ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔྱིད་གསར་དུས་ཆེན་རིང་ལྷ་སས་ཡུལ་སྐོར་བ་མི་ཐེངས་ཁྲི28ལྷག་ཙམ་ལ་སྣེ་ལེན་ཞུས་པ།

སྤེལ་དུས 2023-01-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             གསར་འགོད་པར་ལྷ་ས་གྲོང་ཁྱེར་ཡུལ་སྐོར་འཕེལ་རྒྱས་ཅུས་ནས་ཤེས་རྟོགས་བྱུང་བར། འདི་ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་རིང་། ལྷ་ས་གྲོང་ཁྱེར་གྱིས་ཡུལ་སྐོར་བ་མི་ཐེངས་ཁྱོན་ཁྲི28.7ལ་སྣེ་ལེན་ཞུས་པ་དེ་ལོ་གོང་མའི་དུས་མཚུངས་ལས18.84%འཕར་ཡོད། དེའི་ནང་ཞག་སྡོད་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི10.27ཟིན་པ་དང་། ཉིན་གཅིག་ཡུལ་སྐོར་བྱེད་མཁན་མི་ཐེངས་ཁྲི18.43ཟིན་པ། ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར2.85ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས15.85%འཕར་ཡོད་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ཡུལ་སྐོར་ཁྲོམ་རའི་འཛད་སྤྱོད་ཡིད་ཆེས་ཀྱི་བསམ་པ་དང་གསོན་ཤུགས་ཆེ་རུ་གཏོང་ཆེད། བོད་ལྗོངས་ཀྱིས“དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད་པའི”སྤུས་རྟགས་ནུས་ཤུགས་ཡོད་རྒུས་བཏོད་ཡོད། “དགུན་དུས་བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད་པ”ཅེས་པ་ནི་ལོ་གཅིག་ནང་བོད་ལྗོངས་སུ་ཡུལ་སྐོར་ལ་སྐྱོད་པའི་ཡུལ་སྐོར་གྱི་ནུས་གོང་གཉིས་བསྡུར་གྱི་ཚད་གཞི་མཐོ་ཤོས་ཀྱི་དུས་ཤིག་ཡིན་ཞིང་། ལྗོངས་ཡོངས་ཀྱི་དགོན་སྡེའི་མཛེས་ལྗོངས་ཁུལ་ཕུད། དེ་བྱིངས་ཀྱི་མཛེས་ལྗོངས་ཁུལ་ཚང་མར་སྤ་སེ་མི་དགོས་པ་དང་། སྐར་གསུམ་རིམ་པ(སྐར་གསུམ་རིམ་པ་ཚུད་པ)ཡན་གྱི་མགྲོན་ཁང(གསོལ་མགྲོན་ཁང)དང་དེ་བཞིན་རྒྱལ་སྤྱིའི་སྤུས་རྟགས་དང་རྩེར་སོན་གསོལ་མགྲོན་ཁང་གིས་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་ལེན་བསྟར་བ། མཁའ་འགྲུལ་ཀུང་སི་ཁག་གིས་ཀྱང་ཡུལ་སྐོར་བ་ཉུང་བའི་དུས་ཚིགས་ཀྱི་རིན་གོང་ལག་ལེན་བསྟར་གྱི་ཡོད།