ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཝང་ཅུན་ཀྲེང་གིས་ལྷ་སར་བརྟག་ཞིབ་གནང་བ།

སྤེལ་དུས 2023-03-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ● ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་དང་སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས།
  ཟླ་3ཚེས་23ཉིན་དང་ཚེས་24ཉིན། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཅུན་ཀྲེང་ལྷ་ས་གྲོང་ཁྱེར་དཔལ་འབྱོར་གསར་སྤེལ་ཁུལ་དང་། སྟོད་ལུང་བདེ་ཆེན་ཆུས། སྟག་རྩེ་ཆུས་བཅས་སུ་ཕེབས་པ་མ་ཟད། ལས་ཡུལ་དང་ཁེ་ལས་ཀྱི་འཁོར་ཁང་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་བརྟག་ཞིབ་གནང་ཞིང་། ཁོང་གིས་འདི་ལོ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱེད་པའི་འགོ་ཚུགས་ལོ་ཞིག་ཡིན་པས། ལྷ་ས་གྲོང་ཁྱེར་གྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མུ་མཐུད་སློབ་སྦྱོང་དང་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་བྱེད་པ། དམ་པ་དོན་གཉེར་དང་དངོས་འཛིན་དངོས་སྒྲུབ་བཅས་བྱས་ནས་ལྗོངས་ཡོངས་ཀྱི་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་པའི་ནན་བཤད་གནང་བ་རེད།
  བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཡན་ཅིན་ཧའེ་དང་། ཁྲེན་ཡུང་ཆི། ལིའུ་ཅང་། ལའེ་ཅའོ། ཕུར་བུ་དོན་གྲུབ། ཤའོ་ཡིའུ་ཚའེ། ཟླ་བ་ཚེ་རིང་། ཀྲང་ཡན་ཆིང་། ལང་ཧྥུའུ་ཁོན། མོང་ཞའོ་ལིན་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས་ཡོད་པ་རེད།
  གཙོ་གནད་རྣམ་གྲངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི“བརྟན་གཏོང་ཡོ་བྱད”དང“སྒུལ་ཤུགས་ཆེན་པོ”ཞིག་རེད། ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་དུས་དང་རྣམ་པ་ཀུན་ཏུ་ཐུགས་ལ་བཅངས་ཡོད། ཀྲུང་གོ་མི་དམངས་སློབ་ཆེན་ཞོར་གཏོགས་སློབ་འབྲིང་ལྷ་སའི་སློབ་གྲྭ་ནི་ལོ་15ཡི་རྒྱུན་འཇགས་ལམ་ལུགས་ཀྱི་སློབ་གྲྭ་ཞིག་ཡིན་པ་དང་། 2023ལོའི་ལོ་མཇུག་ཏུ་ཚན་པ་ཡོངས་ཀྱི་ཨར་ལས་གཙོ་བོ་ལེགས་སྒྲུབ་བྱ་རྩིས་ཡོད་པ་རེད། “སློབ་གྲྭ་བསྐྲུན་ཟིན་རྗེས་སློབ་མ་ག་ཚོད་ཙམ་ཤོང་ཐུབ་བམ། དགེ་རྒན་གྱི་སྟོབས་ཤུགས་བཀོད་སྒྲིག་ཇི་ལྟར་བྱེད་དགོས་སམ” ཝང་ཅུན་ཀྲེང་གིས་འགྲེམས་པང་ལ་གཟིགས་པ་དང་། ངོ་སྤྲོད་གསན་པ། འཕེལ་རིམ་བཀའ་འདྲི་བཅས་གནང་ནས་སློབ་གྲྭའི་མཁྲེགས་ཆས་སྒྲིག་བཀོད་དང་དགེ་རྒན་དཔུང་ཁག་གྲབས་གསོག་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་རྗེས། དམངས་འཚོའི་འདུ་འགོད་ལེགས་གཏོང་ལ་སྐུལ་འདེད་གཏོང་བ་དང་དགེ་རྒན་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་བརྒྱབ་ནས་དུས་བཀག་ལྟར་སློབ་བསྡུའི་སློབ་གཉེར་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཝང་ཅུན་ཀྲེང་སྟོད་ལུང་གཙང་པོའི་ངོགས་གཉིས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དང་། ལྷ་སའི་ལུང་ཤུར(སྟོད་ལུང་ནུབ་ཕྱོགས)གྱི་སྐྱེ་ཁམས་སྲུང་སྐྱོང་ཉམས་གསོའི་ཚོད་ལྟའི་ལས་གྲྭའི་ལས་ཡུལ་དུ་ཕེབས་ནས། ལེ་དབར་བརྒྱའི་སྐྱེ་ཁམས་སྔོ་ལྗང་བར་ཁྱམས་དང་། ལེ་དབར་བརྒྱའི་གྲོང་ཁྱེར་དང་གྲོང་གསེབ་བར་ཁྱམས། སྒོར་དུང་ཕྱུར་བརྒྱའི་ཐོན་ལས་བར་ཁྱམས་བཅས་ཀྱི་འཆར་འགོད་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས། “རི་སྔོན་ཆུ་དྭངས་གསེར་དངུལ་རི་ལས་ལྷག གངས་རི་འཁྱགས་ཀླུང་ཡིན་ཡང་གསེར་དངུལ་རི”ཡི་འདུ་ཤེས་བརྟན་པོ་བཙུགས་ནས། མིག་སྔར་གཞི་ཚུགས་པ་དང་ཕུགས་ལ་དམིགས་ཏེ་བྱེ་འགོག་བྱེ་བཅོས་དང་ཤིང་འཛུགས་ནགས་བཟོ་སོགས་སྐྱེ་ཁམས་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། དཔལ་འབྱོར་འཕེལ་རྒྱས་དང་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པར་སྤྱི་འདོམས་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་ལྗང་མདོག་འཕེལ་རྒྱས་ཀྱི་བར་ཁྱམས་ཆེ་རུ་གཏོང་བ་བཅས་བྱས་ནས་ལྷ་ས་དངོས་འབྲེལ་སྔོ་ལྗང་ཅན་དུ་འགྱུར་བ་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  བོད་ལྗོངས་ཁྲེང་ཧྥ་ལན་ཧྭ་ནོར་མཛོད་རིག་གནས་འཕེལ་རྒྱས་ཚད་ཡོད་ཀུང་སི་ནི་རང་སྐྱོང་ལྗོངས་རིམ་པའི“ཐོན་སློབ་མཉམ་འདྲེས་ཀྱི་སློབ་གསོའི་རྟེན་གཞི”ཡིན་པ་དང་། ཇུས་འགོད་བྱས་པའི་ཐོན་སྐྱེད་ནུས་པའི་ཚད་ལ་སླེབས་རྗེས་ལས་མི་400ལྷག་ཙམ་བསྡུ་རྒྱུ་རེད། ཝང་ཅུན་ཀྲེང་གིས་རྫ་ཆས་ཐོན་སྐྱེད་བཟོ་རྩལ་དང་། མ་བཅོས་རྒྱུ་ཆ་མཁོ་འདོན། མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་ལ་སྐུལ་ཁྲིད་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་མ་ཟད། ད་དུང་སྤྲོ་སྣང་ཆེན་པོས་རྫ་ཆས་ཀྱི་ལག་ཤེས་བཟོ་རྩལ་ལའང་གཟིགས་པ་རེད། ཁོང་གིས། སྲོལ་རྒྱུན་རྒྱུན་འཛིན་དང་གསར་གཏོད་འཕེལ་རྒྱས་གལ་ཆེ་མཉམ་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་ལག་རྩལ་གྱི་དཀའ་གནད་ལས་ནུས་ཤུགས་ཡོད་རྒུས་སྒྲོལ་ཐུབ་པར་བྱས་ཏེ་གཞི་ཁྱོན་ཅན་དང་། ཁྱད་ཆོས་ཅན། སྤུས་རྟགས་ཅན་བཅས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། ཀུང་སི་དེས་ཐོན་སྐྱེད་བྱས་པའི་རྫ་ཆས་ལ་རྒྱལ་ཁབ་ཕྱི་ནང་གི་ཁྲོམ་རར་དགའ་བསུ་ཆེན་པོ་ཐོབ་པ་མཁྱེན་རྗེས། ཝང་ཅུན་ཀྲེང་གིས། ཀུང་སིའི་འགན་འཁུར་བས་ཐོན་རྫས་ཀྱི་བཟོ་རྩལ་མུ་མཐུད་ལེགས་སུ་བཏང་སྟེ་གསར་གཏོད་དང་། བསམ་བཀོད། གསར་སྐྲུན་བཅས་ཀྱི་ཐད་ལ་ཤུགས་སྣོན་དང་། རིག་གནས་བསམ་བཀོད་ཐོན་རྫས་ཁྱབ་གདལ་གཏོང་བ། རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཕུལ་བྱུང་གི་སྲོལ་རྒྱུན་རིག་གནས་དར་རྒྱས་གོང་འཕེལ་གཏོང་རྒྱུའི་ལྕག་སྐུལ་གནང་བ་རེད།
  བརྟག་ཞིབ་གནང་རིང་། ཝང་ཅུན་ཀྲེང་གིས་ལྷ་ས་གྲོང་ཁྱེར་གྱི་ལས་དོན་སྙན་ཞུ་གསན་ཞིང་། ཁོང་གིས། བོད་ཀྱི་ལྟེ་བའི་གྲོང་ཁྱེར་ཡིན་པའི་ལྷ་ས་གྲོང་ཁྱེར་གྱིས་ལྗོངས་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ཁྲོད་གནས་བབ་གལ་ཆེན་བཟུང་བ་དང་ནུས་པ་གལ་ཆེན་འདོན་བཞིན་ཡོད། ཉམས་མྱོང་ལ་ཕྱོགས་སྡོམ་དང་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གནད་དོན་གྱི་སྟོན་ཕྱོགས་མཐའ་འཁྱོངས་བྱེད་པ། ཚན་རིག་དང་མཐུན་པའི་ངང་དུས་བབ་སྟངས་འཛིན་བྱེད་པ། འཕེལ་རྒྱས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། ལས་ཀའི་རང་འགུལ་དབང་ཆར་སྟངས་འཛིན་ནན་པོ་བྱེད་པ། ཁྱབ་འགྱེད་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བཅས་བྱས་ནས་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་ཧུར་ཐག་གཏོང་དགོས་ཞེས་གསུངས་པ་རེད།
  ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་བསམ་བློའི་ངོས་འཛིན་གཏིང་ཟབ་ཏུ་གཏོང་བར་ཤུགས་སྣོན་ཆེན་པོ་རྒྱག་དགོས། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ཁོང་དུ་གཏིང་ཟབ་ཆུད་པར་བྱས་ནས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་།“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཐུབ་པ་བཅས་བྱས་ཏེ། བློ་བརྟན་འགྱུར་མེད་ངང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དང་། བློ་བརྟན་འགྱུར་མེད་ངང་བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བ་བྱེད་དགོས། རང་རྟོགས་ངང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པར་བརྟེན་ནས་མི་སེམས་གཅིག་ཏུ་སྒྲིལ་བ་དང་། དེའི་ནང་འདུས་པའི་ཚན་རིག་དང་མཐུན་པའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བ་ཁོང་དུ་ཆུད་པར་བྱས་ཏེ། བསམ་བློར་དྲག་ཆས་སྤྲོས་པ་དང་། ལག་ལེན་ལ་མཛུབ་ཁྲིད་བྱེད་པ། ལས་ཀར་སྐུལ་འདེད་གཏོང་བ་བཅས་ཏན་ཏིག་བྱེད་དགོས།
  སྤྱི་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བར་ཤུགས་སྣོན་ཆེན་པོ་རྒྱག་དགོས། “རྒྱལ་ཡོངས་བསམ་ཇུས་གཅིག”གི་བསམ་བློ་བརྟན་པོ་བཙུགས་ནས་རང་འགུལ་ངང་ལྷ་སའི་ལས་དོན་དེ་ཏང་དང་རྒྱལ་ཁབ་ཀྱི་ལས་ཀའི་སྤྱི་ཡོངས་ཁྲོད་བཞག་སྟེ་བསམ་གཞིག་དང་། ཇུས་འགོད། སྐུལ་འདེད་བཅས་གཏོང་བ་དང་བྱ་སྤྱོད་དངོས་ལ་བརྟེན་ནས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་དོན་འཁྱོལ་ཐུབ་པའི་འགན་ལེན་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་ཀྱི་བསྐྱར་དར་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་ལྷ་སའི་ལེགས་སྐྱེས་འབུལ་དགོས།
  གདོང་དམག་ཡག་པོ་ཞིག་བྱེད་པར་ཤུགས་སྣོན་ཆེན་པོ་རྒྱག་དགོས། ཉེན་བརྡ་རྒྱུན་སྒྲོག་དང་རྟག་ཏུ་དོགས་ཟོན་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་གྱི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་བཏང་སྟེ་སྤྱི་ཚོགས་སྤྱི་ཡོངས་རྒྱུན་མཐུད་དང་། ཞི་མཐུན། བརྟན་ལྷིང་བཅས་ཡོང་བར་སྲུང་སྐྱོང་ཏན་ཏིག་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་མཐའ་འཁྱོངས་ཀྱིས་མང་ཚོགས་ཀྱི་འཚོ་བར་སེམས་ཁུར་དང་ལས་ཀ་བྱེད་སྟངས་ལ་དོ་སྣང་བྱས་ཏེ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་རྣམས་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ་དང་། སློབ་གསོ་དང་། འཕྲོད་བསྟེན། ལས་ཞུགས་སོགས་དམངས་འཚོའི་དོན་དངོས་ཏན་ཏིག་བསྒྲུབས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས།
  ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་ཆེན་པོ་རྒྱག་དགོས། མང་ཚོགས་ཀྱི་ལྟ་བ་བརྟན་པོར་བཙུགས་ནས་ཏང་དང་རྒྱལ་ཁབ་ཀྱི་ཐབས་ཇུས་དང་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱེད་པར་ཐག་གཅོད་བྱེད་དགོས་པའི་གནད་དོན་ལ་དམ་པོར་དམིགས་པ་དང་། མི་དམངས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་དགོས་མཁོར་དམ་པོར་དམིགས་ཏེ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་ཤེས་རྟོགས། གནས་ཚུལ་གསར་པར་ཞིབ་འཇུག་ཧུར་ཐག གནད་དོན་གསར་པ་རང་འགུལ་ངང་ཐག་གཅོད། དུས་བབ་གསར་པའི་འོག་མང་ཚོགས་ཀྱི་ལས་དོན་དང་གྲོང་ཁྱེར་འཕེལ་རྒྱས་དང་དོ་དམ་བྱེད་པའི་ཕན་ནུས་ལྡན་པའི་ལས་ཀའི་ལམ་སྲོལ་འཚོལ་ཞིབ་བཅས་བྱས་ཏེ་མང་ཚོགས་ཀྱི་ལས་དོན་ལ་རྒྱུས་མངའ་ཡོད་པ་ཞིག་ཏུ་དངོས་འབྲེལ་འགྱུར་བར་བྱེད་དགོས། སྤྱོད་ཚུལ་ལེགས་གཏོང་དང་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། ཉམས་མྱོང་ནི་ལག་ལེན་དང་འཇོན་ཐང་ནི་སྦྱོང་བརྡར་ལས་བྱུང་བ་ཞིག་ཡིན་པས། འགོ་ཁྲིད་ལས་བྱེད་པས་འགག་རྩའི་ཉུང་ཤས་ཀྱི་ནུས་པ་འདོན་སྤེལ་དང་། སྣེ་ཁྲིད་དེ“མིག་དཔེ་དྲུག”ལག་བསྟར། སློབ་སྦྱོང་བྱེད་སྲོལ་དར་སྤེལ་ཤུགས་ཆེན། རང་ངོས་ཀྱི་བློ་སྦྱོང་ལ་ཤུགས་སྣོན། རང་འགུལ་ངང་འགན་འཁྲི་འཁུར་ཕོད་པ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་། འགན་འཁུར་ཕོད་པ་བཅས་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་ཧུར་ཐག་བྱེད་དགོས།
རྩོམ་སྒྲིག་པ། སངས་སྐྱབས།