ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཕོ་བྲང་པོ་ཏ་ལའི་བགྲོད་ལམ་གསར་པ།

སྤེལ་དུས 2022-06-29 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
        ཁ་སང་།  ཕོ་བྲང་པོ་ཏ་ལའི་དོ་དམ་ཁྲུའུ་ཡིས་འཕྲལ་སྡོམ་སྔོན་ཇུས་ལག་ལེན་དུ་བསྟར་ཏེ།  ཉིན་དེར་འགྲུལ་པའི་ཁ་གྲངས་མི5000ལས་བརྒལ་ཚེ། བགྲོད་ལམ་ཨང2པ་སྒོ་ཕྱེ་ནས་སྣེ་ལེན་བྱེད་ཚད་མི2000མང་དུ་བཏང་སྟེ། སྤ་སེ་ཉོ་བར་དཀའ་བའི་གནད་དོན་སེལ་ཐབས་བྱ་རྒྱུ་རེད།
        སྤ་སེའི་རིན་གོང་།
        སྤ་སེའི་རིན་གོང་ནི་དུས་ཚིགས་གང་དེའི་སྤ་སེའི་རིན་གོང་གི50%ཡིན་ལ། གཟིགས་སྐྱོང་སྲིད་ཇུས་དང་དེ་སྔའི་ལམ་ཐིག་གཅིག་མཚུངས་རེད།
        མངག་ཉོ་བྱེད་སྟངས།
        ཡུལ་དངོས་ལ་སོང་ནས་ཉིན་རྗེས་མའི་སྤ་སེ་མངག་ཉོ་བྱེད་པ།
        མངག་ཉོའི་དུས་ཚོད།
        མངག་ཉོའི་སྒེའུ་ཁུང་གི་ལས་སྒོ་ཕྱེ་བའི་དུས་ཚོད།  ཞོགས་པའི་ཆུ་ཚོད8:30ནས་སྤ་སེ་བཙོང་ཚར་བའི་བར།
        མངག་ཉོ་བྱེད་ས།
        ཁྲེང་ཀོན་ཆུས་པེ་ཅིང་དཀྱིལ་ལམ་ཨང35པའི་ཕོ་བྲང་པོ་ཏ་ལའི་སྤ་སེ་སྔོན་མངག་ཁྲུའུ།
        བགྲོད་ལམ་གཉིས་པའི་ལྟ་སྐོར་ལྗོངས་རྒྱུའི་ལམ་ཐིག་གཤམ་གསལ་ལྟར།
        ཞོལ་གྲོང་ཁྱེར།(ལུང་ཤར་གཞིས་ཁྱིམ་དང་། མཁན་ཟུར་གཞིས་ཁྱིམ། དངུལ་ལོར་བཟོ་གྲྭ། ཞོལ་པ་ལས་ཁུངས། ཞོལ་བཙོན་ཁང་། ཆང་ཚང་།)དེ་རྗེས་རིམ་བཞིན་བདེ་གཡང་ཤར་དང་། ཕོ་བྲང་དཀར་པོའི་ཁྱམས་ར། ཤར་རྩེ་ལྷ་ཁང་། ནུབ་རྩེ་ལྷ་ཁང་། རིག་འཛིན་ལྷ་ཁང་། རྒྱལ་དབང་ལྔ་པའི་གདུང་རྟེན་ལྷ་ཁང་། སྤྱན་རས་གཟིགས་ཀྱི་འཁྲུངས་རབས་ལྷ་ཁང་བཅས།
        རིམས་ནད་སྔོན་འགོག་དང་ཚོད་འཛིན།
        རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བླང་བྱ་ལྟར། ཁྱེད་ཀྱིས་བློ་བདེ་བག་ཕེབས་ངང་ཕོ་བྲང་པོ་ཏ་ལར་ལྟ་སྐོར་ཡག་པོ་བྱ་ཆེད། ངེས་པར་དུ་ལས་བྱེད་མི་སྣར་གཞོགས་འདེགས་བྱས་ནས་གཤམ་གྱི་ལས་དོན་ཁག་ལེགས་པོར་བསྒྲུབ་དགོས།
        ①ལམ་ཐིག་གི་ཨང་རྟགས་དང་། བོད་ལྗོངས་ཤར་བགྲོད་བདེ་ཐང་ཨང་རྟགས་སྟོན་པ་དང་། གནས་ཡུལ་གྱི་ཨང་རྟགས་བཤེར་དགོས། གལ་སྲིད་ལམ་ཐིག་གཱའི་ཐོག་ཏུ་བོད་ལྗོངས་ཀྱི་ཕྱི་རུ་ཕྱིན་པའི་གནས་ཚུལ་ཡོད་ཚེ། ལྷ་ས་གྲོང་ཁྱེར་གྱི་རིམས་འགོག་བླང་བྱ་གཞིར་བཟུང་ནས་ཉིང་སྐྱུར་བཤེར་འཇལ་གྱི་སྲིབ་གཤིས་སྙན་ཞུ་ངེས་པར་དུ(དཔང་ཡིག)མཁོ་འདོན་བྱེད་པ་དང་བོད་ལྗོངས་སུ་ཡོང་བའི་སྙན་སེང་གི་ཆ་འཕྲིན(ལྷ་ས་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་སྲིད་ཇུས་ཀྱི་གཏན་འབེབས་གཞིར་བཟུང་ལག་བསྟར་བྱེད་དགོས)སོགས་མཁོ་འདོན་བྱེད་དགོས།
        ②སྤ་སེ་ཞིབ་བཤེར། གེགས་མེད་རང་བཞིན་གྱི་དམར་ཕྱིའི་དཔྱད་ཆས་ཀྱིས་བཤེར་བ།
        ③ལུས་དྲོད་འཇལ་བ། ལུས་དྲོད37.4℃ལས་མཐོ་ཚེ། ཡང་བསྐྱར་གཞལ་དགོས། གལ་ཏེ་ཐེངས་གཉིས་པར་བསྐྱར་དུ་འཇལ་སྐབས་སུ (འཇལ་ཐེབས་སྔོན་མ་དང་དུས་ཡུན་སྐར་མ5-10འཇོག་དགོས)ལུས་དྲོད་སྔར་བཞིན37.4℃ལས་མཐོ་ན། ཐོ་འགོད(མིང་དང་། ཐོབ་ཐང་ལག་ཁྱེར། འབྲེལ་གཏུག་ཁ་པར། སྡོད་གནས་སོགས)བྱེད་དགོས།
        ④ངེས་པར་དུ་ལམ་ཐིག་ཧྲིལ་པོར་ཁ་རས་བརྒྱབ་ནས། སྔ་གཞུག་གཉིས་ཀྱི་བར་ཐག་ལ་སྨི་གཅིག་དང་ཕྱེད་ཀ་འཇོག་དགོས།
        ⑤བདེ་འཇགས་ཞིབ་བཤེར། བཀག་སྡོམ་བྱས་པའི་དངོས་པོ་ཁྱེར་མི་རུང་།
རྩོམ་སྒྲིག་པ། བདེ་སྒྲོན།