ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་བོད་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་བ།

སྤེལ་དུས 2023-03-23 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཟླ་3ཚེས་20ཉིན་གྱི་ཕྱི་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་གནང་ཞིང་། འདི་ནི་ཝང་ཅུན་ཀྲེང་གིས་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་ནས་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་གནང་བ་དང་ཏང་གི་དུས་དེབ་དྲིལ་བསྒྲགས་དང་། ཐབས་ཇུས་བློ་འདྲི། སྲིད་ཇུས་ཞིབ་འཇུག་བཅས་ཀྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།
  ● བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་བཏང་ནས་སྲིད་ཇུས་ཞིབ་འཇུག་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱེད་དགོས།
  ཚེས་20ཉིན་གྱི་ཕྱི་དྲོར། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་གིས་རང་སྐྱོང་ལྗོངས་ཏང་ཨུད་སྲིད་ཇུས་ཞིབ་འཇུག་ཁང་དུ་བརྟག་ཞིབ་གནང་བ་དང་འབྲེལ་བཞུགས་མོལ་གནང་ཞིང་། ཁོང་གིས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་ཀྱིས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ་དང་། ཆབ་སྲིད་ཀྱི་བརྡར་ཤ་གཅོད་ནུས་དང་། ཆབ་སྲིད་ཀྱི་གོ་རྟོགས་སད་ནུས། ཆབ་སྲིད་ཀྱི་ལག་བསྟར་བྱེད་ནུས་བཅས་ཆེ་རུ་གཏོང་བ། བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ། བརྟག་དཔྱད་ཞིབ་འཇུག་གི་སྤྱོད་ཚུལ་དར་སྤེལ་ཤུགས་ཆེན་གཏོང་བ། སྲིད་ཇུས་ཞིབ་འཇུག་ལས་དོན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་བ། ཇུས་འདོན་ལས་རོགས་ཀྱི་ནུས་པ་འདོན་སྤེལ་ཏན་ཏིག་བཅས་བྱས་ནས་བོད་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་དྲུང་ཆེ་ཟླ་བ་ཚེ་རིང་བརྟག་ཞིབ་ལ་ཞུགས་ཡོད་པ་རེད།
  བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་ཞིང་ལས་གྲོང་གསེབ་ཞིབ་འཇུག་ཁྲུའུ་དང་། ཏང་འཛུགས་སྐྱོང་ཞིབ་འཇུག་ཁྲུའུ། དྲུང་ཡིག་ཁྲུའུ། 《བོད་ལྗོངས་གསར་པ》དུས་དེབ་ཁང་བཅས་སུ་ལས་བྱེད་པ་དང་ལས་བཟོར་འཚམས་འདྲི་གནང་བར་ཕེབས་ནས་ཚང་མའི་ལས་ཀ་དང་འཚོ་བའི་གནས་ཚུལ་བྱམས་བརྩེའི་ངང་བཀའ་འདྲི་དང་ཏང་གི་དུས་དེབ་དྲིལ་བསྒྲགས་དང་། ཐབས་ཇུས་བློ་འདྲི། སྲིད་ཇུས་ཞིབ་འཇུག་བཅས་ཀྱི་ལས་དོན་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། དེ་རྗེས་འཚོགས་པའི་བཞུགས་མོལ་ཚོགས་འདུའི་ཐོག ཝང་ཅུན་ཀྲེང་གིས་ཚང་མ་དང་སྤེལ་རེས་གཏིང་ཟབ་གནང་ནས་བསམ་འཆར་དང་གྲོས་འགོ་ནན་ཏན་གསན་ཞིང་། ཁོང་གིས། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་འཚོགས་ཚུན། སྲིད་ཇུས་ཞིབ་འཇུག་ཁང་གིས་ཐོག་མཐའ་བར་གསུམ་དུ་དར་ཆ་གསལ་སྟོན་གྱིས་ཆབ་སྲིད་ལ་སྣང་ཆེན་བྱས་ནས“གཏན་འཁེལ་གཉིས”སྲུང་སྐྱོབ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་ཐུབ་པར་བྱས་ཏེ་ཐོག་མཐའ་བར་གསུམ་དུ་ཏང་ཨུད་ཀྱི་མཐོ་ཚད་ཐོག་ནས་དོན་དག་ལ་བསམ་བློ་གཏོང་བ་དང་། སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་ཐབས་ཇུས་འདོན་པ། ཐོག་མཐའ་བར་གསུམ་དུ་སྤྱོད་ཚུལ་བཟང་པོ་དར་སྤེལ་གཏོང་བ་བཅས་བྱས་པ་དང་རིག་གནས་ལ་བརྟེན་ནས་སྲིད་དོན་ལ་གཞོགས་འདེགས་དང་། བརྟག་དཔྱད་ཞིབ་འཇུག སྲིད་ཇུས་ཇུས་འབུལ། ཏང་གི་དུས་དེབ་དྲིལ་བསྒྲགས་སོགས་ཀྱི་ལས་དོན་ལ་གྲུབ་འབྲས་བཟང་པོ་ཐོབ་ཡོད་ཅེས་གསུངས་པ་རེད།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། སྲིད་ཇུས་ཞིབ་འཇུག་ཁང་ནི་ཏང་ཨུད་ཀྱི་སྡེ་ཚན་གལ་ཆེན་དང་། ཏང་ཨུད་ཀྱི“བསམ་བློའི་མཛོད”དང“ཇུས་འདོན་ཚོགས་པ”ཡིན་པས། ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐབས་ཇུས་ཇུས་བཀོད་ལ་ཞབས་འདེགས་ཞུ་བ་དང་གནད་དོན་གལ་ཆེན་བརྟག་དཔྱད་ཞིབ་འཇུག་ལ་སྤྱི་འདོམས་བྱེད་པའི་གཟི་བརྗིད་ཀྱི་ལས་འགན་ཁུར་ཡོད། རིགས་པའི་གཞུང་ལུགས་ཀྱིས་དྲག་ཆས་སྤྲོས་ཤུགས་ཆེ་རུ་བཏང་ནས་དེ་བས་རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་བློ་བརྟན་འགྱུར་མེད་ཀྱི་དད་མོས་པ་དང་ལྷག་བསམ་རྣམ་དག་གི་ལག་ལེན་པ་ཞིག་བྱས་ཏེ། རིགས་པའི་གཞུང་ལུགས་དང་དོན་དངོས་ཟུང་འབྲེལ་བྱེད་པའི་སློབ་སྲོལ་དར་སྤེལ་གཏོང་བ་དང་། ཕྱོགས་ཡོངས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་ནན་ཏན་བྱས་ནས་གོ་དོན་མཐིལ་རྟོགས་ཀྱིས་དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་གྱི་ལྟ་བ་དང་བརྟག་ཐབས་སྨྲ་བར་གོ་བ་གཏིང་ཟབ་བླངས་ཏེ་བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་དོན་ལ་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས།
  ཝང་ཅུན་ཀྲེང་གིས་ནན་བཤད་གནང་དོན། བརྟག་དཔྱད་ཞིབ་འཇུག་རྒྱ་ཁྱབ་གཏིང་ཟབ་བྱེད་པ་དང་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ། བརྟག་ཞིབ་ལས་དོན་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ཐབས་ཇུས་དགོས་མཁོ་དང་ཟུང་འབྲེལ་དམ་ཟབ་བྱས་ནས་ཏང་ཨུད་ཀྱིས་ཚན་རིག་དང་མཐུན་པའི་ཐབས་ཇུས་འདོན་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས། ཏང་གི་མང་ཚོགས་ལམ་ཕྱོགས་མཐའ་འཁྱོངས་དང་། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས། དོན་དངོས་དང་། གཞི་རིམ། མང་ཚོགས་བཅས་ཀྱི་ཁྲོད་དུ་བསྐྱོད་ནས་གནས་ཚུལ་བརྟག་དཔྱད་དང་ཤེས་རྟོགས་བྱེད་པ། རང་རྟོགས་ངང་མང་ཚོགས་ལ་སློབ་སྦྱོང་དང་དོན་དངོས་ལ་སློབ་སྦྱོང་བྱེད་པ། “ཐོག་མའི་དཔྱད་གཞི”ཁོང་དུ་ཆུད་པ། གནས་ཚུལ་གསལ་རྟོགས་དང་། གནད་དོན་འཚོལ་ཞིབ། ཐབས་ཇུས་ཏན་ཏིག་འདོན་པ། གནད་དོན་ཐག་གཅོད་དང་ལས་དོན་ལ་སྐུལ་འདེད་གཏོང་བའི་བསམ་ཕྱོགས་དང་བྱེད་ཐབས་ཆགས་པ་བཅས་བྱས་ཏེ། སྲིད་ཇུས་ཞིབ་འཇུག་ལ་ཚན་རིག་རང་བཞིན་དང་། དམིགས་སའི་རང་བཞིན། བཀོལ་སྤྱོད་ཆོག་པའི་རང་བཞིན་བཅས་དེ་བས་ལྡན་པའི་འགན་ལེན་བྱེད་དགོས།
  ཝང་ཅུན་ཀྲེང་གིས། ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དུས་རབས་གསར་པའི་ཏང་གི་རྩ་འཛུགས་ལམ་ཕྱོགས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ་བློ་དཀར་སེམས་དཀར་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་བྱང་ཚད་མཐོ་བའི་སྲིད་ཇུས་ཞིབ་འཇུག་གི་ལས་བྱེད་པའི་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས། སྲིད་ཇུས་ཞིབ་འཇུག་གི་ལས་དོན་སྒྲུབ་མཁན་བློ་མཐུན་ཚོས་བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་སྦྱོང་བརྡར། ལག་ལེན་གྱི་སྦྱོང་བརྡར། ཆེད་ལས་ཀྱི་སྦྱོང་བརྡར་བཅས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཏང་དང་མི་དམངས་ཀྱི་བྱ་གཞག་ལ་ཚད་མཐོའི་འགན་འཁུར་བའི་སྙིང་སྟོབས་ལ་བརྟེན་ནས་སློབ་སྦྱོང་རྒྱུན་ཆད་མེད་པར་བྱེད་པ་དང་། ཉམས་མྱོང་རྒྱུན་ཆད་མེད་པར་གསོག་པ། ཚོར་ཤེས་རྒྱུན་ཆད་མེད་པར་ཐུབ་པ། འཇོན་ཐང་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། འགན་འཁྲི་འཁུར་ཕོད་པ། ལེགས་སྐྱེས་འབུལ་རྒྱུར་དགའ་བ། དམ་པ་དོན་གཉེར། གསར་འབྱེད་གསར་གཏོད། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བཅས་བྱས་ནས། རང་ལྗོངས་ཀྱི་བྱ་གཞག་ཁག་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་ཆེད་དགོས་ངེས་ཀྱི་ལེགས་སྐྱེས་ཧུར་ཐག་འབུལ་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།