ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ད་ལོའི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཁོང་རྣམ་པར་ཐོབ་འདུག

སྤེལ་དུས 2023-04-25 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
         ཟླ4པའི་ཚེས23ཉིན།  བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ཆོག་མཆན་ཐོབ་པ་བརྒྱུད།  2023ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་དམ་བཅའ་འཇོག་པ་དང་ལག་འཁྱེར་འབུལ་བའི་མཛད་སྒོ་ལྷ་ལྡན་གཙུག་ལག་ཁང་དུ་འཚོགས།

         བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ཚབ་ཞུས་ནས་མཚན་གནས་ཐོབ་པའི་རྒྱུགས་འབུལ་དགེ་འདུན་པ་ཚོར་དར་ཚོན་སྣ་ལྔ་དང་།  ཤིང་འབྲས།  གྲྭ་གཟན།  སྐུ་འགྱེད་སོགས་གནང་བ།

         བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་། ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ། བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་སློབ་གནས་རག་པའི་རྒྱུགས་འབུལ་དགེ་འདུན་པར་ཁ་བཏགས་དང་མཚན་གནས་ལག་འཁྱེར་གནང་བ།
          བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་དང་ལྗོངས་ཏང་ཨུད་འཐབ་ཕྱོགས་གཅིག་གྱུར་པུའི་པུའུ་ཀྲང་གཞོན་པ་ཞུས་ཀྲི་ཐའོ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་བྱས་ནས་དགེ་བཤེས་ལྷ་རམས་པའི་མཚན་གནས་ཐོབ་པའི་རྒྱུགས་འབུལ་དགེ་འདུན་པར་དར་ཚོན་སྣ་ལྔ་དང་།  ཤིང་འབྲས།  གྲྭ་གཟན།           སྐུ་འགྱེད་སོགས་གནང་།  བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་།  ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་རྒྱུན་ལས་ཚོགས་གཙོ་གཞོན་པ།  བོད་ལྗོངས་ནང་བསྟན་སློབ་གླིང་གི་ཡོན་ཀྲང་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཤིས་ཚིག་བསྒྲོན་པ་དང་ཆབས་ཅིག ཚོགས་གཙོ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོའི་ཚབ་ཞུས་ནས་མཚན་གནས་ཐོབ་པའི་རྒྱུགས་འབུལ་དགེ་འདུན་པར་མཇལ་དར་བསྒྲོན་པ་དང་མཚན་གནས་ལག་འཁྱེར་གནང་བ་དང་།  བོད་ལྗོངས་ཆོས་ལུགས་ལས་དོན་ཅུས་ཀྱི་འགན་འཁུར་བས་དམ་བཅའ་འཇོག་མཁན་དགེ་འདུན་པར་སྐུ་འགྱེད་གནང་།
          དམ་བཅའ་འཇོག་རིང་དུ་རྒྱུགས་འབུལ་དགེ་འདུན་པས་གཞུང་ཆེན་བཀའ་པོད་ལྔ་དང་འབྲེལ་བའི་ནང་དོན་ལ་གཞིགས་ནས་རྟགས་གསལ་བཏང་གནང་བ་དང་།  དཔྱད་ཞིབ་ཨུ་ལྷན་གྱིས་དཔྱད་བསྡུར་ནན་པོ་བྱས་མཐར་སེ་ར་དགོན་པའི་དགེ་འདུན་པ་ཚུལ་ཁྲིམས་རྒྱལ་མཚན་ལ་ཨང་དང་པོ་ཐོབ་པ་དང་།  བཀྲ་ཤིས་ལྷུན་པོའི་དགེ་འདུན་པ་བློ་བཟང་དཔལ་ལྡན་ཆོས་གྲགས་ལ་ཨང་གཉིས་པ་ཐོབ།  ཆབ་མདོའི་དབྱེན་འདུམ་དགོན་གྱི་དགེ་འདུན་པ་བློ་བཟང་བཀྲ་ཤིས་ལ་ཨང་གསུམ་པ་ཐོབ།  ཆབ་མདོ་དཔའ་ཤོད་དགོན་གྱི་དགེ་འདུན་པ་བློ་བཟང་དར་རྒྱས་ལ་ཨང་བཞི་པ་ཐོབ།  ཆབ་མདོ་བྱམས་ཁང་དགོན་གྱི་དགེ་འདུན་པ་བློ་བཟང་ཆོས་ལྡན་ལ་ཨང་ལྔ་པ་ཐོབ།  དེ་བྱིངས་ཀྱི་རྒྱུགས་འབུལ་དགེ་འདུན་པ་བརྒྱད་པོར་ཨང་དྲུག་པ་ནས་བཅུ་གསུམ་པའི་བར་གྱི་མཚན་གནས་ཐོབ།
          ཤེས་རྟོགས་བྱུང་བ་ལྟར་ན།  2023ལོའི་བོད་བརྒྱུད་ནང་བསྟན་གྱི་དགེ་བཤེས་ལྷ་རམས་པའི་མཚན་གནས་ཀྱི་དབྱར་དུས་ཀྱི་སྔོན་རྒྱུགས2022ལོའི་ཟླ7པར་དགའ་ལྡན་དགོན་དུ་ཐུགས་གྲ་ལེགས་སྒྲིག་བྱུང་ཡོད།
རྩོམ་སྒྲིག་པ། སངས་སྐྱབས།