྟན་དུ་ཕྱིན་ཡོད། དཔལ་འབྱོར་འཛུགས་སྐྱོང་ཐད་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་གྱི་དོ་སྙོམས་རང་བཞིན་དང་། མཐུན་སྦྱོར་རང་བཞིན། རྒྱུན་མཐུད་རང་བཞིན་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ་དང་། རྒྱལ་ཁབ་ཀྱི་དཔལ་འབྱོར་སྟོབས་ཤུགས་དང་། ཚན་རྩལ་སྟོབས་ཤུགས། ཕྱོགས་བསྡུས་རྒྱལ་སྟོབས་བཅས་སྐས་རིམ་གསར་པར་སླེབས་པ། རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་དེ་བས་མཐོ་བ་དང་། ལས་ཕྱོད་དེ་བས་ཆེ་བ། དེ་བས་དྲང་སྙོམས། དེ་བས་རྒྱུན་མཐུད་ཐུབ་པ། དེ་བས་བདེ་འཇགས་བཅས་ཀྱི་འཕེལ་རྒྱས་ལམ་བུའི་ཐོག་སླེབས་ཡོད། སྒྱུར་བཅོས་སྒོ་དབྱེ་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་ཐད་ཏང་གིས་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་བས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་དེ་བས་འཐུས་ཚང་དང་དེ་བས་གཏན་འཁེལ་བྱུང་བ་དང་། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ། ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་ལ་སྐྱེ་སྟོབས་དང་གསོན་ཤུགས་གསར་པ་འཕེལ་ཡོད། ཆབ་སྲིད་འཛུགས་སྐྱོང་གི་ཐད་བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་ཧུར་ཐག་བཏང་བ་དང་། རང་རྒྱལ་གྱི་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་ལམ་ལུགས་ཅན་དང་། ཚད་ལྡན་ཅན། གོ་རིམ་ཅན་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་ཆབ་སྲིད་ལམ་ལུགས་ཀྱི་ཁྱད་འཕགས་རང་བཞིན་འདོན་སྤེལ་གང་ལེགས་བྱས་པ། སྐྱེ་སྟོབས་ཀྱི་དཔལ་འབར་བ་དང་ལྷིང་འཇགས་མཐུན་སྒྲིལ་གྱི་ཆབ་སྲིད་རྣམ་པ་སྲ་བརྟན་དང་འཕེལ་རྒྱས་བཏང་ཡོད། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་ཐད། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་ཕྱིན་པ་དང་། ཁྲིམས་སྐྱོང་ཀྲུང་གོ་འཛུགས་སྐྱོང་བྱེད་པའི་ཐད་གོམ་སྟབས་བརྟན་པོ་སྤོས་པ། ཏང་གིས་ཁྲིམས་སྐྱོང་བྱ་ཐབས་སྤྱད་དེ་རྒྱལ་ཁབ་ལ་འགོ་ཁྲིད་དང་བཅོས་སྐྱོང་བྱེད་པའི་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། རིག་གནས་འཛུགས་སྐྱོང་ཐད། རང་རྒྱལ་གྱི་འདུ་ཤེས་འཛིན་སྟངས་ཁྱབ་ཁོངས་ཀྱི་དུས་བབ་ལ་ཁྱོན་ཡོངས་རང་བཞིན་དང་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཕྱིན་པ་དང་། ཏང་ཡོངས་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་རིག་གནས་ཀྱི་བློ་སྤོབས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་པ། སྤྱི་ཚོགས་ཡོངས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་ཆེ་རུ་ཕྱིན་ནས་དུས་རབས་གསར་པར་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་རྣམ་པ་གསར་པ་གཏོད་ཆེད་སྲ་ཞིང་བརྟན་པའི་བསམ་བློའི་འགན་ལེན་དང་བསམ་པའི་སྟོབས་ཤུགས་མཁོ་འདོན་བྱས་ཡོད། སྤྱི་ཚོགས་འཛུགས་སྐྲུན་ཐད་མི་དམངས་ཀྱི་འཚོ་བ་ཕྱོགས་ཡོངས་ནས་ལེགས་སུ་ཕྱིན་པ་དང་། སྤྱི་ཚོགས་བཅོས་སྐྱོང་གི་སྤྱི་ཚོགས་ཅན་དང་། ཁྲིམས་སྐྱོང་ཅན། རིག་ནུས་ཅན། ཆེད་ལས་ཅན་བཅས་ཀྱི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་པ། མི་དམངས་བདེ་སྡོད་ལས་བརྩོན་དང་སྤྱི་ཚོགས་བརྟན་ལྷིང་དང་གོ་རིམ་ལྡན་པ་བཅས་ཀྱི་རྣམ་པ་བཟང་པོ་འཕེལ་རྒྱས་བཏང་བ། སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་མུ་མཐུད་བཏོད་ཡོད། འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ཐད་ཏང་ཀྲུང་དབྱང་གིས་སྔ་ན་མེད་པའི་ནུས་ཤུགས་ལ་བརྟེན་ནས་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་དམ་འཛིན་བྱེད་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་གལ་ཆེན་སྤོས་པས། རང་རྒྱལ་གྱི་འབྱུང་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་ལོ་རྒྱུས་རང་བཞིན་དང་། ཁ་ཕྱོགས་སྒྱུར་བའི་རང་བཞིན། ཁྱོན་ཡོངས་རང་བཞིན་བཅས་ཀྱི་འགྱུར་ལྡོག་བྱུང་ཡོད། རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ཐད་མི་དམངས་དམག་དཔུང་ལ་ཁྱོན་ཡོངས་རང་བཞིན་དང་གསར་བརྗེའི་རང་བཞིན་གྱི་བསྐྱར་སྒྲིག་བྱས་པ་དང་། བསྐྱར་སྒྲིག་བྱས་རྗེས་སླར་ཡང་མདུན་སྐྱོད་བྱེད་པ། རྒྱལ་སྲུང་དངོས་ཤུགས་དང་དཔལ་འབྱོར་དངོས་ཤུགས་དུས་གཅིག་ཏུ་ཆེ་རུ་ཕྱིན་པ། མི་དམངས་དམག་དཔུང་གིས་དུས་རབས་གསར་པའི་ལས་འགན་དང་འགན་འཁྲི་མཐའ་གཅིག་ཏུ་བསྒྲུབས་ནས་ཞུམ་མེད་ཀྱི་འཐབ་རྩོད་སྙིང་སྟོབས་དང་བྱ་སྤྱོད་དངོས་ཀྱི་ཐོག་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། གོང་འཕེལ་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱས་ཡོད། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོང་བྱེད་པའི་ཐད་རྒྱལ་ཁབ་ཀྱི་བདེ་འཇགས་ལ་ཁྱོན་ཡོངས་ནས་ཤུགས་སྣོན་ཐེབས་པ་དང་། ཆབ་སྲིད་དང་། དཔལ་འབྱོར། འདུ་ཤེས་འཛིན་སྟངས། རང་བྱུང་ཁམས་སོགས་ཐད་ཀྱི་ཉེན་ཁ་དང་འགྲན་སློང་གི་ཚོད་བགམ་ཐེག་ཐུབ་པས། ཏང་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་དང་ཡུན་རིང་བདེ་འཁོད་ཡོང་བར་འགན་ལེན་ནུས་ལྡན་བྱས་ཡོད། རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་མཐའ་འཁྱོངས་དང་མེས་རྒྱལ་གོང་བུ་གཅིག་གྱུར་ཡོང་བར་སྐུལ་འདེད་གཏོང་བའི་ཐད་ཏང་ཀྲུང་དབྱང་གིས་རྩ་ལག་མཉམ་བཅོས་ཀྱི་བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རྒྱལ་གཅེས་པས་ཤང་ཀང་སྐྱོང་རྒྱུ་དང་རྒྱལ་གཅེས་པས་ཨའོ་མོན་སྐྱོང་རྒྱུ་བློ་རྩ་བརྟན་པོས་དོན་འཁྱོལ་བྱས་པ། ཤང་ཀང་གི་གནས་བབ་ཟང་ཟིང་ནས་བཅོས་སྐྱོང་བྱེད་པའི་བར་གྱི་ཁ་ཕྱོགས་སྒྱུར་མཚམས་གལ་ཆེན་མངོན་འགྱུར་ཡོང་བར་སྐུལ་འདེད་བཏང་སྟེ་ཤང་ཀང་དང་ཨའོ་མོན་གཉིས་ཀ་ཁྲིམས་ལྟར་སྐྱོང་རྒྱུ་དང་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ལག་ལེན་བསྟར་རྒྱུ་དེ་བརྟན་ཐོག་རྒྱང་བགྲོད་ཐུབ་རྒྱུར་རྨང་གཞི་བརྟན་པོ་བཏིང་བ་རེད། ཀྲུང་གོ་གཅིག་གི་རྩ་དོན་དང་གོ་གཉིས་ལོའི་ཐུན་མོང་ངོས་འཛིན་རྒྱུན་འཁྱོངས་དང་། ཐའེ་ཝན་རང་བཙན་གྱི་ཁ་ཕྲལ་སྟོབས་ཤུགས་ལ་ངོ་རྒོལ་མཐའ་གཅིག་ཏུ་བྱེད་པ། ཕྱི་ཕྱོགས་སྟོབས་ཤུགས་ཀྱིས་ཐེ་ཇུས་བྱེད་པར་ངོ་རྒོལ་མཐའ་གཅིག་ཏུ་བྱས་ནས། མཚོ་འགག་གཡས་གཡོན་གཉིས་པོའི་འབྲེལ་བའི་གཙོ་ཁྲིད་དབང་ཆ་དང་རང་འགུལ་དབང་ཆ་དམ་འཛིན་ཡག་པོ་བྱས་ཡོད། ཕྱི་འབྲེལ་ལས་དོན་ཐད་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེ་མོའི་ཕྱི་འབྲེལ་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུ་དེ་དུས་རབས་ཀྱི་རླབས་རྒྱུན་དང་མིའི་རིགས་ཀྱི་མདུན་སྐྱོད་ཁ་ཕྱོགས་ལ་སྣེ་ཁྲིད་བྱེད་པའི་དར་ཆ་མངོན་གསལ་དོད་པོ་ཞིག་ཏུ་གྱུར་ཡོད། རང་རྒྱལ་གྱི་ཕྱི་འབྲེལ་གྱིས་འཛམ་གླིང་གི་འཕོ་འགྱུར་ཆེ་མོའི་ཁྲོད་གནས་བབ་གསར་པ་གཏོད་པ་དང་། འཛམ་གླིང་གི་ཟང་ཟིང་དུས་བབ་ཁྲོད་ཉེན་ཁ་གོ་སྐབས་སུ་འགྱུར་བ་བྱས་པས་རང་རྒྱལ་གྱི་རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་དང་། འབོད་སྐུལ་ནུས་པ། གསར་བཞེངས་ནུས་པ་བཅས་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད། ཀྲུང་གོའི་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ཀྱིས་དཔའ་ངར་ཞུམ་མེད་ཀྱི་འབད་འཐབ་ལ་བརྟེན་ནས་འཛམ་གླིང་ལ་ཀྲུང་ཧྭ་མི་རིགས་ཀྱིས་ཡར་ལངས་པ་དང་ཕྱུག་པོར་གྱུར་པ་ནས་སྟོབས་ལྡན་དུ་གྱུར་པའི་བར་གྱི་འཕུར་མཆོང་རླབས་པོ་ཆེ་ཞིག་བསུས་ཡོད་པ་བརྗིད་ཉམས་ལྡན་པའི་ངང་ཁྱབ་བསྒྲགས་བྱས་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག་ཀྲུང་གོ་གུང་ཁྲན་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་ལོ་རྒྱུས་དོན་སྙིང་བསྟན་ཡོད་པ་སྟེ། ཏང་གི་ལོ་བརྒྱའི་འབད་འཐབ་དེས་གཞི་རྩའི་ཐོག་ནས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་འགྱུར་ལྡོག་བཏང་ཡོད་པ་དང་། ཀྲུང་གོའི་མི་དམངས་བརྙས་བཅོས་དང་། གཉའ་གནོན། བྲན་གཡོག་བཅས་ཀྱི་ལས་དབང་ལས་རྦད་དེ་ཐར་ནས། རྒྱལ་ཁབ་དང་། སྤྱི་ཚོགས། རང་ཉིད་བཅས་ཀྱི་ལས་དབང་གི་བདག་པོར་གྱུར་བ་དང་། ཀྲུང་གོའི་མི་དམངས་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བ་སྐྱེལ་རྒྱུའི་རེ་འདུན་དེ་ཟམ་མི་ཆད་པར་དངོས་ཡོད་ལ་གྱུར་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཡང་དག་པའི་འགྲོ་ལམ་བཏོད་པ་དང་། ཀྲུང་གོས་ལོ་ངོ་བཅུ་ཕྲག་གི་དུས་ཚོད་ནང་དར་རྒྱས་ཆེ་བའི་རྒྱལ་ཁབ་ཀྱིས་ལོ་ངོ་བརྒྱ་ཕྲག་ཁ་ཤས་བསྐྱོད་པའི་བཟོ་ལས་ཅན་གྱི་ལོ་རྒྱུས་འཕེལ་རིམ་བརྒྱུད་ཡོད་པ་དང་། དཔལ་འབྱོར་མགྱོགས་མྱུར་གོང་འཕེལ་དང་སྤྱི་ཚོགས་ཡུན་རིང་བརྟན་ལྷིང་གི་ངོ་མཚར་ཆེན་པོ་གཉིས་བཏོད་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་མར་ཁེ་སི་རིང་ལུགས་ཀྱི་སྟོབས་ཆེའི་གསོན་ཤུགས་མངོན་པ་དང་། མར་ཁེ་སི་རིང་ལུགས་ཀྱི་ཚན་རིག་རང་བཞིན་དང་བདེན་དོན་རང་བཞིན་དེ་ཀྲུང་གོར་ཞིབ་བཤེར་གང་ལེགས་ཐུབ་པ། མར་ཁེ་སི་རིང་ལུགས་ཀྱི་མི་དམངས་རང་བཞིན་དང་ལག་ལེན་རང་བཞིན་དེ་ཀྲུང་གོར་ལག་བསྟར་གང་ལེགས་ཐུབ་པ། མར་ཁེ་སི་རིང་ལུགས་ཀྱི་སྒོ་དབྱེ་རང་བཞིན་དང་དུས་རབས་རང་བཞིན་དེ་ཀྲུང་གོར་གང་ལེགས་མངོན་ཐུབ་ཡོད།  ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་འཛམ་གླིང་ལོ་རྒྱུས་ཀྱི་འཕེལ་རིམ་ལ་ཤུགས་རྐྱེན་ཟབ་མོ་ཐེབས་ཡོད་པ་དང་། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་ནས་ཀྲུང་གོའི་རྣམ་པའི་དེང་རབས་ཅན་གྱི་འགྲོ་ལམ་ཐོག་ལེགས་གྲུབ་ལྡན་པའི་ངང་བསྐྱོད་ཐུབ་ཡོད་པ། མིའི་རིགས་ཀྱི་ཤེས་དཔལ་གྱི་རྣམ་པ་གསར་པ་བསྐྲུན་པ། གོང་འཕེལ་འགྲོ་བཞིན་པའི་རྒྱལ་ཁབ་དེང་རབས་ཅན་གྱི་ཁ་ཕྱོགས་སུ་འགྲོ་བའི་ལམ་བུ་རྒྱ་སྐྱེད་བཏང་ཡོད། ཏང་གི་ལོ་བརྒྱའི་འབད་འཐབ་ཀྱིས་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་ཀྲུང་གོ་གུང་ཁྲན་ཏང་ལ་ཞུན་བརྡར་བྱས་ནས་རླབས་ཆེའི་ཏང་འཛུགས་སྙིང་སྟོབས་འབྱུང་རྩར་བྱེད་པའི་བསམ་པའི་འབྱུང་རབས་ཤིག་ཆགས་ཡོད་པ་དང་། ཏང་གི་སྔོན་ཐོན་རང་བཞིན་དང་དྭངས་གཙང་རང་བཞིན་རྒྱུན་འཁྱོངས་ཐུབ་པ། ཏང་གི་སྲིད་འཛིན་ནུས་པ་དང་འགོ་ཁྲིད་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་བཅས་ཀྲུང་གོ་གུང་ཁྲན་ཏང་ནི་ངོ་གནོང་མི་དགོས་པའི་རླབས་ཆེ་ཞིང་གཟི་བརྗིད་ལྡན་ལ་ཡང་དག་པའི་ཏང་ཞིག་ཡིན་པ་བསྟན་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག ལོ་ངོ་བརྒྱ་ཡི་ནང་ཚུན་དུ། ཏང་གིས་མི་དམངས་ཀྱི་འགོ་ཁྲིད་དེ་རླབས་ཆེའི་འབད་འཐབ་བྱས་ཡོད་པ་དང་། རྩ་ཆེའི་ལོ་རྒྱུས་ཉམས་མྱོང་གསོག་འཇོག་བྱས་ཡོད། དེ་ནི་ཏང་གི་འགོ་ཁྲིད་རྒྱུན་འཁྱོངས་དང་། མི་དམངས་རྩ་བའི་རྩེ་ལ་འཛིན་རྒྱུ་རྒྱུན་འཁྱོངས། རིགས་པའི་གཞུང་ལུགས་གསར་གཏོད་རྒྱུན་འཁྱོངས། རང་བཙན་རང་བདག་རྒྱུན་འཁྱོངས། ཀྲུང་གོའི་འགྲོ་ལམ་རྒྱུན་འཁྱོངས། གནམ་འོག་བློ་ལ་གཤོངས་བ་རྒྱུན་འཁྱོངས། རྒྱ་སྐྱེད་གསར་གཏོད་རྒྱུན་འཁྱོངས། འཐབ་རྩོད་བྱེད་ཕོད་པ་རྒྱུན་འཁྱོངས། འཐབ་ཕྱོགས་གཅིག་འགྱུར་རྒྱུན་འཁྱོངས། རང་མོས་གསར་བརྗེ་རྒྱུན་འཁྱོངས་བཅས་བྱེད་པ་དེ་ཡིན། གོང་གསལ་གྱི་ནང་དོན་བཅུ་པོ་དེ་དག་ནི་ཡུན་རིང་གི་ལག་ལེན་དངོས་ལས་བྱུང་བའི་རྩ་ཆེའི་ཉམས་མྱོང་ཡིན་པ་དང་། དེ་ནི་ཏང་དང་མི་དམངས་ཀྱིས་ཐུན་མོང་ཐོག་བཏོད་པའི་བསམ་པའི་རྒྱུན་ནོར་ཡིན་པས། ངེས་པར་དུ་གཅེས་འཛིན་ལྡབ་བརྒྱ་དང་ཡུན་རིང་རྒྱུན་འཁྱོངས་བྱེད་དགོས་པ་མ་ཟད། དུས་རབས་གསར་པའི་ལག་ལེན་ཁྲོད་ཟམ་མི་ཆད་པར་ཕུན་སུམ་ཚོགས་སུ་གཏོང་བ་དང་གོང་འཕེལ་གཏོང་དགོས་ཞེས་བཏོན་ཡོད།
          ཚང་འཛོམས་གྲོས་ཚོགས་ཐོག ཐོག་མའི་བསམ་འདུན་མི་བརྗེད་ན། བྱ་བ་ཀུན་ནི་ལེགས་པར་གྲུབ། ཀྲུང་གོ་གུང་ཁྲན་ཏང་གིས་ཀྲུང་ཧྭ་མི་རིགས་ཀྱི་དུས་གཏན་གྱི་བྱ་གཞག་ཆེན་པོར་གཞི་ཚུགས་པ་དང་། ལོ་ངོ་བརྒྱ་ནི་དཔལ་གྱིས་ཕྱུག་པའི་དུས་ཚོད་ཅིག་ཡིན། འདས་ཟིན་པའི་ལོ་ངོ་བརྒྱའི་ནང་ཏང་གིས་མི་དམངས་དང་ལོ་རྒྱུས་ལ་ཕུལ་བྱུང་གི་རྒྱུགས་ལན་ཞིག་ཕུལ་ཡོད། ད་ཆ། ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སླར་ཡང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པའི་འགྲོ་ལམ་ཐོག་ཏུ་བསྐྱོད་བཞིན་ཡོད། ཏང་ཡོངས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་ནི་གང་འདྲ་ཞིག་ཡིན་པ་དང་བྱ་བ་གང་ཞིག་བསྒྲུབ་དགོས་པའི་གཞི་རྩའི་གནད་དོན་བློ་ལ་བརྟན་པོར་ངེས་པ་དང་ལོ་རྒྱུས་གོང་འཕེལ་གྱི་འཕེལ་ཕྱོགས་ཆེན་པོ་ཁོང་དུ་ཆུད་པ་བྱས་ཏེ། ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། ཐོག་མའི་འགན་འཁྲི་བློ་ལ་བརྟན་པོར་ངེས་པ། སྔ་ཕྱི་བར་གསུམ་དུ་ཁེངས་སྐྱུང་དོ་ནན་བྱེད་པ། ང་རྒྱལ་ཁེངས་དྲེགས་སྤོང་བ། དཀའ་སྤྱད་འབད་འཐབ་བྱེད་པ། ཉེན་ཁ་གང་རུང་ལ་མི་སྐྲག་པ་དང་། འགོག་རྐྱེན་གང་རུང་ལ་མགོ་མི་རྨོངས་པ། གཞི་རྩའི་རང་བཞིན་གྱི་གནད་དོན་ཐད་རྩ་སློག་རང་བཞིན་གྱི་ནོར་འཁྲུལ་རྩ་བ་ནས་མི་ཤོར་བ་བཅས་བྱས་ཏེ། དོན་ཆེན་གཅིག་གི་ཆེད་དུ་བློ་རྩ་བརྟན་པོས་མདུན་བསྐྱོད་བྱས་ནས་གཏན་འཁེལ་ཟིན་པའི་དམིགས་འབེན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཐུབ་པ་བྱེད་པ་དང་། ལེ་དབར་བརྒྱ་ལ་བསྐྱོད་མཁན་གྱིས་ལེ་དབར་དགུ་བཅུར་སླེབས་རུང་ལྷོད་གཡེངས་མི་བྱེད་པ་དང་འབད་འཐབ་ལྷོད་མེད་ཀྱི་སྒོ་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་ལ་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས་ཞེས་བཏོན་ཡོད་པ་རེད།  
          ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་ཀྱིས་ངེས་པར་དུ་མར་ཁེ་སི་ལེ་ཉིན་རིང་ལུགས་དང་། མའོ་ཙེ་ཏུང་གི་དགོངས་པ། ཏེང་ཞའོ་ཕིང་གི་རིགས་པའི་གཞུང་ལུགས། མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་བཅས་རྒྱུན་འཁྱོངས་བྱེད་དགོས་པ་དང་། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་ལེན་བསྟར་བ། མར་ཁེ་སི་རིང་ལུགས་ཀྱི་ལངས་ཕྱོགས་དང་ལྟ་བ། བྱེད་ཐབས་བཅས་སྤྱད་དེ་དུས་རབས་ལ་རྟོག་དཔྱོད་བྱེད་པ་དང་། དུས་རབས་ཁོངས་སུ་ཆུད་པ་བྱེད་པ། དུས་རབས་ལ་སྣེ་ཁྲིད་བྱེད་པ་བཅས་ཀྱིས་གུང་ཁྲན་ཏང་གི་སྲིད་སྐྱོང་ཆོས་ཉིད་དང་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་བྱེད་པའི་ཆོས་ཉིད། མིའི་རིགས་ཀྱི་སྤྱི་ཚོགས་གོང་འཕེལ་གཏོང་བའི་ཆོས་ཉིད་བཅས་ལ་འཛིན་པའི་ངོས་འཛིན་ཟམ་མི་ཆད་པར་གཏིང་ཟབ་ཏུ་གཏོང་དགོས། ངེས་པར་དུ་ཏང་གི་གཞི་རྩའི་རིགས་པའི་གཞུང་ལུགས་དང་གཞི་རྩའི་ལམ་ཕྱོགས། གཞི་རྩའི་བྱེད་ཐབས་བཅས་རྒྱུན་འཁྱོངས་བྱས་ནས། འདུ་ཤེས་བཞི་ཆེ་རུ་གཏོང་བ་དང་བློ་སྤོབས་བཞི་བརྟན་དུ་གཏོང་བ། སྲུང་སྐྱོབ་གཉིས་ཐུབ་པ་བཅས་བྱེད་པ་དང་། རྒྱུད་ཁོངས་ཀྱི་ལྟ་བ་རྒྱུན་འཁྱོངས་བྱེད་པ་དང་གནས་ལྔ་གཞི་གཅིག་གི་སྤྱིའི་བཀོད་ཇུས་ལ་གཅིག་གྱུར་འཆར་འགོད་བྱེད་པ། ཁྱོན་ཡོངས་བཞིའི་འཐབ་ཇུས་ཀྱི་བཀོད་སྒྲིག་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། གོང་འཕེལ་གྱི་དུས་མཚམས་གསར་པར་གཞི་ཚུགས་པ་དང་གོང་འཕེལ་གྱི་འདུ་ཤེས་གསར་པ་དོན་འཁྱོལ་བྱེད་པ། གོང་འཕེལ་གྱི་གནས་སྟངས་གསར་པ་འཛུགས་པ། སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ། ཁྱོན་ཡོངས་ནས་བསྒྱུར་བཅོས་སྒོ་དབྱེ་གཏིང་ཟབ་ཏུ་གཏོང་བ། ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་བ། ཚན་རྩལ་རང་བརྟེན་རང་བདག་ལ་སྐུལ་འདེད་གཏོང་བ། བརྒྱུད་རིམ་ཧྲིལ་པོའི་མི་དམངས་དམངས་གཙོ་གོང་འཕེལ་གཏོང་བ། མི་དམངས་ཀྱི་རང་ཁྱིམ་རང་བདག་ལ་འགན་ལེན་བྱེད་པ་བཅས་བྱས་ཏེ། ཁྱོན་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་རྒྱུ་རྒྱུན་འཁྱོངས་དང་། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་མ་ལག་རྒྱུན་འཁྱོངས། གོང་འཕེལ་ཁྲོད་དམངས་འཚོར་འགན་ལེན་དང་ལེགས་བཅོས་བྱེད་རྒྱུ་རྒྱུན་འཁྱོངས། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་རྒྱུན་འཁྱོངས་བཅས་བྱེད་པ་དང་། གོང་འཕེལ་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་དུ་འགྱུར་བར་བྱེད་པའི་མྱུར་ཚད་མགྱོགས་སུ་གཏོང་བ། མི་དམངས་ཕྱུག་འགྱུར་དང་རྒྱལ་ཁབ་སྟོབས་འབྱོར་མངའ་ཐང་རྒྱས་པ། མཛེས་པའི་ཀྲུང་གོ་བསྐྲུན་རྒྱུ་བཅས་ལ་མཐུན་སྦྱོར་ངང་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད། 
          ཚང་འཛོམས་གྲོས་ཚོགས་ཐོག ཏང་ཡོངས་ཀྱིས་ངེས་པར་དུ་མི་དམངས་མང་ཚོགས་བར་གྱི་ཤ་ཁྲག་ལྟ་བུའི་འབྲེལ་བ་ནམ་ཡང་རྒྱུན་འཁྱོངས་བྱས་ནས། མི་དམངས་ལྟེ་བར་བྱེད་པའི་གོང་འཕེལ་གྱི་བསམ་བློ་ལག་ལེན་བསྟར་བ་དང་། ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་རྩ་བའི་ཁེ་ཕན་མངོན་འགྱུར་ཡག་པོ་དང་སྲུང་སྐྱོབ་ཡག་པོ། གོང་འཕེལ་ཡག་པོ་གཏོང་བ་བཅས་རྒྱུན་ཆད་མེད་པར་བྱེད་དགོས་ཤིང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་ཀྱིས་མཛེས་སྡུག་ལྡན་པའི་འཚོ་བའི་ཆེད་དུ་འབད་འཐབ་བྱེད་དགོས། ཏང་ཡོངས་ཀྱིས་ངེས་པར་དཀའ་སྡུག་ཁུར་དུ་བཟོད་ན་བྱ་གཞག་དར། བདེ་དགའ་སྐྱིད་ལ་ཆགས་ན་རྒུད་དུ་འགྱུར་བ་དང་། རྒྱང་རིང་ཕུགས་འཕེར་ལ་བསམ་བློ་གཏོང་བ། བདེ་དུས་ཉེན་དྲན་བློ་ལ་བརྟན་པོར་ངེས་ཏེ། དུས་རབས་གསར་པའི་ཏང་གི་འཛུགས་སྐྱོང་གི་རླབས་ཆེན་ལས་གྲྭ་གསར་པར་མུ་མཐུད་དེ་སྐུལ་འདེད་གཏོང་བ་དང་། སྒོ་ཀུན་ནས་ཏང་ནན་པོས་སྐྱོང་རྒྱུ་རྒྱུན་འཁྱོངས་དང་བློ་བརྟན་འགྱུར་མེད་སྒོ་ནས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་སྐུལ་འདེད་བཏང་ཐོག འགོག་མི་ཐུབ་པ་དང་གནོན་མི་ཐུབ་པའི་སྒོ་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་གྲུ་གཟིངས་དེ་རླབས་གཤག་རླུང་གཏོར་དང་ཞུམ་མེད་མདུན་སྐྱོད་བྱེད་པར་སྐུལ་འདེད་གཏོང་དགོས་ཞེས་ནན་སྟོན་བྱས་ཡོད་པ་རེད། 
          ཚང་འཛོམས་གྲོས་ཚོགས་ཐོག ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་ཉི་ཤུ་པ་དེ་སྤྱི་ལོ་2022ལོའི་ལོ་སྨད་ལ་པེ་ཅིང་དུ་སྐོང་འཚོག་བྱ་རྒྱུའི་གཏན་འཁེལ་ཡོད་པ་རེད། ཚང་འཛོམས་གྲོས་ཚོགས་ཐོག ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་ནི་རང་རེའི་ཏང་འདི་ཉིད་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པ་དང་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་གྱི་རྒྱང་སྐྱོད་གསར་པའི་ཕྱོགས་སུ་བསྐྱོད་པའི་དུས་སྐབས་གལ་ཆེན་འདིར་སྐོང་འཚོག་བྱ་རྒྱུའི་གལ་འགངས་ཤིན་ཏུ་ཆེ་བའི་འཐུས་མིའི་ཚོགས་ཆེན་ཞིག་ཡིན་པ་དང་། ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པས། ཏང་ཡོངས་ནས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱས་ཏེ་དཀའ་གནད་འགག་སྒྲོལ་དང་གསར་གཏོད་འབད་འབུངས་ཀྱིས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྒོ་ཀུན་ནས་འཛུགས་སྐྲུན་བྱེད་པ་དང་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་བྱ་གཞག་ལ་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བཅས་ཀྱི་ཆེད་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་བ་དང་། ཕུལ་བྱུང་གི་གྲུབ་འབྲས་ཐོག་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་སྐོང་འཚོག་བྱ་རྒྱུར་བསུ་བ་ཞུ་དགོས་པའི་ངོས་འཛིན་བྱས་ཡོད། 
          ཏང་ཀྲུང་དབྱང་གིས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་བཅས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། ཁྱོན་ཡོངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ལག་ལེན་བསྟར་བ། རླབས་ཆེའི་ཏང་འཛུགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེར་གཏོང་བ། འདས་ཟིན་པའི་དཀའ་གནད་དང་གཟི་བརྗིད་བརྗེད་མི་ཉན་པ། དེང་གི་ལས་འགན་དང་འགན་འཁྲིར་ངོ་མི་གནོང་བ། འབྱུང་འགྱུར་གྱི་རླབས་ཆེན་ཕུགས་འདུན་ཆུད་ཟོས་སུ་མི་གཏོང་བ། ལོ་རྒྱུས་མེ་ལོང་དུ་འཛིན་པ་དང་འབྱུང་འགྱུར་གསར་དུ་གཏོད་པ། དཀའ་སྤྱད་འབད་སྒྲུབ་དང་དཔའ་ངར་ཆེན་པོས་མདུན་དུ་སྐྱོད་པ་བཅས་ཀྱིས་ལོ་བརྒྱ་ཐམ་པ་གཉིས་པའི་འབད་འཐབ་དམིགས་འབེན་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་ཆེད་འབད་བརྩོན་ལྷོད་མེད་བྱེད་དགོས། འདས་ཟིན་པའི་ལོ་བརྒྱའི་ནང་རླབས་ཆེན་གྱི་རྒྱལ་ཁ་དང་གཟི་བརྗིད་ཐོབ་པའི་ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་མི་དམངས་ལ་དུས་རབས་གསར་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཐོག་ཏུ་དེ་བས་རླབས་ཆེ་བའི་རྒྱལ་ཁ་དང་གཟི་བརྗིད་ཐོབ་ངེས་ཡིན་པར་ང་ཚོར་ཡིད་ཆེས་ཀྱིས་ཁེངས་ཡོད་ཅེས་འབོད་སྐུལ་བྱས་ཡོད། 
རྩོམ་སྒྲིག་པ། བདེ་སྒྲོན།