ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཁོང་ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་འདུག

སྤེལ་དུས 2022-05-05 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
        ཉེ་ཆར་གུང་གཞོན་སྡེ་ཚོགས་ཀྲུང་དབྱང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་སྐབས26པ་སྤྲད་ཅིང་། གཞོན་ནུ122ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་པ་དང་། མཉམ་སྡེབ33ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་མཉམ་སྡེབ་གཟེངས་རྟགས་ཐོབ་པ་རེད།
        བོད་ལྗོངས་སའི་གོ་ལའི་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུ་དགེ་ལེགས་པ་སངས་ལ་ཀྲུང་གོའི་གཞོན་ནུའི་ལྔ་བཞིའི་གཟེངས་རྟགས་ཐོབ་པ་རེད།
བློ་མཐུན་དགེ་ལེགས་པ་སངས་ཀྱི་བྱས་རྗེས་མདོར་བསྡུས།
        དགེ་ལེགས་པ་སངས། ཕོ། བོད་རིགས། 1985ལོའི་ཟླ6པར་སྐྱེས། ཀྲུང་གུང་ཏང་ཡོན། རབ་འབྱམས་ཞིབ་འཇུག་སློབ་མའི་སློབ་རྒྱུས་ལྡན། ད་ལྟ་བོད་ལྗོངས་སའི་གོ་ལའི་སྣེ་གསུམ་པའི་ཐོན་ལས་འཕེལ་རྒྱས་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་དང་རྒྱལ་ཡོངས་གཞོན་ནུ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྒྱུན་ཨུའི་འགན་འཁུར་བཞིན་ཡོད། ཁོང་གིས་སའི་གོ་ལའི་སྣེ་གསུམ་པའི་འཛུགས་སྐྲུན་ལ་ཧུར་ཐག་ཞུགས་ནས་བོད་ལྗོངས་ས་ཁོངས་ཀྱི་སྤྱི་པའི་སྤུས་རྟགས་བཏོད་པ་དང་། ཁྱད་ལྡན་ལེགས་ཆའི་ཐོན་ལས་རྒྱ་སྟོབས་ཆེ་རུ་མཐའ་འཁྱོངས་བཏང་ནས་ཁ་ཆེ་ཤ་སྐམ་དང་ནས་ཀྱི་ཕྱོགས་བསྡུས་ཐོན་རྫས་སོགས་ཐོན་རྫས་རིགས7དང་སྣ་ཁ34ཞིབ་འཇུག་གསར་སྤེལ་བྱས་ཡོད། ཁོང་གིས་དེ་སྔའི་ལྷ་སའི་ཀོ་ཆས་བཟོ་གྲྭ་དང་ཉིང་ཁྲིའི་བལ་ལས་བཟོ་གྲྭའི་སླར་གསོ་བསྐྱར་སྐྲུན་རྣམ་གྲངས་ཀྱི་འགན་ཁུར་ནས། ཞིང་འབྲོག་པ་ཁྲི16གི་འབབ་འཕར་ཕྱུག་འགྱུར་གྱི་ཐབས་ལམ་རྒྱ་ཆེར་ནུས་ལྡན་བཏང་བ་མ་ཟད། རང་འགུལ་ངང་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་ནས་མི382ཀྱི་ལས་ཞུགས་གནད་དོན་ཐག་གཅོད་བྱས་པ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།