ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཉེ་སྔོན་གསར་འགོད་པས་འབྲེལ་ཡོད་སྡེ་ཚན་ནས་ཤེས་རྟོགས་བྱུང་བར། ཟླ8པའི་ཚེས31ཉིན་མཇུག་སྒྲིལ་པའི་བར། 2023ལོའི་ཉིན62ཡི“དབྱར་དུས་སྐྱེལ་འདྲེན”མཇུག་འགྲིལ་ཞིང་། “དབྱར་དུས་སྐྱེལ་འདྲེན”གྱི་རིང་དུ་ལྷ་ས་གོང་དཀར་གནམ་ཐང་དུ་ཁྱོན་བསྡོམས་གནམ་གྲུ་ཐེངས9165འཕུར་བབས་བྱས་པ་དང་། ཉིན་རེར་ཆ་སྙོམས་ཀྱི་གནམ་གྲུ་ཐེངས 148 འཕུར་བབས་བྱས་པ་དེ་ན་ནིང་གི་དུས་མཚུངས་ལས་ཐེངས2510མང་དུ་འཕར་ཞིང་ཚད37.7%ཟིནལ། འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི122.9ཟིན་པ་དང་། ཉིན་རེར་ཆ་སྙོམས་ཀྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི1.9ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཐེངས་ཁྲི56གིས་མང་དུ་ཕྱིན་ནས་འཕར་ཚད83.8%ཟིན་པ། ཁྱོན་བསྡོམས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན8494.9ལེགས་གྲུབ་བྱུང་པ་དང་། ཉིན་རེར་ཆ་སྙོམས་དངོས་ཟོག་སྐྱེལ་འདྲེན་བྱེད་ཚད་ཏུན137ཟིན་པ་དེ་ན་ནིང་གི་དུས་མཚུངས་ལས་ཏུན1060.8མང་དུ་ཕྱིན་ནས་འཕར་ཚད14.3%ཟིན་ཡོད། “དབྱར་དུས་སྐྱེལ་འདྲེན”གྱི་རིང་དུ། ལྷ་ས་གོང་དཀར་གནམ་ཐང་དུ་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་སྤྱིའི་ཆ་ནས་བརྟན་པོར་ཡིན་ཞིང་། དེའི་ནང་དུ་ཟླ8པའི་ཚེས5ཉིན་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་ཁྲི2.3ཟིན་ནས་ད་ལོའི“དབྱར་དུས་སྐྱེལ་འདྲེན”གྱི་འགྲུལ་སྐྱེལ་བྱེད་ཚད་ཆེས་མང་ཤོས་སུ་སླེབས་ཡོད།

“དབྱར་དུས་སྐྱེལ་འདྲེན”གྱི་རིང་། ལྷ་ས་གོང་དཀར་གནམ་ཐང་གི་རྡོག་ཁྲེས་འདོན་འཇུག་བྱེད་མཁན་གྱིས་འགན་སྲུང་ཡུལ་དངོས།
ངོ་སྤྲོད་བྱས་པར་གཞིགས་ན། “དབྱར་དུས་སྐྱེལ་འདྲེན”གྱི་རིང་། གནམ་གཤིས་འགྱུར་ལྡོག་ཆེ་ཞིང་འཕུར་ཐེངས་མང་བའི་གནས་ཚུལ་འོག ལྷ་ས་གོང་དཀར་གནམ་ཐང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་འགོག་སྲུང་འཛིང་རགས་མཁྲེགས་པོར་བཟོས་ཤིང་། གནམ་གཤིས་ཉེན་བརྡའི་ཆ་འཕྲིན་བསྒྲགས་པ་དང་། འབྲུག་ཆར་གནམ་གཤིས་སྐབས་མཁའ་འགྲུལ་འགན་སྲུང་། ཞོད་འགོག་འཕྲལ་གཅོད་སོགས་ཕྱོགས་གསུམ་ལ་དམིགས་ཡོད། ཆུ་འབུད་མ་ལག་དང་། ཞོད་འགོག་དངོས་ཟོག གནམ་ཐང་འབབ་ཚུགས་སོགས་གཙོ་གནད་ས་ཚིགས་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ཞིབ་བཤེར་དང་། ཞོད་འགོག་འཕྲལ་བསྟུན་གྱི་སྦྱོང་བརྡར་སྒྲིག་འཛུགས་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབྱར་དུས་འཁོར་སྐྱོད་དང་འབྲུག་ཆར་གནམ་གཤིས་འོག འཁོར་སྐྱོད་ཐུབ་ཅིང་བདེ་འཇགས་བརྟན་བརླིང་དང་གོ་རིམ་ལྡན་པ་ཡོང་བར་བྱས་ནས་རྒྱ་ཆེའི་འགྲུལ་པ་རྣམས་བདེ་འཇགས་ངང་འགྲོ་སྐྱོད་ཐུབ་པར་འགན་ལེན་བྱས་ཡོད།
“དབྱར་དུས་སྐྱེལ་འདྲེན”གྱི་རིང་། ལས་དོན་མི་སྣས་འགྲུལ་པའི་རྡོག་ཁྲེས་དབོར་འདྲེན་ལ་རོགས་བྱེད་བཞིན་པ།
དེ་དང་དུས་མཚུངས། ལྷ་ས་གོང་དཀར་གནམ་ཐང་གིས“དབྱར་དུས་སྐྱེལ་འདྲེན”གྱི་རིང་འགྲུལ་པ་གང་སར་སྐྱོད་པའི་དགོས་མཁོ་སྐོང་ཆེད། དམངས་ཕན་གྱི་ལས་དོན་སྒྲུབ་རྒྱུ་འགོ་བཟང་ནས་སྔ་རྗེས་སུ “གནམ་གྲུར་སྡོད་ཐེངས་ཐོག་མར་སེམས་ཁྲལ་མེད་པར་ཤར་བགྲོད”ཀྱི་གནམ་གྲུའི་སྡོད་ཐེངས་ཐོག་མའི་ཞབས་ཞུ་དང་། “སྤེལ་རེས་ཐད་བཀག་རྒྱ་མེད་པ་དང་ས་གནས་ས་ཐོག་ཏུ་ཞབས་འདེགས་ཞུ་བའི”བོད་རྒྱ་སྐད་གཉིས་ཞབས་ཞུ། “རོགས་མེད་བྱིས་པ”དང“རོགས་མེད་རྒན་རྒོན”གྱི་ཞབས་ཞུ། མྱུར་བགྲོད་ལམ་ཐིག་ཆེད་དུ་གཏོགས་པའི་བར་བརྗེས་ལས་སྒྲུབ་ཞབས་ཞུ། རྡོག་ཁྲེས་རང་འགུལ་དབོར་འདྲེན་ཞབས་ཞུ། ཚད་བརྒལ་རྡོག་ཁྲེས་ཀྱི་གྲོན་བསྡུའི་གློག་རྡུལ་ཅན་གྱི་ཞབས་ཞུ་སོགས་དམངས་ཕན་བྱ་ཐབས་བསྒྲུབས་ཏེ། འགྲུལ་པ་ཕྱིར་སྐྱོད་ཀྱི་མྱོང་ཚོར་དེ་བས་ལེགས་སུ་བཏང་ཡོད། དབྱར་དུས་རིང་དུས་གཏན་གནམ་གྲུ་མང་བ་དང་མི་ཚོགས་མང་དུ་ཕྱིན་པར་དམིགས་ནས། ལྷ་ས་གོང་དཀར་གནམ་ཐང་གིས་འགྲུལ་པ་མང་དུས་སུ་འགན་ལེན་མི་སྣ་མང་དུ་བཏང་བ་དང་། ལས་ཁུངས་ཀྱི་འཕྲལ་རྒོལ་རུ་ཁག་གི་དང་བླངས་པ་མང་དུ་བཏང་ནས། དུས་ཐོག་ཏུ་དོ་དམ་ཚོད་འཛིན་དང་། རང་འགུལ་ངང་ཁྲིད་སྟོན། ངང་རྒྱུད་རིང་པོས་ལན་བརྒྱབ་པ་བཅས་བྱས་ཡོད། འགྲུལ་པ་མང་བའི་གནམ་ཐང་འབབ་ཚུགས་སུ་དང་བླངས་པ་ཚོས་རྣམ་འགྱུར་ཡག་ཤོས་དང་ཡིད་འཕྲོད་པའི་ཞབས་ཞུར་བརྟེན་ནས་འགྲོ་སྐྱོད་བྱེད་མཁན་གྱི་འགྲུལ་པར་དྲོ་སྐྱིད་སྦྱིན་ཡོད།

“དབྱར་དུས་སྐྱེལ་འདྲེན”གྱི་རིང་། ལྷ་ས་གོང་དཀར་གནམ་ཐང་གིས་འགྲུལ་པར“རོགས་མེད་བྱིས་པའི”ཞབས་ཞུ་མཁོ་འདོན་བྱེད་བཞིན་པ།
ངོ་སྤྲོད་བྱས་པར་གཞིགས་ན། གོམ་སྟབས་རྗེས་མར། ལྷ་ས་གོང་དཀར་གནམ་ཐང་གིས་བདེ་འཇགས་དམར་ཐིག་གི་འདུ་ཤེས་དང་མཐའ་ཚད་ཀྱི་བསམ་གཞིག་མུ་མཐུད་མཐའ་འཁྱོངས་བྱས་ནས། ལྷད་མེད་བརྩེ་སེམས་ཀྱི་ཞབས་ཞུའི་འདུ་ཤེས་ལག་བསྟར་དང་། “དབྱར་དུས་སྐྱེལ་འདྲེན”རིང་གི་ལས་དོན་འགན་ལེན་བྱེད་པའི་ཕུལ་བྱུང་བྱ་ཐབས་དང་སྔོན་ཐོན་བྱེད་སྟངས་རྒྱུན་མཐུད་ངང་ཁྱབ་གདལ། བདེ་འཇགས་ཞབས་ཞུའི་སྤུས་ཚད་ཟམ་མི་ཆད་པར་མཐོ་རུ་བཅས་བཏང་སྟེ་ཁྱིམ་ལ་ལོག་པའི་དྲོ་སྐྱིད་ལྡན་པའི་གཏམ་རྒྱུད་མང་དག་ཅིག་མུ་མཐུད་བརྩམས་ཡོད།