ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཉེ་དུས་ལས་བྱེད་པ་དང་མང་ཚོགས་ཚང་མས་འདིའི་སྐོར་གླེང་བཞིན་འདུག

སྤེལ་དུས 2021-11-15 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
           ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་གྲོལ་རྗེས། བོད་རང་སྐྱོང་ལྗོངས་ཀྱི་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་ཡོད།
           བོད་ལྗོངས་མི་རིགས་སློབ་ཆེན་ལུས་རྩལ་སློབ་གླིང་གི་འཆད་ཁྲིད་དགེ་རྒན་ཀྲུའུ་ཡ་ཁྲེང་གིས་ཚང་འཛོམས་གྲོས་ཚོགས་གྲོལ་རྗེས་འཕྲལ་མར་ཚང་འཛོམས་གྲོས་ཚོགས་ཀྱི་སྤྱི་བསྒྲགས་སློབ་སྦྱོང་བྱས་པ་རེད། ཁོང་གིས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་སྤྱི་བསྒྲགས་ནང“སྔོན་ཆད་ང་ཚོར་གྲུབ་འབྲས་ཐོབ་དོན་གང་ཡིན་པ་དང་འབྱུང་འགྱུར་ང་ཚོས་ཇི་ལྟར་བྱས་ཚེ་མུ་མཐུད་གྲུབ་འབྲས་ཐོབ་ཐུབ་པ”གསལ་བཤད་གཏིང་ཟབ་བྱས་ཡོད། ལུས་རྩལ་སློབ་གསོའི་ལས་དོན་པ་ཞིག་གི་ངོས་ནས། སླད་ཕྱིན་ལུས་རྩལ་ཚན་རིག་ཞིབ་འཇུག་ལས་དོན་ཁྲོད“ལུས་རྩལ་སྟོབས་ཆེན་ཁུལ་གཏོད་པར་སྐུལ་འདེད་བཏང་སྟེ་མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་གསར་པ་འཛུགས་སྐྲུན་བྱ་ཆེད་ལུས་རྩལ་གྱི་སྟོབས་ཤུགས་སྐྱེས་སུ་འབུལ་བ”ཞིབ་འཇུག་གི་ཁ་ཕྱོགས་དང་ལས་འགན་གལ་ཆེན་ལ་བརྩི་གི་ཡིན་ཞེས་བཤད་པ་རེད།
           བོད་ལྗོངས་དངུལ་རྩའི་བཟོ་ཚོགས་ཀྱི་ཆེད་བསྐོས་ཀྲུའུ་རེན་གཞོན་པ་ཏེའོ་ཡན་གྱིས་འདས་ཟིན་པའི་ལོ་ངོ་བརྒྱའི་རིང་ཏང་གིས་ང་ཚོ་མི་རིགས་ཁག་གི་མི་དམངས་ལ་གནང་བའི་ཕུལ་བྱུང་གི་རྒྱུགས་ལན་འབྱོར་བྱུང་། ད་ལྟ་ཏང་གིས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ་སླར་ཡང་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱེད་པའི་རྒྱུགས་འབུལ་ལམ་གསར་པར་སྐྱོད་བཞིན་ཡོད། དུས་རབས་གསར་པའི་དངུལ་རྩའི་བཟོ་ཚོགས་ཀྱི་ལས་དོན་པ་ཞིག་གི་ངོས་ནས། སླད་ཕྱིན་གྱི་ལས་ཀའི་ནང་ང་ཚོས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་དང་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་བས་མཐུན་སྒྲིལ་དམ་ཟབ་བྱས་ནས། ལས་བཟོའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱེད་པའི་གཞི་རྩའི་འགན་འཁྲི་ལྷག་བསམ་རྣམ་དག་ངང་ལག་ལེན་བསྟར་ཏེ་བོད་ཀྱི་དངུལ་རྩའི་བྱ་གཞག་བརྟན་ལྷིང་ཡོང་བ་བྱེད་ཀྱི་ཡིན་ཞེས་བཤད་པ་རེད།
           ལྷོ་ཁ་གྲོང་ཁྱེར་གྲ་ནང་རྫོང་རྣམ་སྲས་གླིང་གྲོང་ཚོའི་ཧྲུའུ་ཅི་དང་པོ་ཙེང་མིང་ཆང་གིས“ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་བྱས་རྗེས། ང་ལ་ཀྲུང་གོ་གུང་ཁྲན་ཏང་གི་རླབས་ཆེན་དང་། གཟི་བརྗིད། ཡང་དག་པ་བཅས་སྔར་བས་མྱོང་ཚོར་ཐུབ་བྱུང་། སླད་ཕྱིན་གྱི་ལས་ཀའི་ནང་ངས་ལས་དོན་དང་ཟུང་འབྲེལ་བྱས་ཏེ། བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གཏིང་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་བོད་དུ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལྟར་འགན་འཁྲི་དང་ལས་འགན་བློ་ལ་བརྟན་པོར་འཆང་བ་དང་། མི་དམངས་གོང་དུ་བཀུར་རྒྱུ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་སྣེ་ཁྲིད་དེ་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་ནས། མང་ཚོགས་ཀྱིས་དེ་བས་མཛེས་སྡུག་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད་པ་རེད།
རྩོམ་སྒྲིག་པ། སྣང་རྡོར།