ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དང་བླངས་བྱ་སྤྱོད་སྣ་ཚོགས་སྤེལ། དང་པོའི་བཅོ་ལྔའི་དུས་ཆེན་བཏང་།

སྤེལ་དུས 2023-02-07 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— གཞིས་རྩེ་གྲོང་ཁྱེར་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཉིན་མོའི་མཐོང་ཐོས།
  འདི་ནི་གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་སྐྱིད་འཕེལ་སྡེ་ཁུལ་གྱི་མི་རིགས་ཁག་གི་མང་ཚོགས་ཚོས་སྡེ་ཁུལ་གྱི་ཟ་ཁང་ནང་ཅའོ་ཙི་དང་ཐང་ཡོན་བཟོ་བཞིན་པ།
  དང་པོའི་བཅོ་ལྔའི་དུས་ཆེན་གཏོང་བ་དང་ལྒང་བཞུའི་གབ་ཚིག་ལ་ལན་རྒྱག་པ་སོགས་སྣ་མང་ཕུན་སུམ་ཚོགས་པའི་རིག་རྩལ་བྱེད་སྒོ་དང་རྣམ་པ་སྣ་ཚོགས་ཀྱི་དང་བླངས་ཞབས་ཞུ་སྤེལ་ནས་འདི་ལོའི་གཞིས་རྩེ་གྲོང་ཁྱེར་གྱི་དང་པོའི་བཅོ་ལྔའི་དུས་ཆེན་འཁྲུག་པོ་ཞིག་བཏང་བ་རེད།
  ཟླ་2ཚེས་5ཉིན་ནི་དང་པོའི་བཅོ་ལྔའི་དུས་ཆེན་ཡིན་ཞིང་། གཞིས་རྩེ་གྲོང་ཁྱེར་གྱིས་ཟླ་རེའི་ཚེས་5ཉིན་གྱི“བོད་ཀྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ལ་སྐུལ་འདེད་གཏོང་བའི་ཉིན་མོའི”གོ་སྐབས་དེ་དང་ཟུང་འབྲེལ་བྱས་ཏེ། དང་བླངས་ཞབས་ཞུ་རུ་ཁག་15ཡི་དང་བླངས་པ་200ལྷག་ཙམ་སྒྲིག་འཛུགས་བྱས་ནས“དང་བླངས་བྱ་སྤྱོད་སྣ་ཚོགས་སྤེལ། དང་པོའི་བཅོ་ལྔ་དགའ་གཏོང་བྱེད”ཅེས་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་རབ་དང་རིམ་པ་སྤེལ་བས། གཞིས་རྩེ་གྲོང་ཁྱེར་གྱི་བསམ་པའི་དཔལ་ཡོན་སྲོལ་གཏོད་ཀྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་པ་རེད།
  ཚེས་5ཉིན་གྱི་སྔ་དྲོར། སྟོད་གོས་དམར་པོ་གྱོན་པའི་དང་བླངས་པ་གཞིས་རྩེ་གྲོང་ཁྱེར་གྱི་ཁྲོམ་གཞུང་ཆེ་ཆུང་གང་སར་བསྐྱོད་དེ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་ཤིག་ཏུ་གྱུར་ཡོད། ཁོང་ཚོས“ཤེས་དཔལ་གྲོང་ཁྱེར་འཛུགས་གཏོད་དང་མཉམ་སྤྱོད་རྐང་འཁོར་འཇོག་སྟངས་ཚད་ལྡན་དུ་གཏོང་བའི”དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས། རང་དགར་བཞག་པ་དང་ལམ་བཟུང་ནས་བཞག་པའི་མཉམ་སྤྱོད་རྐང་འཁོར་གཅིག་སྡུད་ཐོག་འཇོག་པ་དང་ (པར་ངོས་བཞི་པར་གཟིགས) (པར་ངོས་དང་པོར་མཐུད) ཆབས་ཅིག མང་ཚོགས་ལ་ཤེས་དཔལ་མཉམ་སྤྱོད་དང་ཐོགས་མེད་འགྲོ་སྐྱོད་ཀྱི་འདུ་ཤེས་དྲིལ་བསྒྲགས་བྱས་ཏེ། རྐང་འཁོར་གཏོང་མཁན་ཚོས་རང་འགུལ་ངང་མཉམ་སྤྱོད་རྐང་འཁོར་གྲལ་འགྲིག་པོས་དམིགས་འཛུགས་ས་ཁོངས་སུ་འཇོག་རྒྱུའི་ཁྲིད་སྟོན་བྱས་པ་དང་། ཡུལ་སྐོར་བར“དམངས་ཕན་དམངས་བདེ་དང་། བློ་ཡིད་ཚིམ་པའི་ཞབས་ཞུའི”བྱེད་སྒོ་སྤེལ་ནས“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”གཟིགས་སྐྱོང་སྲིད་ཇུས་སྒྲོག་འགྲེལ་བྱས་པ་རེད།
  བསམ་གྲུབ་རྩེ་ཆུས་མི་རིགས་སྡེ་ཁུལ་དུ་ཏང་ཡོན་དང་བླངས་པས་ཁྱིམ་མཚེས་དབར་ཕན་ཚུན་ལྟ་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་བ་དང་། ཁང་སྟོང་རྒན་རྒོན་དང་། གཞིས་ལུས་བྱིས་པ། དབང་པོ་སྐྱོན་ཅན་སོགས་དམིགས་བསལ་ཚོགས་སྤྱིར་དམིགས་ནས་སེམས་ཁམས་བློ་འདྲི་དང་རོགས་སྐྱོར་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད།
  བསམ་གྲུབ་རྩེ་ཆུས་ཆུ་ཤར་སྡེ་ཁུལ་དུ་གཞིས་རྩེ་གྲོང་ཁྱེར་འཕྲོད་བསྟེན་བདེ་ཐང་དང་བླངས་ཞབས་ཞུ་རུ་ཁག་དང་ཆུ་ཤར་སྡེ་ཁུལ་གྱི་དུས་རབས་གསར་པའི་ཤེས་དཔལ་ལག་ལེན་ས་ཚིགས་ཀྱི་དང་བླངས་ཞབས་ཞུ་རུ་ཁག་གིས་འོས་འགན་སྨན་བཅོས་ཀྱི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ནས། སྡེ་ཁུལ་གྱི་མང་ཚོགས་ལ་རིན་མེད་བརྟག་དཔྱད་དང་སྨན་སྐྱེལ་ཞབས་ཞུ་བྱས་ཏེ། གསོ་རིག་ཤེས་བྱ་དང་བདེ་ཐང་ཤེས་བྱ་ཁྱབ་གདལ་བཏང་བ་མ་ཟད། ཁོག་ནད་ཚན་ཁག་དང་ཕྱི་ནད་ཚན་ཁག་གི་རྒྱུན་མཐོང་ནད་དང་གཅོང་ནད་སྐོར་ལའང་བློ་འདྲི་བྱས་པ་རེད།
  འཁྲུག་ཆ་དོད་ཤོས་ནི་སྐྱིད་འཕེལ་སྡེ་ཁུལ་ཡིན་ཞིང་། མི་རིགས་ཁག་གི་མང་ཚོགས་100ལྷག་ཙམ་འཛོམས་ནས་ལྒང་བཞུ་བཟོ་བ་དང་། ཅའོ་ཙེ་བཟོ་བ། ཐང་ཡོན་བཟོ་བ། ལྒང་བཞུའི་གབ་ཚིག་ལ་ལན་རྒྱག་པ། རིག་རྩལ་འཁྲབ་སྟོན་ལ་ལྟ་བ་བཅས་ཀྱི་ཐོག་ནས“ང་ཚོའི་དུས་ཆེན·དང་པོའི་བཅོ་ལྔའི་དུས་ཆེན”བཏང་བ་རེད། སྡེ་ཁུལ་གྱི་གྲོང་མི་ཀྲང་ཡུན་ལུང་ལོ་བཅུ་གྲངས་གོང་ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར་ནས་གཞིས་རྩེ་གྲོང་ཁྱེར་དུ་གླ་པར་ཡོང་སྟེ། ས་གནས་དེ་གར་མནའ་མ་བླངས་ནས་མཐར་སྐྱིད་འཕེལ་སྡེ་ཁུལ་དུ་གཞིས་ཆགས་ཡོད། ཁོང་གིས་གསར་འགོད་པར་ད་ཐེངས་ཐང་ཡོན་བཟོ་ཐེངས་དང་པོ་ཡིན་ལ་ཁྱིམ་མཚེས་ཚོ་དང་མཉམ་དུ་དང་པོའི་བཅོ་ལྔའི་དུས་ཆེན་གཏོང་ཐེངས་དང་པོ་ཡང་ཡིན། བྱེད་སྒོ་དེ་རིགས་ལ་དོན་སྙིང་ཧ་ཅང་ཆེན་པོ་འདུག་ལ་བདེ་སྐྱིད་དང་དྲོ་སྐྱིད་ལྡན་པའི་ཚོར་སྣང་ཞིག་ཡོང་གི་འདུག་ཅེས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།