ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་ལིང་ཧྥོང་ཁ་ལོ་བའི་ཡིག་རྒྱུགས་གཉིས་པ་གཏོང་ཡུལ་དུ་གནས་སྐབས་ཡིག་རྒྱུགས་གཏོང་མཚམས་བྱ་རྒྱུའི་སྐོར་གྱི་སྤྱི་བསྒྲགས།

སྤེལ་དུས 2023-11-22 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
              འགྲིམ་འགྲུལ་ནང་ཞུགས་མཁན་ཚོར་ཞུ་རྒྱུར།
              ཉེ་དུས། བོད་ལྗོངས་ལིང་ཧྥོང་ཁ་ལོ་བའི་ཡིག་རྒྱུགས་གཉིས་པ་གཏོང་ཡུལ་དུ་དུས་རྒྱུན་དོ་དམ་ཡག་པོ་མ་བྱས་པས། སྒྲིག་ལམ་ཟང་ཟིང་དུ་ཆགས་ནས་ལྷ་ས་གྲོང་ཁྱེར་གྱི་ཁོ་ལོ་བའི་ཡིག་རྒྱུགས་གཏོང་བའི་ལས་དོན་ལ་ཤུགས་རྐྱེན་ངན་པ་བཟོས་ཡོད། ཡིག་རྒྱུགས་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། སྤྱི་བདེ་འགྲིམ་འགྲུལ་དོ་དམ་ཚན་པའི་གློད་སྡོམ་ཞབས་གསུམ་གྱི་དམངས་ཕན་དམངས་བདེའི་བྱ་ཐབས་ལག་བསྟར་ནན་པོ་བྱས་ནས། ཁ་ལོ་བའི་ཡིག་རྒྱུགས་གཏོང་མཁན་ཚོར་ཁོར་ཡུག་བཟང་པོ་ཞིག་གཏོད་ཆེད། གོང་རིམ་ཚན་པར་སྙན་ཞུ་ཕུལ་ནས་མོས་མཐུན་བྱས་པ་བརྒྱུད། 2023ལོའི་ཟླ11པའི་ཚེས20ཉིན་ནས་བཟུང་། བོད་ལྗོངས་ལིང་ཧྥོང་ཁ་ལོ་བའི་ཡིག་རྒྱུགས་གཉིས་པ་གཏོང་ཡུལ་བཅོས་སྒྲིག་བྱ་རྒྱུ་དང་། དེའི་རིང་ཡིག་རྒྱུགས་གཏོང་མཚམས་འཇོག་རྒྱུ་ཡིན་པས་ཚང་མས་མཁྱེན་གསལ་ཡོད་པར་ཞུ།  སླར་གསོ་བྱེད་པའི་དུས་ཚོད་བསྐྱར་དུ་སྤྱི་བསྒྲགས་གཏང་རྒྱུ་ཡིན།

ལྷ་ས་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་འཁོར་རིགས་དོ་དམ་སོའོ་ནས།
2023ལོའི་ཟླ11པའི་ཚེས18ཉིན།      

རྩོམ་སྒྲིག་པ། རིག་གྲོལ།