བོད་ལྗོངས་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་འཚོགས་པ།
སྤེལ་དུས 2023-08-22
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བསོད་ནམས་དཔལ་མོས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ8པའི་ཚེས20ཉིན། བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོ་ལྷ་སར་འཚོགས་ཤིང་། ཚོགས་འདུའི་ཐོག“བོད་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཕོ་ཉ་ཡག་ཤོས་བཅུར”ལག་ཁྱེར་སྤྲད་པ་རེད། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲིལ་བསྒྲགས་པུའི་པུའུ་ཀྲང་ཝང་ཧའེ་ཀྲོའུ་ཡིས་ཧྲུའུ་ཅི་ཝང་ཅུན་ཀྲེང་གི་མཆན་བཀོད་མཛུབ་སྟོན་བརྒྱུད་བསྒྲགས་གནང་བ་དང་འབྲེལ་འགོ་ཚུགས་མཛད་སྒོ་གཙོ་སྐྱོང་གནང་བ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ། རྒྱལ་ཁབ་དྲ་འཕྲིན་གཞུང་དོན་ཁང་གི་ཀྲུའུ་རེན་གཞོན་པ་ཉིའུ་དབྱི་པིང་གིས་གསུང་བཤད་གནང་།
ཚོགས་འདུའི་ཡུལ་དངོས།
ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་ཀྱིས་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེར་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་བསམ་པའི་དཔལ་ཡོན་འཛུགས་སྐྱོང་སྐོར་གྱི་རྣམ་བཤད་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱེད་པ་དང་། ཀྲུང་གོའི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོར་ཕུལ་བའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྟེན་འབྲེལ་འཕྲིན་ཡིག་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ཆབ་སྲིད་དང་སྤྱི་ཡོངས་ཀྱི་མཐོ་ཚད་ཐོག་ནས་སྐུལ་འདེད་གཏོང་བ་དང་ཚད་གཞི་མཐོ་བའི་ཇུས་འགོད་བྱས་ཏེ། དྲ་རྒྱའི་བར་སྟོང་གི་བསམ་བློའི་ཁྲིད་སྟོན་དང་། རིན་ཐང་གི་སྐུལ་འདེད། བསམ་པའི་མཉམ་སྒྲིལ། རིག་གནས་ཀྱི་གསོ་བཅུད་བཅས་ཁག་བཞིར་ཚད་མཐོའི་མཐོང་ཆེན་བྱས་ནས་ཚན་རིག་དང་། སྔོན་ཐོན་རིག་གནས་དང་གཙོ་རྒྱུན་རིན་ཐང་གིས་དྲ་རྒྱའི་གཡུལ་ས་བཙན་བཟུང་བྱེད་པ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་ཤུགས་ཆེན་གཏོང་བ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བ། དུས་རབས་ཀྱི་སྲོལ་གསར་གཏོད་པ། དྲ་རྒྱའི་བར་སྟོང་ལེགས་སུ་གཏོང་བ། ཡ་རབས་ངང་དྲ་བ་སྤྱོད་པ། ཡ་རབས་ངང་དྲ་བར་ཞུགས་པ་བཅས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ“དོན་ཆེན་བཞི”དང“འགན་ལེན་བཞིར”དམིགས་པ་དང་། “འཛུགས་གཏོད་བཞི”དང“མདུན་གྲལ་དུ་སླེབས་པ་བཞིར”ཤུགས་བརྒྱབ་ནས་གླེང་ཕྱོགས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་དང་བསམ་པའི་སྟོབས་ཤུགས་ཆེན་པོ་མཁོ་འདོན་བྱས་ཡོད།
“བོད་ལྗོངས་ཀྱི་དྲ་རྒྱའི་ཡ་རབས་ཕོ་ཉ་བཅུར”ལག་ཁྱེར་སྤྲོད་པའི་མཛད་སྒོ།
ཚོགས་ཞུགས་སྐུ་མགྲོན་གྱིས་དྲ་སྦྲེལ་དང་ཤེས་དཔལ་སྲོལ་གཏོད། དྲ་རྒྱའི་ནང་དོན་འཛུགས་སྐྱོང་སོགས་ལ་དམིགས་ནས་བགྲོ་གླེང་དང་སྤེལ་རེས་བྱས་པ་དང་། ཚང་མས་དྲ་རྒྱའི་ཤེས་དཔལ་ནི་དུས་བབ་གསར་པའི་འོག སྤྱི་ཚོགས་ཤེས་དཔལ་གྱི་ནང་དོན་གལ་ཆེན་ཞིག་དང་དྲ་རྒྱའི་རྒྱལ་ཁབ་སྟོབས་ཆེན་གཏོད་པའི་ཁྱབ་ཁོངས་གལ་ཆེན་ཞིག་རེད། བསམ་བློའི་དར་ཆ་མཐོན་པོར་སྒྲེང་བ་དང་། གཞུང་དྲང་ངང་གསར་གཏོད་བྱ་རྒྱུ་མཐའ་འཁྱོངས། ཁྲིམས་ལྟར་དྲ་རྒྱར་དོ་དམ་དང་བཅོས་སྐྱོང་། རྒྱ་ཁྱབ་ངང་མཉམ་ཤུགས་གཅིག་སྡུད་བཅས་བྱས་ནས་བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་འཛུགས་སྐྱོང་དེ་རྒྱུན་ཆད་མེད་པར་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་དགོས་ཞེས་བརྗོད།
བོད་རང་སྐྱོང་ལྗོངས་ཀྱི་དྲ་རྒྱའི་ཤེས་དཔལ་ཚོགས་ཆེན་སྐབས་དང་པོའི་ཐོག“མཐུན་སྒྲིལ་ཡར་བརྩོན་གྱི་བོད་ལྗོངས་གསར་པ། དྲ་རྒྱའི་ཤེས་དཔལeནས་འགོ་ཚུགས་པ”ཞེས་པའི་བརྗོད་དོན་གཙོ་བོར་བྱས་ཏེ་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་འཕྲིན་གཞུང་དོན་ཁང་དང་། བོད་རང་སྐྱོང་ལྗོངས་ཤེས་དཔལ་གཞུང་དོན་ཁང་། ལྷ་ས་གྲོང་ཨུད་དྲ་འཕྲིན་ཨུ་ལྷན། ལྷ་ས་གྲོང་ཁྱེར་ཤེས་དཔལ་ཨུ་ལྷན་བཅས་ཀྱིས་ཐུན་མོང་ཐོག་གཉེར་བ་ཞིག་རེད། ཀྲུང་གོ་དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས་མཉམ་འབྲེལ་ལྷན་ཚོགས་དང་། ཀྲུང་གོ་དྲ་སྦྲེལ་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས། ཀྲུང་གོ་དྲ་སྦྲེལ་མཐུན་ཚོགས་ཀྱི་འགན་འཁུར་བློ་མཐུན། ཁ་གཏད་བོད་སྐྱོར་ཞིང་ཆེན(གྲོང་ཁྱེར)ཨུ་ལྷན་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན། བོད་ལྗོངས་དང་འབྲེལ་བ་ཡོད་པའི་གཙོ་གནད་ཞིང་ཨུད་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན། རྒྱལ་ནང་གི་གྲགས་ཅན་ཆེད་མཁས་པ་དང་མཁས་དབང་། དྲ་སྦྲེལ་ཁེ་ལས་ཀྱི་འཐུས་མི། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དྲ་འཕྲིན་ཨུ་ལྷན་གྱི་ཨུ་ཡོན་ཚན་པ་དང་། བོད་རང་སྐྱོང་ལྗོངས་ཤེས་དཔལ་ཨུ་ལྷན་གྱི་ཁོངས་མིའི་ཚན་པ། འབྲེལ་ཡོད་ཁུལ(ཀྲུང་དབྱང)ཐད་གཏོགས་ཚན་པ། ལྷ་ས་གྲོང་ཨུད་དྲིལ་བསྒྲགས་པུའུ། བོད་ལྗོངས་ཀྱི་ས་ཁུལ(གྲོང་ཁྱེར)ཁག་གི་དྲ་འཕྲིན་གཞུང་དོན་ཁང་། ཤེས་དཔལ་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན། བོད་རང་སྐྱོང་ལྗོངས་ཀྱི་གཙོ་གནད་གསར་འགྱུར་དྲ་ཚིགས་དང་། གཙོ་གནད་སྲིད་དོན་སྨྱན་སྦྱོར་གསར་པ། གྲོང་ཁྱེར་དང་རྫོང་རིམ་པའི་དངུལ་རྩའི་སྨྱན་སྦྱོར་ལྟེ་གནས། གཉེར་སྐྱོང་ཚོང་པ་ཆེན་པོ་བཞི། དྲ་རྒྱའི་སྤྱི་ཚོགས་རྩ་འཛུགས། དྲ་སྦྲེལ་ཁེ་ལས། དྲ་རྒྱའི་མི་སྣ་སོགས་ཚོགས་ཞུགས་འཐུས་མི280ཙམ་ཡོད་པ་རེད།