ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཚོང་གཉེར་ཁོར་ཡུག་ལེགས་སུ་བཏང་ནས་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་རུ་གཏོང་བ།

སྤེལ་དུས 2023-04-26 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
—— སྟག་རྩེ་བཟོ་ལས་གླིང་གིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་བཏང་བའི་སྐོར་བཀོད་པ།
  ཉེ་ཆར་གསར་འགོད་པ་སྟག་རྩེ་བཟོ་ལས་གླིང་དུ་སྐྱོད་སྐབས། རྣམ་གྲངས་ཀྱི་ལས་དུས་དམ་འཛིན་གྱིས་འཛུགས་སྐྲུན་མགྱོགས་མྱུར་བྱེད་པ་དང་ཁེ་ལས་ཀྱིས་བྲེལ་འཚུབ་ངང་མངགས་ཐོ་ཐོན་སྐྱེད་བྱེད་པའི་རྣམ་པ་མཐོང་བྱུང་ལ། གླིང་ཁུལ་འཕེལ་རྒྱས་མྱུར་པོ་འགྲོ་བཞིན་པའི་རྣམ་པ་བཟང་པོའང་ཚོར་བྱུང་།
  ཉེ་བའི་ལོ་ཤས་རིང་། གླིང་ཁུལ་གྱི་འཕེལ་རྒྱས་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་ཕྱིན་པ་དང་བསྟུན་ནས། ལེ་ལག་ཚང་བའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་ཏེ་ཚན་རྩལ་འདུས་ཚད་མཐོ་བ་དང་དཔལ་འབྱོར་ཕན་འབྲས་ལེགས་པའི་སྤུས་ལེགས་ཀྱི་རྣམ་གྲངས་རེ་རེ་དེ་གར་རྩ་བ་བརྟན་པོ་ཚུགས་པ་དང་སྣེ་འདྲེན་སྟོབས་ཆེན་དང་། འབྲེལ་ཐག་གསབ་པ། ཚོགས་སྤྱི་འདུས་པ་བཅས་ཀྱི་ཕྱོགས་སུ་རིམ་གྱིས་བསྐྱོད་དེ། ཁྱད་ཆོས་མངོན་གསལ་དོད་པའི་བཟོ་ལས་གླིང་གཏོད་པའི་དམིགས་ཚད་ཀྱི་ཕྱོགས་སུ་ཟམ་མི་ཆད་པར་སྐྱོད་བཞིན་ཡོད། མིག་སྔའི་བར་རིམ་རྩིས་བྱས་ན་ཁེ་ལས་1600བཅའ་སྡོད་བྱས་ཡོད་པ་དང་། འདི་ལོའི་ཟླ་དང་པོ་ནས་གསུམ་པའི་བར་བཟོ་ལས་ཀྱི་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་4401.92ལེགས་སྒྲུབ་བྱས་པ་དང་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་24287.71ཟིན་ཡོད་པ་རེད།
  བོད་རང་སྐྱོང་ལྗོངས་དང་ལྷ་ས་གྲོང་ཁྱེར་གྱི་ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ་དང་ཚོང་འགུགས་མ་འདྲེན་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་ཆེད། བོད་ལྗོངས་སྟག་རྩེ་བཟོ་ལས་གླིང་གིས་ཐབས་མང་མཉམ་སྤྱོད་ཀྱིས་ཁེ་ལས་སྔོན་ལ་འཇོག་པའི་ཁྲིམས་སྐྱོང་ཅན་གྱི་ཚོང་གཉེར་ཁོར་ཡུག་བཏོད་པ་རེད།
  —— ཁེ་ལས་ལ་སྲིད་ཇུས་ཀྱི་རོགས་སྐྱོར་བྱས་པ། 2023ལོར་སྟག་རྩེ་བཟོ་ལས་གླིང་གིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་དང་བྱ་ཐབས་ཁག་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཧུར་ཐག་བཏང་ནས། སྤུས་ལེགས་ཀྱི་སྲིད་དོན་ཞབས་ཞུའི་མཁོ་སྤྲོད་རྒྱུན་ཆད་མེད་པར་མང་དུ་གཏོང་བ་དང་སྲིད་ཇུས་ཀྱི་ཁེ་སྤོགས་མང་དུ་བཏང་སྟེ། ཐོན་ལས་གླིང་གི་ཁེ་ལས་སླར་གསོ་དང་འཕེལ་རྒྱས་འགྲོ་རྒྱུར་རོགས་རམ་དང་གསར་གཏོད་ཀྱི་སྒུལ་ཤུགས་ཆེ་རུ་བཏང་ཡོད། ཁེ་ལས་ཀྱི་རང་ངོས་གསར་བརྗེར་སྐུལ་འདེད་གཏོང་བ་དང་། དམིགས་སའི་རང་བཞིན་ལྡན་པའི་སྒོ་ནས་དཔྱད་འདེམས་ཀྱི་ཆ་རྐྱེན་གཏན་འཁེལ་བྱེད་པ། ཁེ་ལས་ཚན་རིག་དང་མཐུན་ལ་དོ་སྙོམས་ངང་འཕེལ་རྒྱས་འགྲོ་རྒྱུར་ལྡོག་སྐུལ་གཏོང་བ་བཅས་བྱས་ཏེ་སྤུས་ཚད་མཐོ་པོའི་སྒོ་ནས་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྲིད་ཇུས་ཀྱི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་དང་སྤུས་ཚད་མཐོ་པོའི་སྒོ་ནས་ས་མཐོའི་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱས་ཡོད་པ་རེད།
  —— ཞབས་འདེགས་ཞུས་ནས་ཁེ་ལས་དང་ཉེ་བཅར་བྱས་པ། བཅའ་སྡོད་ཁེ་ལས་ལ“སྡེ་ཚན་གཅིག་གིས་བདག་སྤྲོད་དང་ལུ་གུ་བརྒྱུད་འབྲེལ་གྱི་ཞབས་ཞུའི”དུས་བཀག་ལས་སྒྲུབ་ཀྱི་ཞབས་ཞུ་མཁོ་འདོན་བྱ་ཆེད། “དྲ་སྦྲེལ་དང་། སྲིད་དོན། ཞབས་ཞུ་བཅས་ཟུང་འབྲེལ”གྱི་བྱེད་ཐབས་ནང་འདྲེན་ཧུར་ཐག་བྱས་ཏེ་གྲངས་གཞི་མང་པོ་རག་ཐབས་དང་། ཁེ་ལས་ཀྱིས་ཕར་རྒྱུག་ཚུར་རྒྱུག་བྱེད་མི་དགོས་པ། ལས་སྒྲུབ་བརྒྱུད་རིམ་ལེཌ་ཤོས་སུ་བཏང་བ། བརྒྱུད་རིམ་ཡག་ཤོས་ཀྱི་ཚོང་གཉེར་ཁོར་ཡུག་བཏོད་པ་བཅས་བྱས་ཡོད་པ་རེད། 
  —— ལས་སྟེགས་ལ་བརྟེན་ནས་ཁེ་ལས་ལེགས་སུ་བཏང་བ། སྟག་རྩེ་བཟོ་ལས་གླིང་གི་ཁེ་ལས(ཚོང་འགུགས)ཞབས་ཞུའི་ལྟེ་གནས་དང་། གཉིས་གཏོད་རྟེན་གཞི། ཁེ་ལས་འབྲིང་ཆུང་གི་སྐྱོང་སྤེལ་རྟེན་གཞི་སོགས་ཀྱི་ལས་སྟེགས་སྒྲིག་བཀོད་ཀྱིས་བཅའ་སྡོད་ཁེ་ལས་ལ་ཆེད་ལས་ཅན་གྱི་སྐྱེད་སྲིང་བྱས་ནས་སྐྱོང་སྤེལ་བཟོ་ཁང་དང་ལས་གཏོད་འདེགས་སྐྱོར་སོགས་ཀྱི་རྨང་གཞིའི་རང་བཞིན་གྱི་ཞབས་ཞུ་མཁོ་འདོན་བྱས་ཡོད། དེ་དང་ཆབས་ཅིག་བཅའ་སྡོད་ཁེ་ལས་ལ་སྲིད་ཇུས་ཀྱི་ཁྲིམས་དོན་བློ་འདྲི་དང་། ཆ་འཕྲིན་མཉམ་སྤྱོད། འགྲོ་ལུགས་ཚབ་གཉེར། རྩིས་བཤེར་ཞིབ་རྩིས། ཐོན་ལས་མཉམ་ལས་སོགས་ཆེད་ལས་ཅན་གྱི་ཞབས་ཞུ་མཁོ་འདོན་བྱས་ཏེ“གཅིག་གཏད་གཅིག”གི་རྣམ་པའི་ཐོག་ནས་ཁེ་ལས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད།
  —— ལྟ་འདོམས་ལ་བརྟེན་ནས་ཁེ་ལས་ཀྱི་བདེ་འཇགས་འགན་ལེན་བྱས་པ། ཐོན་ལས་གླིང་བདེ་འཇགས་ལྟ་སྐུལ་ཅུས་དང་། ཁོར་ཡུག་སྲུང་སྐྱོང་ཅུས། དཔལ་འབྱོར་སྒྲིག་སྲོལ་ཅུས་བཅས་ཀྱིས་འབྲེལ་ཡོད་འགན་ནུས་སྡེ་ཚན་དང་མཉམ་འབྲེལ་ཐོག་ཁྲིམས་སྒྱུར་བྱས་པ་དང་འབྲེལ་ཕྱོགས་གསུམ་པའི་ཆེད་ལས་སྒྲིག་གཞིས་བཅའ་སྡོད་རྣམ་གྲངས་ལ་ཚན་རིག་དང་མཐུན་པའི་ལྟ་སྐུལ་མཛུབ་ཁྲིད་ལ་གདན་ཞུ་བྱས་ཏེ་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་དང་འབྱུང་འཕྲོད་འཕེལ་རྒྱས་ལ་སྐུལ་འདེད་བཏང་བ་རེད།
  “2023ལོར་སྟག་རྩེ་བཟོ་ལས་གླིང་གིས་མུ་མཐུད་ཤུགས་བརྒྱབ་ནས་ཚོང་འགུགས་མ་འདྲེན་ལས་དོན་ལ་དམ་འཛིན་ཤུགས་ཆེན་བྱས་ཏེ་གླིང་ཁུལ་གྱི་གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་དམིགས་ནས་གོང་འོག་སྣུར་སྲིང་གིས་ཐོན་ལས་འཁོར་འབྲེལ་གྱི་ཚོང་འགུགས་ཡག་པོ་བྱེད་པ་དང་། སྤུས་ལེགས་རྣམ་གྲངས་དོན་འཁྱོལ་ཐུབ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་ཧུར་ཐག་བཏང་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་ཁེ་ལས་ཀྱི་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་དང་ཚོང་འགུགས་མ་འདྲེན་ཐོན་ལས་ཀྱི་ངེས་གནས་རྣམ་གྲངས་ལོ་གོང་མ་ལས་10%འཕར་བ་བྱ་རྒྱུ་དང་། རྣམ་གྲངས་ལས་འགོ་འཛུགས་པར་མུ་མཐུད་སྐུལ་འདེད་གཏོང་བ། རྣམ་གྲངས་ཀྱི་དུས་འགོའི་འགྲོ་ལུགས་གཉེར་བར་སྐུལ་འདེད་གཏོང་བ། བཟོ་ལས་ཡུལ་སྐོར་གྱི་དུས་ཐེངས་གཉིས་པ་དང་གཅིག་འཐུས་ཞབས་ཞུའི་ལྟེ་གནས་རྣམ་གྲངས་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དེ་བཞིན་འབྱུང་འཕྲོད་སྒུལ་ནུས་གསར་པའི་ཐོན་ལས་གླིང་དང་གནང་ར་ཨ་རག་གྲོང་ཚོའི་རྣམ་གྲངས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་སྟག་རྩེའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་གྱི་ཡིན”ཞེས་སྟག་རྩེ་བཟོ་ལས་གླིང་དོ་དམ་ཨུ་ལྷན་གྱི་འབྲེལ་ཡོད་འགན་འཁུར་བས་བཤད།
རྩོམ་སྒྲིག་པ། སངས་སྐྱབས།