ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔྱིད་གསར་དུས་ཆེན་རིང་མི་དམངས་སྨན་ཁང་གི་ལས་ཀ་བྱེད་པའི་དུས་ཚོད།

སྤེལ་དུས 2023-01-20 ཡོང་ཁུངས། བོད་ལྗོངས་ཉིན་རེའི་ཚགས་པར་བོད་ཡིག་སྨྱན་སྦྱོར། རྩོམ་པ་པོ།
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི2023ལོའི་དཔྱིད་གསར་དུས་ཆེན་རིང་གི་སྒོ་བསྟེན་སྨན་ཁང་བཀོད་སྒྲིག་སྐོར་གྱི་བརྡ་ཐོ།
          རྒྱ་ཆེའི་གྲོང་མིར་ཞུ་རྒྱུར།     
          རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གི《2023ལོའི་དུས་ཆེན་དང་ངལ་གསོའི་ཉིན་མོ་བཀོད་སྒྲིག་སྐོར་གྱི་བརྡ་ཐོ》གཞིར་བཟུང་། ད་ལྟ2023ལོའི་དཔྱིད་གསར་དུས་ཆེན་རིང་གི་སྒོ་བསྟེན་སྨན་ཁང་བཀོད་སྒྲིག་གི་བརྡ་ཐོ་གཤམ་གསལ།     
          ཟླ་དང་པོའི་ཚེས21(རེས་གཟའ་སྤེན་པ། གནམ་གང)ནས་ཚེས27ཉིན་བར(རེས་གཟའ་པ་སངས་ཚེས6ཉིན)ངལ་གསོ་ཉིན7འཇོག་རྒྱུ་ཡིན་ཞིང་། ཟླ་དང་པོའི་ཚེས23དང་། ཚེས25 ཚེས27ཉིན་བཅས་ཀྱི་སྔ་དྲོར་སྒོ་བསྟེན་སྨན་ཁང་གི་ཚན་ཁག་ཚང་མར་སྒོ་བསྟེན་ཁང་རེ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། ཟླ་དང་པོའི་ཚེས28ཉིན(རེས་གཟའ་སྤེན་པ)དང་ཟླ་དང་པོའིོ་ཚེས29ཉིན(རེས་གཟའ་ཉི་མ)སྨན་ཁང་རྒྱུན་གཏན་བཞིན་ཉིན་གང་རིང་སྒོ་བསྟེན་སྨན་བཅོས་བྱེད་ཀྱི་ཡོད། རྒྱ་ཆེའི་གྲོང་མིས་སྨན་པ་བསྟེན་པའི་དུས་ཚོད་སྔོན་ཚུད་ནས་ཡག་པོ་འདེམས་དགོས་པ་དང་། དུས་ཆེན་རིང་བདེ་འཇགས་ལ་དོ་སྣང་བྱེད་དགོས་པ་མ་ཟད། མི་སྒེར་གྱི་འགོག་སྲུང་ཡག་པོ་བྱས་ཏེ་སྤྲོ་སྣང་དང་འཆམ་མཐུན་གྱི་དུས་ཆེན་ཞིག་གཏོང་རྒྱུ་ཡོང་བའི་སྨོན་འདུན་ཞུ།    
བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ནས།
2023ལོའི་ཟླ་དང་པོའི་ཚེས16ཉིན།