ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

2022ལོའི“བོད་ལྗོངས་ཀྱི་ཆུ་བཟང”ཕྱིར་གཏོང་བྱེད་ཚད་སྒོར་ཁྲི1000ལྷག་ཙམ་ཟིན་པ།

སྤེལ་དུས 2023-02-02 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
             ཉེ་ཆར། གསར་འགོད་པས་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱས་པ་ལྟར་ན། 2022ལོར་བོད་ལྗོངས་ཀྱི་རང་བྱུང་འཐུང་ཆུ་དང་གཏེར་ཆུ་སོགས“སའི་གོ་ལ་སྣེ་གསུམ་པ·བོད་ལྗོངས་ཀྱི་ཆུ་བཟང”དེ་ལྷ་སའི་འགག་སྒོ་ལས་ཁུངས་ནས་ཞིབ་བཤེར་དང་ལྟ་འདོམས་བྱས་པ་བརྒྱུད་བདེ་བླག་ངང་ཕྱིར་གཏོང་བྱས་ཤིང་། ཉོ་ཚོང་རིན་ཐང་སྒོར་ཁྲི1005.19ཟིན་པ་དེ་དུས་མཚུངས་ལས48.47%འཕར་བ་དང་། ཉོ་ཚོང་བྱེད་འབོར་ཏུན2659.99ཟིན་པ་དེ་དུས་མཚུངས་ལས20.94%འཕར་ཡོད་པ་རེད།
             “བོད་ལྗོངས་ཀྱི་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་ཆུ་སྤུས་དག་པོ་ཡོད། ཉེ་བའི་ལོ་ཤས་རིང་། ང་ཚོའི་ཁེ་ལས་ཀྱིས་སྤུས་རྟགས་འཛུགས་སྐྱོང་ལ་ཟམ་མི་ཆད་པར་ཤུགས་སྣོན་བརྒྱབ་པ་དང་། འགག་སྒོ་ལས་ཁུངས་ཀྱི་སྟབས་བདེའི་བྱེད་ཐབས་སྣ་ཚོགས་ཀྱི་ཕན་པར་བརྟེན་ནས་ཆུའི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་ཇེ་མང་ནས་ཇེ་མང་དུ་སོང་ཡོད”ཅེས་བོད་ལྗོངས་ས་མཐོའི་རང་བྱུང་ཆུ་ཚད་ཡོད་ཀུང་སིའི་ལས་དོན་མི་སྣས་བརྗོད་པ་རེད།