ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

▶འབར་ཁམས་ས་ཡོམ་སྐོར་གྱི་གནས་ཚུལ་གསར་པ།

སྤེལ་དུས 2022-06-14 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  
  ས་ཡོམ་གྱི་ལྟེ་བ་ཚོ་བདུན་ཤང་གི་ཆུ་དང་གློག འཕྲིན་གཏོང་བཅས་སླར་གསོ་བྱུང་བ།
  སི་ཁྲོན་རྔ་བ་ཁུལ་འབར་ཁམས་གྲོང་ཁྱེར་དུ་“6·10”ས་ཡོམ་བརྒྱབ་རྗེས། ས་ཡོམ་གྱི་ལྟེ་བ་ཚོ་བདུན་ཤང་གི་ལམ་དང་། གློག འཕྲིན་གཏོང་བཅས་ལ་སྐབས་ཤིག་རིང་ཤུགས་རྐྱེན་ཐེབས་ཡོད་མོད། རོགས་སྐྱོར་ཕྱོགས་ཁག་གིས་མགྱོགས་མྱུར་ཉམས་གསོ་བྱས་པ་བརྒྱུད།  ཚེས་11ཉིན་གྱི་ཕྱི་དྲོར། ས་ཡོམ་གྱི་ལྟེ་བ་ཚོ་བདུན་ཤང་གི་ལམ་ཤར་གཏོང་ཐུབ་ཡོད་པ་དང་།  ཚེས་12ཉིན་གྱི་ཆུ་ཚོད་14ཐོག ཚོ་བདུན་ཤང་སྲིད་གཞུང་གནས་ཡུལ་གྱི་གློག་དང་། འཕྲིན་གཏོང་། ཆུ་བཅས་རྒྱུན་གཏན་ལྟར་སླར་གསོ་བྱུང་ཡོད། 
   
  སི་ཁྲོན་ཞིང་ཆེན་ནོར་སྲིད་ཐིང་རྔ་བ་ཁུལ་ནོར་སྲིད་ཅུས་ཀྱིས་འཕྲལ་མྱུར་ངང་“འབར་ཁམས་ས་ཡོམ་”གྱི་ཡོམ་འགོག་གེགས་སེལ་གྲོན་དངུལ་གཏོང་སྤྲོད་བྱས། 
  འབར་ཁམས་སུ་ས་ཡོམ་རིམ་པ་6.0བརྒྱབ་རྗེས། ཞིང་ཆེན་དང་། ཁུལ། རྫོང་བཅས་ནོར་སྲིད་ཀྱིས་འཕྲལ་དུ་ནོར་སྲིད་ཀྱི་འཕྲལ་སྡོམ་སྔོན་ཇུས་ལག་བསྟར་བྱས་ཏེ།  མ་དངུལ་གཏོང་སྤྲོད་བྱེད་པའི“ཐོགས་མེད་བགྲོད་ལམ”ཕྱེ་ནས་ནུས་ཤུགས་ཡོད་རྒུས་ཉེན་སེལ་གེགས་སེལ་གྱི་ལས་དོན་ཁག་གི་མ་དངུལ་འགན་ལེན་བྱས་ཡོད། ཞིང་ཆེན་ནོར་སྲིད་ཐིང་གིས་འཕྲལ་མྱུར་ངང་ཡོམ་འགོག་གེགས་སེལ་མ་དངུལ་སྒོར་ཁྲི་5000ཆེད་མངགས་སྐོང་བསྡུ་བྱས་པ་དང་། རྔ་བ་ཁུལ་ནོར་སྲིད་ཅུས་ཀྱིས་གནོད་འཚེ་ཕོག་པའི་རྫོང་(གྲོང་ཁྱེར)ལ་ཁག་དང་པོའི་འཕྲལ་སྡོམ་གྲོན་དངུལ་སྒོར་ཁྲི་3000བཀོད་སྒྲིག་བྱས་ཡོད་ཅིང་། དེ་དག་ལས་འབར་ཁམས་གྲོང་ཁྱེར་ལ་སྒོར་ཁྲི་1000དང་། ཆུ་ཆེན་རྫོང་ལ་སྒོར་ཁྲི་500 འཛམ་ཐང་རྫོང་ལ་སྒོར་ཁྲི་500 རྔ་བ་རྫོང་ལ་སྒོར་ཁྲི་500 ཁྱུང་མཆུ་རྫོང་ལ་སྒོར་ཁྲི་500བཅས་བཀོད་སྒྲིག་བྱས་ཡོད།  
རྩོམ་སྒྲིག་པ། བདེ་སྒྲོན།