ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ཀྱི་སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་ལོ་རེར་ཆ་སྙོམས17.5%འཕར་བ།

སྤེལ་དུས 2023-01-29 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
             ཉེ་ཆར། གསར་འགོད་པས2023ལོའི་ལྗོངས་ཡོངས་ཀྱི་ཚན་རྩལ་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་ནང་། ལྗོངས་ཡོངས་ཀྱི་ཚན་རྩལ་ལས་རིགས་ཀྱིས་གསར་གཏོད་མ་ལག་གི་ནུས་ཕྱོད་ཆེ་རུ་ཤུགས་ཆེན་བཏང་བ་དང་། གསར་གཏོད་སྲིད་ཇུས་ཀྱི་ཁོར་ཡུག་མུ་མཐུད་ལེགས་སུ་བཏང་བ། གསར་གཏོད་མ་འཇོག་ཐབས་ལམ་རིམ་བཞིན་རྒྱ་ཆེར་བཏང་བ། སྤྱི་ཚོགས་ཡོངས་ཀྱི་ཞིབ་འཇུག་གསར་སྤེལ་གྲོན་དངུལ་ལོ་རེར་ཆ་སྙོམས17.5%འཕར་བ། ནོར་སྲིད་ཚན་རྩལ་གྱི་གཏོང་སྒོསGDPབསྡུར་གྲངས་ཀྱི0.4%བཟུང་བ། མི་ཁྲི་རེར་གསར་གཏོད་ཁེ་བེད་བདག་ཐོབ་ལྡན་ཚད1.75ནས2.51བར་འཕར་བ་བཅས་རེད།
             བརྟན་ལྷིང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱེད་པའི་ཐད། ཚན་རྩལ་གསར་གཏོད་ཀྱིས་དུས་བདེའི་བོད་ལྗོངས་འཛུགས་སྐྲུན་ལ་འདེགས་སྐྱོར་བྱེད་པའི་གཙོ་གནད་ལས་འགན་ཁག10ཁ་གསལ་བཏོན་པ་དང་། འགག་རྩའི་ཁྱབ་ཁོངས་ཀྱི་ལག་རྩལ་འགག་སྒྲོལ་རྒྱུད་རིམ་ལྡན་པའི་སྒོ་ནས་སྒྲིག་འཛུགས་བྱས་ཏེ་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་བརྟན་དུ་གཏོང་རྒྱུར་འདེགས་སྐྱོར་བྱས་ཡོད། གཉིས་གཏོད་གཞི་རྟེན་སྣ་ཚོགས138བསྐྲུན་ནས་མི་ཁྲི2.47ལས་ཞུགས་ཐུབ་པ་བྱས་ཡོད།
             སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་འདེགས་སྐྱོར་བྱེད་པའི་ཐད། ལྷ་སའི་སའི་གོ་ལའི་མ་ལག་གི་ཕྱོགས་མང་དྲ་བའི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་བཅོས་སྐྱོང་དཔེ་སྟོན་ལས་གྲྭ་བསྐྲུན་ཡོད། མཚོ་བོད་ས་མཐོའི་སྐྱེ་ཁམས་མ་ལག་གི་འགྱུར་ལྡོག་དང་ཐཱན་བསྡུ་ཚད་ཀྱི་བྱེད་ནུས་རྩད་ཆོད་མཐའ་གསལ་བྱུང་བ།
             ནག་ཆུའི་གྲོང་ཁྱེར་དང་གྲོང་རྡལ་དུ་ཚན་རིག་དང་མཐུན་པའི་སྒོ་ནས་ས་བབ་མཐོ་ལ་གྲང་ངར་ཆེ་བའི་ས་ཁུལ་དུ་སྐྱེ་དངོས་སྣ་ཁ7བཏབ་ནས་ས་བབ་ཧ་ཅང་མཐོ་བའི་ས་ཁུལ་དུ་སྐྱེ་ཐུབ་པའི་ཤིང་འཛུགས་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
             མཐའ་བརྟན་དང་། མཐའ་དར། དམངས་ཕྱུག་བཅས་ལ་འདེགས་སྐྱོར་བྱེད་པའི་ཐད། “ཚན་རྩལ་གྱིས་གྲོང་གསེབ་དར་རྒྱས་ལ་འདེགས་སྐྱོར་བྱེད་པ”སོགས་དཔེ་སྟོན་བཀོལ་སྤྱོད་རྣམ་གྲངས་ཁག་གཅིག་གནད་སྨིན་ལག་བསྟར་བྱས་པ་དེ་མཐའ་མཚམས་རྫོང21ལ་ཁྱབ་ཡོད། “རྫོང་རེར་ཚོགས་པ་རེ”དང“ཐོན་ལས་རེར་ཚོགས་པ་རེ”ཟུང་དུ་འབྲེལ་བའི་འདེམས་གཏོང་བྱ་ཐབས་སྤྱད་དེ་རིམ་རྩིས་བྱས་ན“ཁུལ་གསུམ”གྱི་ཚན་རྩལ་ཤེས་ལྡན་པ་མི་ཐེངས5727འདེམས་གཏོང་བྱས་པ་དང་། ཚན་རྩལ་ཆེད་མངགས་པ་མི་ཐེངས52874མངགས་གཏོང་བྱས་པ། རོགས་སྐྱོར་བྱ་ཡུལ་དུ་ས་བོན་གསར་པའི་ལག་རྩལ་གསར་པ950དང་མ་དངུལ་སྒོར་དུང་ཕྱུར1.75ནང་འདྲེན་བྱས་པ། གཞི་རིམ་གྱི་ཞིང་འབྲོག་པ་དང་གཞི་རིམ་གྱི་ལག་རྩལ་རྐང་འཛིན་པ་མི་ཐེངས་ཁྲི124གསོ་སྦྱོང་བྱས་ནས་ཁེ་ལས་དང་མཉམ་ལས་ཁང56གསར་དུ་བཙུགས་ཡོད་པ་རེད།
             ཚན་རྩལ་འཕེལ་རྒྱས་ཀྱི་ཡང་དག་པའི་ཁ་ཕྱོགས་སྟངས་འཛིན་བྱེད་པའི་ཐད། རང་ལྗོངས་ཀྱིས་རྨང་གཞིའི་ཚན་རིག་ཞིབ་འཇུག་གི་མ་ལག་བཀོད་སྒྲིག་དང་སྔ་བལྟས་བཀོད་སྒྲིག་བྱས་ཏེ་རྒྱལ་ཁབ་ཀྱི་རང་བྱུང་ཚན་རིག་ཐེབས་རྩའི་ས་ཁོངས་གསར་གཏོད་འཕེལ་རྒྱས་ཀྱི་མཉམ་འབྲེལ་ཐེབས་རྩར་ཞུགས་ཡོད། ཞིང་ཆེན་རིམ་པའི་གཙོ་གནད་ཚོད་ལྟ་ཁང་དང་ལས་གྲྭའི་ལག་རྩལ་ཞིབ་འཇུག་ལྟེ་གནས36འཛུགས་པར་རྒྱབ་སྐྱོར་བྱས་པ། ཚོགས་སྒྲིག་རྣམ་པའི་གསོ་རིག་རྣམ་གྲངས255སྤེལ་བར་རྒྱབ་སྐྱོར་བྱས་པ། མཚོ་བོད་ས་མཐོའི་མིའི་རིགས་ཀྱི་རྒྱུད་འཛིན་ཐོན་ཁུངས་ཀྱི་མ་དཔེའི་མཛོད་བསྐྲུན་པ། ཁག་དང་པོའི་རང་སྐྱོང་ལྗོངས་རིམ་པའི་ནད་ཐོག་གསོ་རིག་ཞིབ་འཇུག་ལྟེ་གནས4བསྐྲུན་ཡོད།