ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་མངའ་རིས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཧུར་ཐག་བྱས་པ།

སྤེལ་དུས 2022-11-17 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།

པར་འདི་ནི་མངའ་རིས་ས་ཁུལ་གྱི་ལས་ཁུངས་ཁག་གི་འཐུས་མིས་གཅིག་བསྡུས་སྒོས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུར་ལྟ་བཞིན་པའི་རྣམ་པ་རེད། 

           ཉེ་སྔོན། བོད་རང་སྐྱོང་ལྗོངས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གྱི་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུ་ལྷ་ས་གྲོང་ཁྱེར་བོད་ལྗོངས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་པ་རེད། ལྷ་ས་དང་བར་ཐག་སྤྱི་ལེ་སྟོང་གཅིག་ལྷག་ཡོད་པའི་མངའ་རིས་ས་ཁུལ་གྱི་མི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱིས་གཅིག་བསྡུས་ངང་བལྟས་པ་དང་ཉན་ནས་སློབ་སྦྱོང་ཧུར་ཐག་བྱས། ལས་བྱེད་མང་ཚོགས་ཚོས་མགྲིན་གཅིག་ཏུ་ཕྱོགས་ཡོངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ཏེ། བློ་བརྟན་འགྱུར་མེད་ངང“གཏན་ཕབ་གཉིས”བརྩི་སྲུང་བྱེད་པ་དང“སྲུང་སྐྱོང་གཉིས”ལེགས་པོར་སྒྲུབ་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ནི་བརྗོད་གཞི་ཡིན་པ་རྒྱུན་འཁྱོངས་བྱས་ནས་མངའ་རིས་ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་ཡུན་རིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བསྟན།
  “རྗེས་མར། ང་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་ལ་མུ་མཐུད་ཤུགས་བསྣན་ནས། ལས་བྱེད་པ་དང་ལས་བཟོ་བ་ཡོངས་ཀྱི་སྣེ་ཁྲིད་དེ་བསམ་བློ་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱས་ཏེ། ཏང་གི་ཚོགས་ཆེན་ཉི་ཤུ་པའི་གཏན་འཁེལ་བྱས་པའི་ལས་འགན་ཁག་ཐོག་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། ང་ཚོར་ཏང་གི་སྟོབས་ལྡན་མགོ་ཁྲིད་འོག་རླབས་ཆེའི་འཐབ་རྩོད་སྤེལ་བ་དང་རླབས་ཆེའི་ལས་གཞི་བསྐྲུན་པ། རླབས་ཆེའི་བྱ་གཞག་ལ་སྐུལ་འདེད་དང་རླབས་ཆེན་གྱི་ཕུགས་འདུན་མངོན་འགྱུར་ཡོང་བར་ཡིད་ཆེས་དང་ཆོད་སེམས་བརྟན་པོ་ཡོད”ཅེས་རུ་ཐོག་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ཅུའུ་ཀྲང་ཆོས་འཕེལ་གྱིས་བཤད།

པར་འདི་ནི་རུ་ཐོག་རྫོང་རང་བྱུང་ཐོན་ཁུངས་ཅུའུ་ཡི་ལས་བྱེད་པ་དང་ལས་བཟོ་བས་ཀྲུང་དབྱང་སྒྲོག་འགྲེལ་ཚོགས་པའི་སྙན་ཞུའི་ཚོགས་འདུར་ལྟ་བཞིན་པའི་རྣམ་པ་རེད། 
  “སླད་ཕྱིན་གྱི་ལས་དོན་ཁྲོད། ང་ཚོས་ཐོག་མཐའ་བར་གསུམ་དུ་དངུལ་རྩའི་ཆབ་སྲིད་རང་བཞིན་དང་མི་དམངས་རང་བཞིན་རྒྱུན་འཁྱོངས་བྱས་ནས། མངའ་རིས་ས་ཁུལ་གྱི་སྤྱི་ཚོགས་བརྟན་བརླིང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཆེད་ཀྲུང་གོ་དངུལ་ཁང་གི་སྟོབས་ཤུགས་འབུལ་དགོས”ཞེས་ཀྲུང་གོ་དངུལ་ཁང་མངའ་རིས་ཡན་ལག་དངུལ་ཁང་གི་ཏང་ཨུའི་ཧྲུའུ་ཅིའམ་ཧང་ཀྲང་ཀུའུ་ཝེ་ཡིས་བཤད།
  “ངས་ཐེངས་འདིའི་སྙན་ཞུ་ཚོགས་འདུའི་དགོངས་དོན་ལས་ཁུངས་སུ་དྲིལ་སྒྲོག་དང་སྒྲོག་འགྲེལ་ལེགས་པོ་དང་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཛུབ་སྟོན་དུ་བྱས་ཏེ། སླད་ཕྱིན་ལས་དོན་ཁྲོད་གནམ་གཤིས་ནི་རང་བྱུང་གནོད་འཚེ་སྔོན་འགོག་དང་གེགས་སེལ་གྱི་འགོག་སྲུང་འཛིང་རགས་དང་པོ་ཡིན་པའི་བྱེད་ནུས་འདོན་སྤེལ་བྱས་ནས། མངའ་རིས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་མངའ་རིས་ས་ཁུལ་གནམ་གཤིས་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ལིས་ཏུང་དབྱང་གིས་བཤད། 
  མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་བདེ་མཆོག་གྲོང་ཚོའི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མི་ཉི་སྐྱིད་ཕ་ཡུལ་དུ་ལོག་རྗེས། དུས་ཐོག་ཏུ་ཏང་གི་ཚོགས་ཆེན་ཉིི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་གྱི་རྩ་གནད་བྲིས་ནས་ཡུལ་མི་སྤུན་ཟླ་ཡོངས་ལ་དགོངས་དོན་བརྒྱུད་སྒྲོག་བྱས་པ་རེད།
  བདེ་མཆོག་གྲོང་ཚོའི་ཨུ་ཡོན་ལྷན་ཁང་དུ་ཉི་སྐྱིད་དང་ཡུལ་མི་རྣམས་ཚོགས་འདུ་ཁང་དུ་འཛོམས་ནས་བརྗེ་རེས་མཉམ་འགུལ་སྤེལ་བ་རེད། ཁོ་མོས་རང་ཉིད་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མྱོང་ཚོར་དང་ལོ་ངོ་བཅུའི་རིང་གི་ཕ་ཡུལ་གྱི་འཕེལ་རྒྱས་དང་འགྱུར་ལྡོག་བཅའ་ཟུང་འབྲེལ་བྱས་ཏེ། གོ་སླ་བའི་སྐད་ཆའི་ཚང་མར་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སྒྲོག་འགྲེལ་བྱས་པ་དང་། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཐོང་ཐོས་དང་སེམས་ཀྱི་མྱོང་ཚོར་གླེང་བས་ཚང་མས་དགའ་བསུ་ཆེན་པོ་ཐོབ། 
“ཉི་སྐྱིད་ཀྱིས་སྒྲོག་འགྲེལ་བྱས་པ་བརྒྱུད། ང་ཚོས་སྔར་བས་ལྷག་པའི་སྒོ་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་བྱས་པ་མ་ཟད། དེ་དང་ཆབས་ཅིག་ཏུ་ཚང་མར་དངོས་སུ་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པ་ལྟ་བུའི་ཚོར་བ་སྐྱེས་སུ་བཅུག སླད་ཕྱིན་ང་ཚོས་སློབ་སྦྱོང་གི་གྲུབ་འབྲས་ལས་སྒྲུབ་ལས་གཏོད་ཀྱི་སྒུལ་ཤུགས་སུ་སྒྱུར་ནས་ཐོན་སྐྱེད་འཕེལ་རྒྱས་ལ་འབད་པ་བྱས་པ་དང་བདེ་སྐྱིད་ཀྱི་འཚོ་བ་རོལ་དགོས”ཞེས་གྲོང་མི་ཚང་མས་མགྲིན་གཅིག་ཏུ་བཤད། །
རྩོམ་སྒྲིག་པ། བདེ་སྒྲོན།