ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ཡུན་བོད་ལྕགས་ལམ་གྱི་འཕེལ་རིམ་གསར་ཤོས།

སྤེལ་དུས 2023-11-16 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

              སྤྱི་ཟླ་11པའི་ཚེས་10ཉིན། གསར་འགོད་པར་ཀྲུང་གོ་ལྕགས་ལམ་ཁུན་མིང་ཅུས་ཚོགས་པ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཡུན་བོད་ལྕགས་ལམ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུ་ཉེ་ཆར་འགུལ་རྣམ་ཞིབ་དཔྱད་བྱས་ནས་ལས་གྲ་ཞིབ་བཤེར་རྩིས་ལེན་གྱི་འགག་རྩའི་དུས་མཚམས་སུ་སླེབས་པ་དང་། ལམ་ཐིག་ཤར་གཏོང་ཐུབ་པའི་དུས་ཚོད་སྔར་བས་ཐུང་དུ་བཏང་ཡོད།

              ཡུན་བོད་ལྕགས་ལམ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུ་དེ་ལི་ཅང་གྲོང་ཁྱེར་ནས་བདེ་ཆེན་ཁུལ་བར་སྦྲེལ་མཐུད་བྱས་པ་དང་། ལམ་ཐག་ཧྲིལ་པོར་སྤྱི་ལེ་139.7ཡོད་ཅིང་། འགྲུལ་སྐྱེལ་མེ་འཁོར་གྱི་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་140ཡིན་པ་རེད། འཆར་གཞི་ལྟར་ན། ཡུན་བོད་ལྕགས་ལམ་གྱི་ལི་ཅང་ནས་སེམས་ཀྱི་ཉི་ཟླ་བར་གྱི་དུམ་བུ་ལོ་འདིའི་ནང་ལམ་ཐིག་ཧྲིལ་པོར་མེ་འཁོར་ཤར་གཏོང་ཐུབ་རེ་ཡོད་པ་དང་། ཡུན་བོད་ལྕགས་ལམ་བསྐྲུན་རྗེས་བོད་ལྗོངས་ནས་ལྷོ་ནུབ་ཁུལ་བར་གྱི་འགྲོ་འོང་ཤར་གཏོང་ཐུབ་རྒྱུ་དང་། བོད་ལྗོངས་ནས་ཧྭ་ལྷོ་དང་། ཧྭ་ཀྲུང་། ཧྭ་ཤར་བཅས་དབར་གྱི་ལམ་ཐག་ཧ་ཅང་ཉེ་རུ་འགྲོ་རྒྱུ་ཡིན་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།