ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ན་ཆུང་བུ་མོ་འདིས་ལྷ་མོའི་རྣམ་ཐར་འགྲན་སྡུར་ནང་ཨང་དང་པོ་བླངས།

སྤེལ་དུས 2022-07-25 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
         ཇི་སྐད་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་ཧྭ་མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་བློ་གྲོས་སྙིང་བཅུད་གནས་ས་དང་། ཀྲུང་ཧྭ་མི་རིགས་ཀྱི་རྩ་བ་དང་རྣམ་ཤེས་ཡིན་ལ། ང་ཚོ་འཛམ་གླིང་རིག་གནས་ཁྲོད་འགྲེང་བའི་རྨང་རྡོ་ཡང་ཡིན་ཞེས་གསུངས་གནང་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དང་དར་སྤེལ་གང་ལེགས་ཕྱིན་ཡོད་ཅིང་། སྤྱི་ཚོགས་ཁྱོན་ལ་མཁས་བརྒྱ་འགྲན་གླེང་དང་མེ་ཏོག་མཉམ་བཞད་གི་རྣམ་པ་བཟང་པོ་ཞིག་ཆགས་ཡོད།

         དེ་ཡང་། ཉེ་ཆར་བོད་ལྗོངས་སུ་བོད་ལྗོངས་རིག་གནས་སྒྱུ་རྩལ་དུས་ཆེན་སྐབས་དང་པོ་འགོ་ཚུགས་པ་དང་བསྟུན་ནས་སྣ་མང་བྱེད་སྒོ་རབ་དང་རིམ་པ་ཚ་ཚ་འུར་འུར་ངང་སྤེལ་བཞིན་ཡོད་ཅིང་། དེའི་ཁྲོད་ནས་བོད་རང་སྐྱོང་ལྗོངས་ལྷ་མོ་ཚོགས་པའི་ཟློས་གར་ཁང་ནང་གཉེར་བའི་གནའ་ཉམས་ལྡན་པའི་བོད་ཀྱི་ལྷ་མོའི་རྣམ་ཐར་འགྲན་སྡུར་ཆེ་མོར་སྐྱེ་བོ་ཀུན་གྱིས་དོ་སྣང་ཆེན་པོ་བྱེད་པ་དང་། དེ་བས་ཀྱང་རྒྱལ་ཕམ་ཐག་གཅོད་འགྲན་སྡུར་ནང་ལྷ་ས་གྲོང་ཁྱེར་ཁྲེན་ཀོན་ཆུས་ཀྱི་སློབ་ཆུང་གཉིས་པའི་ན་ཆུང་བུ་མོ་འཆི་མེད་སྒྲོལ་དཀར་གྱིས་མི་སེམས་འགུལ་བའི་མགྲིན་དབྱངས་སྙན་མོས་པད་མ་འོད་འབར་འཁྲབ་གཞུང་ནང་གི་༼ལྷ་རིགས་བྲམ་ཟེའི་༽རྣམ་ཐར་ལེན་ཏེ་བྱ་དགའ་རིམ་པ་དང་པོ་བླངས་པར་སྐྱེ་བོ་ཀུན་གྱིས་ཡིད་སྨོན་དང་བསྟོད་པའི་མེ་ཏོག་ཡང་ཡང་གཏོར་བ་རེད།

         ན་ཆུང་བུ་མོ་འཆི་མེད་སྒྲོལ་དཀར་གྱིས་བླངས་པའི་སྙན་འཇེབས་ལྡན་པའི་ལྷ་མོའི་རྣམ་ཐར་གྱི་འགྱུར་ཁུག་དང་ཁོང་ལ་ཐོབ་པའི་དགའ་འོས་པའི་གྲུབ་འབྲས་ལས་ང་ཚོས་ཨ་ཅེ་ལྷ་མོ་ལྟ་བུ་བོད་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་འགྲོ་བའི་རྣམ་པ་བཟང་པོ་ཞིག་མིག་ལམ་དུ་ཁྲ་ལྷམ་མེར་མངོན་ཡོང་གི་འདུག །
རྩོམ་སྒྲིག་པ། རིག་གྲོལ།