ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་ས་མེ་འཁོར་བབས་ཚུགས་སུ་ཕྱིར་ལོག་འགྲུལ་པ་མང་ཤོས་ཀྱི་དུས་ཚིགས་ཤར་བ།

འགྲུལ་པ་མང་ཤོས་ཀྱི་དུས་ཚིགས་ཕྱི་མ་སྔོན་དཔག་བྱས་ན་ཟླ1པོའི་ཚེས15ཡི་རྗེས་སུ་འཆར་གྱི་ཡོད་པ།

སྤེལ་དུས 2023-01-31 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             2023ལོའི་དཔྱིད་གསར་དུས་ཆེན་གྱི་གུང་གསེང་མཇུག་འགྲིལ་རྗེས། ལྷ་ས་མེ་འཁོར་བབས་ཚུགས་སུ་ད་ལོའི་ཕྱིར་ལོག་མཁན་འགྲུལ་པ་མང་ཤོས་ཀྱི་དུས་ཚིགས་དང་པོ་ཤར་ཞིང་། ཟླ1ཚེས7ནས་ཚེས28ཉིན་བར་འགྲུལ་པ་མི་ཐེངས་ཁྲི12.6སྐྱེལ་འདྲེན་བྱས་པ་དང་། ཉིན་རེར་ཆ་སྙོམས་བྱས་ན་འགྲུལ་པ་མི་ཐེངས་ཁྲི0.6སྐྱེལ་འདྲེན་བྱས་པ། ཟླ1ཚེས15ཉིན་ཏེ་འགྲུལ་པ་མང་ཤོས་ཀྱི་ཉིན་དེར་འགྲུལ་པ་མི་ཐེངས་ཁྲི0.7སྐྱེལ་འདྲེན་བྱས་པ། འགྲུལ་པ་མི་ཐེངས་ཁྲི10ལྷག་ཙམ་ལས་བརྒལ་ནས་མི་ཁྲི10.8ཟིན་པ་བཅས་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ད་རེས་ཀྱི་འགྲུལ་པ་གཙོ་བོ་ནི་གཉེན་ཉེ་ཐུག་འཕྲད་དུ་ཕྱིན་པའི་ལས་གནས་སུ་ལོག་མཁན་ཡིན་པ་དང་། འགྲོ་ས་གཙོ་བོ་ནི་གཞིས་རྩེ་དང་། ཉིང་ཁྲི། ལྷོ་ཁ། ནག་ཆུ། དེ་བཞིན་གོར་མོ་དང་ཟི་ལིང་སོགས་ཡིན་པ། འགྲུལ་པ་མང་ཤོས་ཀྱི་དུས་ཚིགས་ཕྱི་མ་སྔོན་དཔག་བྱས་ན་ཟླ1པོའི་ཚེས15ཡི་རྗེས་སུ་འཆར་གྱི་ཡོད་པ། འགྲུལ་པ་གཙོ་བོ་ནི་སློབ་མ་དང་། ལས་མི། གཉེན་འཕྲད་མི་སྣ་བཅས་ཡིན་པས་འགྲུལ་པ་བལྟོས་བཅས་ཀྱིས་མང་བ་ཡོད་པ་རེད།
             འགྲུལ་པ་མང་བའི་དུས་མཚམས་ཀྱི་ལྕགས་ལམ་འཁོར་སྐྱོད་ཀྱི་གནོན་ཤུགས་ཆུང་དུ་གཏོང་ཆེད། ལྷ་ས་མེ་འཁོར་བབས་ཚུགས་ཀྱིས་འགྲུལ་པ་མང་བའི་དུས་སུ་སྐབས་འཕྲལ་མེ་འཁོར་ཆ6མང་དུ་གཏོང་རྒྱུ་དང་མེ་འཁོར་གཏོང་ཡུལ་ནི་ཟི་ལིང་དང་། གཞིས་རྩེ། ཉིང་ཁྲི་སོགས་གྲོང་ཁྱེར་ཡིན་པ་རེད།