ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྣུམ་རིན་ཡང་ཆག་འདུག འདི་ནི་ད་ལོའི་ཆག་ཐེངས་བརྒྱད་པ་རེད།

སྤེལ་དུས 2022-11-23 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་བརྡ་ཁྱབ་བཏང་དོན། ཟླ་11པའི་ཚེས་21ཉིན་གྱི་ཆུ་ཚོད་24ཐོག་ནས་བཟུང་རླངས་སྣུམ་ཏུན་རེའི་རིན་གོང་སྒོར་175མར་ཆག་པ་དང་། ཁྲའེ་སྣུམ་ཏུན་རེའི་རིན་གོང་སྒོར་165མར་ཆག་པ་རེད།
  འདི་ནི་རྒྱལ་ནང་གི་སྣུམ་རིན་2022ལོར་རིན་གོང་ལེགས་སྒྲིག་བྱེད་ཐེངས་ཉེར་གཉིས་པ་དེ་ཡིན་ཞིང་། ལེགས་སྒྲིག་བྱས་རྗེས། བཟོས་གྲུབ་སྣུམ་གྱི་རིན་གོང་ལ་ལོ་འདིའི་ནང“ཐེངས་བཅུ་གསུམ་འཕར་བ་དང་ཐེངས་བརྒྱད་ཆག་པ་ཐེངས་གཅིག་འཕར་ཆག་མེད་པར་ལུས་པ་”ཡི་ཚུལ་མངོན་པ་དང་། སྒྲིག་གཞིས་ཚད་ལེན་ཞིབ་རྩིས་བྱས་པར། ཐེངས་འདིའི་རིན་གོང་ལེགས་སྒྲིག་ཕབ་རྩིས་བྱས་ན། རླངས་སྣུམ་ཨང་92པ་ཧྲེང་རེའི་རིན་གོང་སྒོར་0.14མར་ཆག་པ་དང་། རླངས་སྣུམ་ཨང་95པ་ཧྲེང་རེའི་རིན་གོང་སྒོར་0.14མར་ཆག་པ། ཁྲའེ་སྣུམ་ཨང་0པ་ཧྲེང་རེའི་རིན་གོང་སྒོར་0.14མར་ཆག་ཡོད། ཐེངས་འདིར་རིན་གོང་ལེགས་སྒྲིག་བྱས་རྗེས། རླངས་སྣུམ་ཨང་95པའི་རིན་གོང་ཁྱོན་ཡོངས་ནས་སྒོར་9མན་དུ་ཆག་རྒྱུ་ཡིན་པ་རེད།
  སྣུམ་སྒམ་གྱི་གཤོང་ཚད་50Lཡིན་པའི་སྒེར་འཁོར་དཀྱུས་མ་ལྟ་བུར་མཚོན་ན། ཐེངས་འདིར་སྣུམ་རིན་ལེགས་སྒྲིག་བྱས་རྗེས། འཁོར་བདག་གིས་སྣུམ་སྒམ་གང་བླུགས་པར་སྒོར་7ཡས་མས་གྲོན་ཆུང་བྱེད་ཐུབ། ཁྲའེ་སྣུམ་ཕྱོགས་ནས། སྣུམ་སྒམ་གཤོང་ཚད་160Lཡིན་པའི་ཟོག་འཁོར་ཆེན་པོ་ལྟ་བུར་མཚོན་ན། སྣུམ་སྒམ་གང་བླུགས་པར་སྒོར་22.4ཙམ་གྲོན་ཆུང་བྱེད་ཐུབ།
  ཐེངས་འདིའི་རིན་གོང་བསྡོམས་རྩིས་དུས་འཁོར་ནང་རྒྱལ་སྤྱིའི་སྣུམ་རིན་ཞན་ཕྱོགས་སུ་འཁོར་སྐྱོད་བྱེད་པ་དང་། སྤྱི་ཡོངས་ནས་བལྟས་ན་རིན་གོང་བསྡོམས་རྩིས་དུས་འཁོར་ནང་གི་ཟུར་བརྟེན་སྣུམ་རིགས་ཀྱི་ཆ་སྙོམས་རིན་གོང་མར་ཆག་ཡོད། དེ་བསྟུན་མ་བཅོས་སྣུམ་གྱི་ཕྱོགས་བསྡུས་འཕོ་འགྱུར་ཚད་ལྡོག་ཕྱོགས་བར་མཚམས་སུ་འཁོར་སྐྱོད་བྱས་ཏེ། ཐེངས་འདིའི་སིལ་འཚོང་རིན་གོང་མར་ཆག་པའི་ཚོང་སྒོ་ཕྱེ་ཡོད།
  ལུང་ཀྲུང་ཆ་འཕྲིན་དབྱེ་ཞིབ་མཁན་ལིའུ་ཝུན་ཅེ་ཡིས་དབྱེ་ཞིབ་བྱས་ནས་བསྟན་དོན། རྒྱལ་སྤྱིའི་ནུས་རྒྱུ་ཧྲུའུ་ཡིས་འཛམ་གླིང་མ་བཅོས་སྣུམ་གྱི་དགོས་མཁོའི་སྔོན་དཔག་གོང་དུ་སྤར་ན་ཡང་། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་གསོག་འཇོག་དངུལ་ཁང་གི་དཔོན་རིགས་ཀྱིས་དྲག་རྩོད་གཏམ་བརྗོད་སྤེལ་ནས། མུ་མཐུད་དུ་སྐྱེད་ཚད་ཇེ་མཐོར་གཏོང་རྒྱུའི་འབོད་སྐུལ་བྱས་པས། ཨ་སྒོར་དང་ཨ་རིའི་བུ་ལོན་ཁེ་སྤོགས་ཚད་གཞི་རྒྱུན་མཐུད་སྟོབས་ཆེན་དུ་ཕྱིན་པ་དང་། དཔལ་འབྱོར་ཉམས་ཞན་དུ་འགྱུར་བའི་སེམས་ཁྲལ་སླར་ཡང་ཚབས་ཆེན་དུ་གྱུར་ཞིང་། མ་བཅོས་སྣུམ་གྱི་རིན་གོང་གཅིག་འཕྲོར་གཅིག་མཐུད་ཀྱིས་མར་ཆག་ཡོད།
  ཐེངས་རྗེས་མའི་རྒྱལ་ནང་བཟོས་གྲུབ་སྣུམ་གྱི་རིན་གོང་ལེགས་སྒྲིག་ཟླ་12པའི་ཚེས་5ཉིན་གྱི་ཆུ་ཚོད་24ཐོག་འགོ་བརྩམ་རྒྱུ་རེད།

  ལུང་ཀྲུང་ཆ་འཕྲིན་དབྱེ་ཞིབ་མཁན་ལི་ཡན་གྱིས། མིག་སྔའི་རྒྱལ་སྤྱིའི་མ་བཅོས་སྣུམ་གྱི་རིན་གོང་ཆུ་ཚད་ལྟར་རྩིས་བརྒྱབ་ན། ཐེངས་རྗེས་མའི་བཟོས་གྲུབ་སྣུམ་གྱི་རིན་གོང་ལེགས་སྒྲིག་གི་ཐོག་མའི་དུས་སུ་ཆེས་ཆེར་མར་ཆག་པའི་རྣམ་པ་མངོན་སྲིད་ཅེས་བཤད་འདུག ཁོང་གི་བསམ་པར། མིག་སྔར་འཛམ་གླིང་དཔལ་འབྱོར་དང་དགོས་མཁོའི་མདུན་ལྗོངས་སྔར་བཞིན་ཞན་པར་གནས་ཡོད་པ་དང་། ད་དུང་དེ་སྔའི་སྣུམ་རིན་ཆག་ཚད་ཆེ་དྲག་པས། དེས་གཙོ་བོ་ཐེངས་རྗེས་མའི་སྣུམ་རིན་ལེགས་སྒྲིག་དུས་འཁོར་ལ་ཤུགས་རྐྱེན་ཐེབས་སྲིད་པ་དང་། ཚོད་དཔག་ལྟར་ན་ཐེངས་རྗེས་མའི་བཟོས་གྲུབ་སྣུམ་གྱི་རིན་གོང་མར་ཆག་སྲིད་ཚད་ཅུང་ཆེ་བ་རེད།
  ཅིན་ལེན་ཁྲོང་བཟོས་གྲུབ་སྣུམ་གྱི་མཐོ་རིམ་དབྱེ་ཞིབ་མཁན་ཝང་ཡན་ཐིང་གིས་ཀྱང་ལྟ་ཚུལ་གཅིག་འདྲ་བཟུང་ཡོད་པ་དང་། ཁོང་གིས། རེས་སྐོར་གསར་པའི་རིན་གོང་བསྡོམས་རྩིས་དུས་འཁོར་ནང་སླེབས་རྗེས། རྒྱལ་སྤྱིའི་མ་བཅོས་སྣུམ་གྱི་རིན་གོང་འཕོ་འགྱུར་ཚད་སྔར་བཞིན་ལྡོག་ཕྱོགས་བར་མཚམས་སུ་འཕར་ཆག་བྱེད་སྲིད་པ་དང་། འཕེལ་ཕྱོགས་ལ་ཤུགས་རྐྱེན་བཟོ་བའི་ཆ་འཕྲིན་འདེགས་སྐྱོར་འཚོལ་དཀའ་ཞེས་བཤད་འདུག
རྩོམ་སྒྲིག་པ། བདེ་སྒྲོན།