ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2021ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་གལ་ཆེན་བཅུ”ལ་བྱ་དགའ་སྤྲོད་པའི་མཛད་སྒོ་འཚོཌ་པ།

སྤེལ་དུས 2022-04-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཚེས་8ཉིན་གྱི་དགོང་མོར། 2021ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་གལ་ཆེན་བཅུ”ལ་བྱ་དགའ་སྤྲོད་པའི་མཛད་སྒོ་བོད་རང་སྐྱོང་ལྗོངས་ཁྲིམས་འཛིན་ཐིང་དུ་འཚོགས་པ་རེད།
  ད་ཐེངས་ཀྱི་དཔྱད་འདེམས་བྱེད་སྒོ་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་རིམ་པ་བཞིན་འོས་སྦྱོར་དང་། རིགས་གཅིག་མཁས་ཅན་གྱིས་ཞིབ་དཔྱད། འོས་མིའི་རྒྱབ་ལྗོངས་ལ་ཞིབ་བཤེར་སོགས་ཀྱི་ལྷུ་ཚིགས་བརྒྱུད། 2021ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་གལ་ཆེན་བཅུ”དཔྱད་འདེམས་བྱས་པ་རེད། ཁོང་རྣམ་པ་ནི་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ཡུལ་སྨད་གྲོང་ཚོའི་ཡུལ་མི་སྒྲོལ་དཀར་དང་། གཞིས་རྩེ་མཐའ་མཚམས་དོ་དམ་ཉིང་ལག་རུ་ཁག་ཇོ་མོ་གླང་མ་མཐའ་མཚམས་མངགས་གཏོང་ཁང་གི་སུའོ་ཀྲང་སྐལ་བཟང་། བོད་ལྗོངས་ཁྲིམས་ལུགས་ཚགས་པར་གྱི་སྤྱི་ཁྱབ་རྩོམ་སྒྲིག་པ་གཞོན་པ་ཀྲང་ལི་ལི། ཉིང་ཁྲི་གྲོང་ཁྱེར་སྨན་གླིང་རྫོང་གནས་ཡུལ་ལྷོ་པ་མི་རིགས་ཤང་ཚལ་ཁྲོབ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་པོར། ལྷ་ས་གྲོང་ཁྱེར་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་པུའུ་གཉིས་པའི་ཀྲུའུ་རེན་ཞུའེ་ཁྲང་། ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཟླ་བ། བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་ཉི་འོད་གཞུང་དཔང་ཁྲུའི་ཀྲུའུ་རེན་གཞོན་པ་ངག་དབང་ལྷ་མོ། རྒྱལ་ཁབ་གསར་སྤེལ་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་ཏང་ཨུད་ཀྱི་ཧྲུའུ་ཅི་དང་ཧང་ཀྲང་ཚུའེ་ཞའོ་ཧྥུང་། གཞིས་རྩེ་གྲོང་ཁྱེར་ཞིང་འབྲོག་ལས་ཚན་རིག་ཞིབ་འཇུག་ཁྱབ་སྤེལ་ལྟེ་གནས་ཀྱི་ཀྲུའུ་རེན་གཞོན་པ་ཟླ་བ་བཟང་པོ། མངའ་རིས་ས་ཁུལ་མཚོ་ཆེན་རྫོང་ཨུད་ཀྱི་དེ་སྔའི་རྒྱུན་ཨུ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ལིན་ཅང་ཕིང(འདས་ཟིན)བཅས་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། 2021ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི“ཁྲིམས་སྐྱོང་མི་སྣ་གལ་ཆེན་བཅུའི”དཔྱད་འདེམས། དྲིལ་བསྒྲགས་ཀྱི་བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི།“ཁྲིམས་སྐྱོང་བོད་ལྗོངས”སྤུས་རྟགས་སུ་བྱས་པའི་ཁྲིམས་སྐྱོང་མི་སྣའི་གཟུགས་བརྙན་མི་སེམས་སུ་གཏིང་ཟབ་ཟུག་པར་བྱས་ནས། ཀྲུང་གོའི་ཁྱད་ཆོས་དང་བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་ཁྲིམས་སྐྱོང་རིག་གནས་ལྗོངས་ཡོངས་སུ་བརྒྱུད་བསྒྲགས་རྒྱ་ཁྱབ་དང་། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་དོན་ཆེན་བཞི་ལ་ཞབས་འདེགས་ཞུ་བ་དང་འགན་ལེན་བྱེད་རིང་གི་ཁྲིམས་སྐྱོང་གི་ནུས་པ་འདོན་པ། ཁྲིམས་སྐྱོང་ལག་བསྟར་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཁྱིམ་གཞིས་སྐྲུན་པ་བཅས་ཀྱི་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་དད་སེམས་དང་ཆོད་སེམས་ཟམ་མི་ཆད་པ་བརྟན་དུ་གཏོང་བ་བཅས་བྱས་ཏེ། ཁྲིམས་སྐྱོང་དྲིལ་བསྒྲགས་གསོན་ཉམས་དོད་པ་དང་། མི་སེམས་སུ་ཟུག་པར་བྱས་ནས། རྒྱལ་ཁབ་ཀྱི་འདུ་ཤེས་དང་། སྤྱི་དམངས་ཀྱི་འདུ་ཤེས། ཁྲིམས་སྐྱོང་གི་འདུ་ཤེས་བཅས་སྔར་བས་ཟབ་ཏུ་གཏོང་ཆེད་རེད།
རྩོམ་སྒྲིག་ན། བདེ་སྒྲོན།