ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

​དུས་ཚིགས་དང་པོར་བོད་ལྗོངས་ཀྱི་དཔལ་འབྱོར་འཁོར་རྒྱུག་གི་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་པ།

སྤེལ་དུས 2023-04-27 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  གསར་འགོད་པར་རང་སྐྱོང་ལྗོངས་སྲིད་གཞུང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དུས་ཚིགས་དང་པོར་ལྗོངས་ཡོངས་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕར་བ་དང་འཕེལ་རྒྱས་ཀྱི་འཕེལ་རིམ་རྒྱུན་མཐུད་ངང་མགྱོགས་སུ་ཕྱིན་ནས་འཕེལ་ཕྱོགས་བཟང་པོ་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།
  དུས་ཚིགས་དང་པོར་ལྗོངས་ཡོངས་སུ་ཁྲལ་འབྲེལ་གཉེར་སྐྱོང་བྱེད་པོ་8493ཟིན་པ་དེ་དུས་མཚུངས་ལས་18%འཕར་ནས་1296མང་དུ་ཕྱིན་ཡོད། ཐོན་ལས་དབྱེ་ནས་བལྟས་ན། སྡེབ་ཚོང་སིལ་ཚོང་ལས་རིགས་ཀྱི་བྱེད་པོ་3006ཟིན་ནས་དུས་མཚུངས་ལས་13.3%འཕར་ཏེ་ལྗོངས་ཡོངས་ཀྱི་གསར་དུ་འཕར་བའི་ཁྲལ་འཇལ་བྱེད་པོའི་35.4%བཟུང་བ་དང་། འགྲིམ་འགྲུལ་སྐྱེལ་འདྲེན་དང་། བཀར་འཇུག སྦྲག་སྲིད་བཅས་ཀྱི་གསར་དུ་འཕར་བའི་བྱེད་པོ་856ཡོད་པ་དེ་དུས་མཚུངས་ལས་55.9%འཕར་ནས་ལྗོངས་ཡོངས་ཀྱི་གསར་དུ་འཕར་བའི་ཁྲལ་འཇལ་བྱེད་པོའི་10.1%བཟུང་ཡོད། ལྗོངས་ཡོངས་ཀྱི་ཐོན་ལས་གཉིས་པའི་གཙོ་གནད་ལས་རིགས་ཀྱི་མཛོད་བཅུག་ཁྲལ་འབབ་ཚང་མ་ཚད་གཞི་མི་འདྲ་བའི་སྒོ་ནས་འཕར་ཡོད། དེའི་ནང་བཟོ་སྐྲུན་ལས་རིགས་ཀྱི་ཁྲལ་འབབ་འཕར་ཚད་66.3%ཟིན་གྱི་ཡོད་པ་རེད།
  དེ་དང་ཆབས་ཅིག ལྗོངས་ཡོངས་ཀྱི་གཙོ་གནད་རྣམ་གྲངས་འགན་ལེན་ལ་སྐུལ་འདེད་བཏང་བ་དང་སྦྲགས་འཛུགས་སྐྲུན་ལས་རིགས་ཀྱི་ཁྲལ་འབབ་ཀྱི་ལེགས་སྐྱེས་ཀྱང་བརྟན་པོའི་ངང་འཕར་ཡོད། ལྗོངས་ཡོངས་ཀྱི་འཛུགས་སྐྲུན་ལས་རིགས་ཀྱི་ཁྲལ་འབབ་སྒོར་དུང་ཕྱུར་12.27ལེགས་སྒྲུབ་བྱས་པ་དེ་དུས་མཚུངས་ལས་2.8%འཕར་བ་དང་འཕར་ཚད་ན་ནིང་གི་དུས་མཚུངས་ལས་བརྒྱ་ཆའི་གྲངས་33.5མང་དུ་ཕྱིན་ནས་ཁྲལ་འབབ་ཡོངས་ཀྱི་བསྡུར་ཚད་དེ་ན་ནིང་གི་དུས་མཚུངས་ཀྱི་12.4%ནས་13.2%བར་མང་དུ་ཕྱིན་ནས་བརྒྱ་ཆའི་གྲངས་0.8འཕར་ཡོད་པ་རེད།
  དུས་ཚིགས་དང་པོར་དམངས་གཉེར་དཔལ་འབྱོར་ཕྱིར་ཚོང་དངུལ་འབོར་དུས་མཚུངས་ལས་6.3%འཕར་ནས་ལྗོངས་ཡོངས་ཀྱི་དམངས་གཉེར་དཔལ་འབྱོར་གྱིས་ལྗོངས་ཡོངས་ཀྱི་བཅུ་ཆ་བརྒྱད་ལྷག་ཙམ་གྱི་ཁྲལ་འབབ་དང་བཅུ་ཆ་དགུ་ལྷག་ཙམ་གྱི་འཛིན་ཤོག་བཏོད་ཡོད་པ་རེད། ལྗོངས་ཡོངས་སུ་འཛིན་ཤོག་ལེན་པ་དང་ཡོང་འབབ་རེ་ཞུ་བྱེད་མཁན་ཁྲལ་འབྲེལ་གཉེར་སྐྱོང་བྱེད་པོ་44748ཡོད་པ་དེ་དུས་མཚུངས་ལས་21%འཕར་བ་དང་འཛད་སྤྱོད་འདོད་བློ་དང་ཉོ་སྒྲུབ་ནུས་པ་སྔར་བས་ཆེ་རུ་ཕྱིན་ཞིང་། རང་སྐྱོང་ལྗོངས་ཀྱིས་ལག་བསྟར་བྱས་པའི“བདེ་སྐྱིད་ལྡན་པའི་བོད་ལྗོངས·འཛད་སྤྱོད་འཛིན་ཤོག་ལོངས་སུ་སྤྱོད”སོགས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དོན་བྱ་སྤྱོད་ལས་རླངས་འཁོར་ཉོ་སྒྲུབ་དཔྱ་ཁྲལ་སྒོར་དུང་ཕྱུར་2.26ཟིན་པ་དེ་དུས་མཚུངས་ལས་14.9%འཕར་ཡོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།