ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་འདུ་འགོད་ལ་རྟོག་ཞིབ་གནང་།

སྤེལ་དུས 2022-07-26 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  འདི་ནི་བྱང་རིའི་ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་ཝང་ཅུན་ཀྲེང་གིས་ལྷ་སའི“སྔོ་ལྗང་གྲོང་སྐོར”གྱི་མཐའ་འཁོར་རི་སྟེང་གི་ནགས་བཟོའི་གནས་ཚུལ་ངོ་སྤྲོད་གསན་བཞིན་པ།
  ཉེ་ཆར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་འདུ་འགོད་ལ་བརྟག་ཞིབ་གནང་སྐབས། ཞི་ཅིན་ཕིང་གི་སྐྱེ་ཁམས་ཤེས་དཔལ་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ཉམས་མྱོང་ཕྱོགས་སྡོམ་དང་གྲུབ་འབྲས་བརྟན་དུ་གཏོང་བ་དང་། ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་ལམ་སྲོལ་གསར་གཏོད་བྱེད་པ། འགོ་འཛུགས་ས་མཐོ་པོའི་ཐོག་ནས་སྔོ་འགྱུར་ནགས་བཟོའི་ལས་དོན་ཇུས་འགོད་དང་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ལྷ་སའི་ལྷོ་བྱང་རི་བོ་བོད་ལྗོངས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་བཀྲག་མདངས་འཚེར་བའི་མིང་བྱང་དུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྲོང་ཡན་དང་། ཁྲེན་ཡུང་ཆི། ཕུར་བུ་དོན་གྲུབ། ཟླ་བ་ཚེ་རིང་། རྡོ་ཐོགས། ལེ་ཀུའེ་ལུང་བཅས་བརྟག་ཞིབ་ལ་ཞུགས་ཡོད་པ་རེད།
  ཆར་པ་བབས་རྗེས་ལྷ་སའི་མཁའ་རླུང་དེ་བས་བསིལ་དུ་སོང་། ལྷ་ཀླུ་འདམ་རའི་སྐྱེ་ཁམས་སླར་གསོ་ཁུལ་དུ་ཝང་ཅུན་ཀྲེང་གིས་ཞབས་ཐང་མར་ཤིང་འཛུགས་ནགས་བཟོའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ལྗོན་ཤིང་གི་ཁྱད་ཆོས་དང་། སྐྱེ་འཚར་གྱི་དུས་འཁོར། རྒྱུན་གཏན་གྱི་བདག་སྐྱོང་སོགས་ཀྱི་གནས་ཚུལ་བཀའ་འདྲི་གནང་བ་མ་ཟད། ཚང་མ་དང་མཉམ་དུ་ལྕང་ཁུང་འདྲུ་བ་དང་། ས་སྐྱོར་སྐོང་བ། ཆུ་རྒྱག་པ་བཅས་གནང་ནས་ལྕང་སོན་བཏབ་གནང་བ་རེད། ཝང་ཅུན་ཀྲེང་གིས་སྔོ་ལྗང་གིས་བརྒྱན་པའི་ལྷ་ཀླུ་འདམ་རར་རྒྱང་ལྟ་གནང་བཞིན་ཤིང་འཛུགས་ནགས་བཟོ་ནི་བྱས་རྗེས་དེང་འདིར་འཇོག་པ་དང་ཕན་པ་བསྐལ་བརྒྱར་ཐོབ་པའི་བྱ་བ་ཞིག་རེད། རང་བྱུང་གི་ཆོས་ཉིད་ལ་བསྟུན་པ་དང་ཤིང་འཛུགས་འཚམ་སར་ཤིང་འཛུགས་རྒྱུ་མཐའ་འཁྱོངས་བྱས་ཏེ། གླ་ཚེར་དང་ཤུག་པ་སོགས་གསོན་སླ་བའི་ས་གནས་དེ་རང་གི་ལྗོན་ཤིང་བདམས་ནས་གསོན་ཚད་དང་ནགས་བཟོ་སྲུང་སྐྱོང་བྱེད་ཚད་ཆེ་རུ་ཏན་ཏིག་གཏོང་དགོས། སྔོ་འགྱུར་ནི་མི་དམངས་ཀྱི་ཆེད་དུ་ཡིན་པ་དང་སྔོ་འགྱུར་གྲུབ་འབྲས་མི་དམངས་ཀྱིས་མཉམ་སྤྱོད་ཐུབ་པ་མཐའ་འཁྱོངས་དང་ཞིང་འབྲོག་མང་ཚོགས་ཤིང་འཛུགས་ནགས་བཟོའི་ནང་ཞུགས་པར་སྒྲིག་འཛུགས་ཧུར་ཐག་བྱས་ཏེ་ལྗང་མདོག་འཕེལ་རྒྱས་ཁྲོད་ནས་མང་ཚོགས་ལ་ཕན་པ་ཐོབ་པ་དང་ཕན་པ་དངོས་ཐོབ་པ་བྱེད་དགོས་ཞེས་གསུངས་པ་རེད།
  ལྷ་སའི་ལྷོ་བྱང་རི་བོའི་སྔོ་འགྱུར་འདུ་འགོད་དེ་ལྷ་སའི་སྐྱེ་ཁམས་ཁོར་ཡུག་ལེགས་སུ་གཏོང་བ་དང་མང་ཚོགས་ཀྱི་འཚོ་བའི་ཁོར་ཡུག་སྤུས་ཚད་མཐོ་རུ་གཏོང་བར་དོན་སྙིང་གལ་ཆེན་ལྡན་ཡོད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱི་རེ་སྒུག་ཟབ་མོ་བཅོལ་ས་ཡིན། ཝང་ཅུན་ཀྲེང་བྱང་རིའི་ཤིང་འཛུགས་ནགས་བཟོ་བྱ་ཡུལ་དུ་ཕེབས་ནས་ལྷ་སའི“སྔོ་ལྗང་གྲོང་སྐོར”ཉེ་འཁོར་གྱི་རི་སྟེང་ཤིང་འཛུགས་ནགས་བཟོའི་གནས་ཚུལ་ངོ་སྤྲོད་གསན་ཞིང་། དེ་སྔོན་བཙུགས་པའི་ཤུག་པ་ཡག་པོ་སྐྱེས་ཡོད་པ་གཟིགས་སྐབས་ཝང་ཅུན་ཀྲེང་གིས་སྔོ་འགྱུར་ནགས་བཟོའི་ལས་དོན་ལ་ཁས་ལེན་གནང་བ་རེད། ཁོང་གིས་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་འདུ་འགོད་ནི་ཡུན་རིང་གི་འདུ་འགོད་ཅིག་ཡིན། བརྒྱུད་རིམ་ལྡན་པའི་བསམ་གཞིག་ལ་བརྟེན་ནས་འཆར་འགོད་ལ་སྐུལ་འདེད་གཏོང་བ་དང་། ཤུགས་སྣོན་ཆད་མེད་དང་སྙིང་རུས་གཏན་འཁྱོངས་བྱེད་པ། རིམ་པ་ཁག་གི་འགོ་ཁྲིད་ལས་བྱེད་པས་སྲིད་སྐྱོང་བྱས་རྗེས་ལྟ་བ་ཡང་དག་འཛུགས་པ། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་འགོག་པ། མགྱོགས་མྱུར་གྲུབ་འབྲས་ཐོབ་རེའི་བསམ་བློ་འགོག་པ། བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་བསམ་པའི་འཁྱེར་སོ་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་བཅས་ཀྱི་སྒོ་ནས་བུ་རབས་ཚ་རྒྱུད་ལ་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་འཇོག་དགོས། འཆར་འགོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་ཁྱེར་དུ“དཔྱིད་ཀར་མེ་ཏོག་བཞད་པ་དང་། དབྱར་ཁ་ལྗོན་ཤིང་གི་བསིལ་གྲིབ་ཡོད་པ། སྟོན་ཉམས་ཡོད་པ། དགུན་དུས་སྔོ་ལྗང་མཐོང་རྒྱུ་ཡོད་པ”བཅས་བྱས་ནས་གྲོང་ཁུལ་སྐྱེད་ཚལ་གྱི་སྔོ་ལྗང་གི་སྤུས་ཚད་དང་སྔོ་འགྱུར་གྱི“རྣམ་པ”ཟམ་མི་ཆད་པར་ཟབ་ཏུ་གཏོང་དགོས། གྲོང་མིར་ཁང་པའི་རྒྱབ་མདུན་དུ་མེ་ཏོག་དང་རྩྭ་རྩི་ཤིང་འདེབས་རྒྱུར་ལྕག་སྐུལ་བྱས་ནས་གྲོང་གསེབ་སྔོ་འགྱུར་དང་སྒོ་ར་མཛེས་སུ་གཏོང་བར་སྐུལ་འདེད་བཏང་སྟེ“སྔོ་ལྗང་གྱང་སྐོར”བརྟན་དུ་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  ལྷ་ས་ཨར་འདམ་བཟོ་གྲྭའི་གཏེར་རི་སྐྱེ་ཁམས་བཅོས་སྐྱོང་ཁུལ་དུ་ཝང་ཅུན་ཀྲེང་གིས་བཀའ་འདྲི་ཞིབ་ཚགས་གནང་བ་དང་ངོ་སྤྲོད་ནན་ཏན་ངང་གསན་ཞིང་། ཁོང་གིས་འབྲེལ་ཡོད་སྡེ་ཚན་གྱིས་འགན་འཁྲི་ནན་དུ་གཏོང་བ་དང་རང་འགན་གཙང་སྒྲུབ་ནན་ཏན་བྱས་ཏེ་ཤིང་འཛུགས་ནགས་བཟོའི་ལས་འགན་ཁག་ཇི་མ་ཇི་བཞིན་ལེགས་སྒྲུབ་བྱེད་དགོས། ཚན་རྩལ་གྱི་ཁྲིད་སྟོན་ལ་ཤུགས་སྣོན་དང་། བྱ་ཐབས་གསར་གཏོད། རིར་ཆུ་འདྲེན་ནགས་བཟོ་བཅས་བྱས་ནས་སྔོ་འགྱུར་གྱི་རྒྱ་ཁྱོན་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། སྔོ་འགྱུར་གྱི་བྱེད་ཐབས་དང་རྣམ་པ་གསར་གཏོད་བྱེད་པར་གཙིགས་ཆེན་བྱས་ཏེ་ལད་མོ་རུང་བ་དང་ཁྱབ་གདལ་ཆོག་པའི་ཉམས་མྱོང་ཞིག་ཆགས་པ་བྱས་ནས་ལྷ་ས་འདི་ཉིད་གང་མགྱོགས་སྔོ་འགྱུར་དང་མཛེས་སྡུག་ལྡན་པ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
ཝང་ཅུན་ཀྲེང་གིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་ཏན་ཏིག་གཏོང་བ་དང་ཏང་དང་རྒྱལ་ཁབ་བྱ་གཞག་གི་སྤྱི་ཡོངས་ཀྱི་མཐོ་ཚད་ནས་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་ལ་སྐུལ་འདེད་གཏོང་བའི་བསམ་བློ་ཆབ་སྲིད་ཀྱི་རང་རྟོགས་ཟམ་མི་ཆད་པར་ཆེ་རུ་གཏོང་བ་དང་བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ས་ཆ་སྔོ་འགྱུར་བྱ་སྤྱོད་སྤེལ་བ་དང་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་སྐུལ་སློང་བཀོད་སྒྲིག་ཚོགས་འདུའི་བཀོད་སྒྲིག་གཞིར་ བཟུང་ལྷ་སའི་ལྷོ་བྱང་རི་བོ་སྔོ་འགྱུར་འདུ་འགོད་དམ་འཛིན་བྱ་གཞིར་བྱས་ཏེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྱོང་ཐད་བོད་ལ་གྲུབ་འབྲས་གསར་པ་ཐོབ་པ་དང་རྣམ་པ་གསར་པ་གཏོད་པར་ཟམ་མི་ཆད་པར་སྐུལ་འདེད་གཏོང་དགོས། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ཡིན་པའི”འདུ་ཤེས་ལག་བསྟར་གཏིང་ཟབ་བྱས་ནས་བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་འཇོག་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པ་དང་། སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་བྱ་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཐོག་བཞག་ནས་གངས་ལྗོངས་ས་མཐོའི་སྲོག་ཆགས་དང་། རྩྭ་རྩི་ཤིང་། རི་ཆུ་ཀླུང་གསུམ་བཅས་ལ་སྲུང་སྐྱོང་ཡག་པོ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བཙུགས་ཏེ་སྐྱེ་ཁམས་ལ་བརྟེན་ནས་དམངས་ཕྱུག་དམངས་ཕན་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང་། སྐྱེ་ཁམས་ཕྱོགས་བསྡུས་ཁ་གསབ་ལམ་སྲོལ་དོན་འཁྱོལ་བྱེད་པ། མང་ཚོགས་སྒྲིག་འཛུགས་བྱས་ཏེ་ནགས་བཟོའི་འདུ་འགོད་འགན་གཙང་ལེན་པ། ལྗོན་ཤིང་མང་ཙམ་འཛུགས་པ་དང་། ཡག་པོ་འཛུགས་པ། དོ་དམ་ཡག་པོ་བྱེད་པ། ནགས་ཁྲོད་དཔལ་འབྱོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བཅས་བྱས་ཏེ་མང་ཚོགས་སྐྱེ་ཁམས་འཛུགས་སྐྱོང་ནང་ཞུགས་ནས་ཕྱུག་འགྱུར་ལམ་བུར་བསྐྱོད་པ་དང་སྐྱེ་ཁམས་ལས་ཕན་པ་ཐོབ་པ་བྱེད་དགོས། ཡུལ་བབ་དང་བསྟུན་རྒྱུ་མཐའ་འཁྱོངས་དང་། བོད་ཀྱི་དོན་དངོས་དང་བསྟུན་པ། སྔོ་ལྗང་འཚམ་སར་སྔོ་ལྗང་འདེབས་པ་དང་། ས་རྒོད་འཇོག་དགོས་སར་ས་རྒོད་འཇོག་པ། ཤིང་འཛུགས་འཚམ་སར་ཤིང་འཛུགས་པ། ཆུ་འདྲེན་འཚམ་སར་ཆུ་འདྲེན་པ། རྩྭ་འདེབས་འཚམ་སར་རྩྭ་འདེབས་བཅས་བྱེད་པ། ཚན་རིག་དང་མཐུན་ལ་ལུགས་མཐུན་ངང་ནགས་བཟོའི་ཤིང་རིགས་དང་ནགས་བཟོའི་རྣམ་པ་མི་འདྲ་བ་གཏན་འཁེལ་བྱེད་པ། ཚན་རིག་དང་མཐུན་པའི་ངང་སྔོ་འགྱུར་ལྕང་སོན་འདེམས་པ་དང་། བདག་སྐྱོང་། དོ་དམ་སྲུང་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ། ཐོག་མཐའ་བར་གསུམ་དུ་རང་བྱུང་ཁམས་ལ་བརྩི་འཇོག་དང་། རང་བྱུང་ཁམས་ལ་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་སྐྲུན་དགོས་པའི་ནན་བཤད་གནང་བ་རེད། །
རྩོམ་སྒྲིག་པ། བདེ་སྒྲོན།