ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱིས་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཁག་གཉིས་ཁྱབ་བསྒྲགས་བྱས་པ།

སྤེལ་དུས 2023-01-19 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཉེ་ཆར། 2021ལོ་ནས2025 ལོ་བར་གྱི་བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་དང་བྱིས་པའི་འཕེལ་རྒྱས་འཆར་འགོད་ཡོངས་བསྒྲགས་ཀྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ལྷ་སར་འཚོགས་པ་རེད། ཡོངས་བསྒྲགས་ཚོགས་འདུའི་ཐོག《བོད་རང་སྐྱོང་ལྗོངས་ཀྱི་བུད་མེད་འཕེལ་རྒྱས་འཆར་འགོད(2021ལོ་ནས2025ལོ་བར)》དང《བོད་རང་སྐྱོང་ལྗོངས་ཀྱི་བྱིས་པ་འཕེལ་རྒྱས་འཆར་འགོད(2021ལོ་ནས2025ལོ་བར)》ཁྱབ་བསྒྲགས་བྱས་པ་རེད།
          ཚོགས་འདུའི་ཐོག བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་དྲུང་ཆེ་གཞོན་པ་དང་། རིམ་པ་དང་པོའི་སྐོར་ཞིབ་པ། བུད་མེད་དང་བྱིས་པའི་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ལི་སང་གིས2021ལོའི་ལོ་མཇུག་ཏུ། ལྗོངས་ཡོངས་སུ་བསྡོམས་མི་འབོར་ཁྲི366ཟིན་པའི་ནང་བུད་མེད་ཁྲི175ཡོད་པ་དེས47.81%བཟུང་བ་དང་། བྱིས་པ(ལོ0ནས14བར)ཁྲི90ཡོད་པ་དེས24.59%བཟུང་ཡོད་པས། བུད་མེད་དང་བྱིས་པའི་ལས་དོན་ཡག་པོ་སྒྲུབ་པར་དོན་སྙིང་གལ་ཆེན་ལྡན་ཡོད་ཅེས་ངོ་སྤྲོད་བྱས་པ་རེད། འཆར་འགོད་དེ་གཉིས་ཁྲོད་ཀྱི་བུད་མེད་འཕེལ་རྒྱས་འཆར་འགོད་ནང་བདེ་ཐང་དང་། སློབ་གསོ། དཔལ་འབྱོར། དེའི་ནང་ཞུགས་པའི་ཐབས་ཇུས་དང་དོ་དམ། སྤྱི་ཚོགས་འགན་ལེན། ཁྱིམ་ཚང་འཛུགས་སྐྱོང་། ཁོར་ཡུག བཅའ་ཁྲིམས་བཅས་ཁྱབ་ཁོངས8བཀོད་སྒྲིག་བྱས་ནས། དམིགས་ཚད་གཙོ་བོ79དང་ཐབས་ཇུས་བྱ་ཐབས98བཏོན་ཡོད། བྱིས་པའི་འཕེལ་རྒྱས་འཆར་འགོད་ནང་བདེ་ཐང་དང་། བདེ་འཇགས། སློབ་གསོ། ཕན་བདེ། ཁྱིམ་ཚང་། ཁོར་ཡུག བཅའ་ཁྲིམས་བཅས་ཁྱབ་ཁོངས་7བཀོད་སྒྲིག་བྱས་པ་དང་། དམིགས་ཚད་གཙོ་བོ74དང་ཐབས་ཇུས་བྱ་ཐབས91བཏོན་ཡོད།
          ལི་སང་གིས། རེས་སྐོར་གོང་མའི་འཆར་འགོད་དང་བསྡུར་ན་ད་ཐེངས་ཀྱི་འཆར་འགོད་དེས་རྒྱུན་མཐུད་རང་བཞིན་རྒྱུན་འཁྱོངས་ཐུབ་ཡོད་ལ། ཁྱད་ཆོས་དང་བཀྲག་མདངས་འཚེར་ས་གསར་པའང་ལྡན་ཡོད། འཆར་འགོད་གཉིས་ཀྱི་ནང་དུ་ད་དུང“ལོ་ཚད་ལོན་པའི་བུད་མེད་ཀྱི་མངལ་སྐེའི་འབྲས་སྐྲན་མི་ཚོགས་ལ་གྲལ་བཤེར་བྱེད་ཚད70%ཡན་ཟིན་པ་དང་། ནུ་སྐྲན་མི་ཚོགས་ལ་གྲལ་བཤེར་བྱེད་ཚད་རིམ་བཞིན་མཐོ་རུ་ཕྱིན་ཡོད”“HPVརིམས་འགོག་སྨན་ཁབ་རྒྱག་པ་དང་། མངལ་སྐེའི་འབྲས་སྐྲན་གྲལ་བཤེར་བྱེད་པ། སྨན་བཅོས་དང་སྲོག་སྐྱོབ་འབྲེལ་མཐུད་ཀྱི་མངལ་སྐེའི་འབྲས་སྐྲན་གྱི་རིམ་གསུམ་ཕྱོགས་བསྡུས་འགོག་བཅོས་བྱེད་ཐབས”ཀྱི་དམིགས་ཚད་ལས་འགན་བཏོན་ཡོད། ལོ60ཡན་གྱི་རྒན་རྒོན་དང་དེ་བཞིན་སློབ་གྲྭར་འགྲོ་མུས་ཀྱི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་ཆམ་རིམས་ཀྱི་རིམས་འགོག་སྨན་ཁབ་རྒྱག་པའི་ལས་དོན་ཁག་གཉིས་བོད་ལྗོངས་ཀྱི2022ལོའི་དམངས་འཚོའི་དོན་དངོས་ཁག་38ནང་བཅུག་ཡོད་ཅེས་བཤད་པ་རེད།