ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བཀྲ་དར་ལ་དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ།

སྤེལ་དུས 2023-12-01 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་འཕྲིན་ལམ། རྩོམ་པ་པོ།

             ཉིན་ཤས་ཀྱི་གོང་ལ།  ཀྲུང་དབྱང་དྲིལ་བསྒྲགས་པུའུ་དང་། དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་པུའུ། ཀྲུང་དབྱང་དམག་ཨུད་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་སྟེ། ཀེ་ཅུན་དང་། ཨན་ཞའོ་ཧྭ། ལིའུ་ཡ་ཅུན་སོགས་སྔོན་ཐོན་མི་སྒེར་19དང་། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཆེ་མོ་རྫོང་གི་དམག་ཞབས་ཐིམ་པའི་བྱེ་བཅོས་རུ་ཁག་ལ་སྤྱི་ལོ་2023ལོའི་དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས་ཀྱི་མཚན་སྙན་ཐོབ་པ་རེད།
             དེའི་ནང་བོད་ལྗོངས་ནས་ཡིན་པའི་བཀྲ་དར་ལ་སྤྱི་ལོ་2023ལོའི་དམག་ཞབས་ཐིམ་པའི་དམག་མི་ཡག་ཤོས་ཀྱི་མཚན་སྙན་ཐོབ་འདུག ཁོང་རྣམ་པར་བཀྲ་ཤིས་བདེ་ལེགས་ཞུ་རྒྱུ་དང་ཆབས་ཅིག་ཁོང་ཚོའི་ལུས་སྟེང་ནས་དམག་ཞབས་ཐིམ་པའི་རྒྱ་ཆེའི་མི་སྣས་མི་དམངས་ལ་ཞབས་འདེགས་ཞུ་བ་དང་སྤྱི་ཚོགས་ལ་ལེགས་སྐྱེས་འབུལ་བའི་རིན་ཐང་འདུ་ཤེས་མངོན་པ་དང་། དམག་ཞབས་ཐིམ་ཡང་རང་མདངས་མི་འགྱུར་བ། ནམ་ཡང་ཏང་གི་རྗེས་སུ་འབྲངས་བའི་བློ་དཀར་སེམས་དཀར་གྱི་གཤིས་རྒྱུད་མངོན་པ། རྒྱལ་གཅེས་འབད་འཐབ་དང་ལས་གནས་ཐོག་བྱས་རྗེས་འཇོག་པའི་དཔའ་ངར་ཆེར་བསྐྱེད་ཀྱི་ཉམས་འགྱུར་མངོན་ཡོད་པ་རེད།

རྩོམ་སྒྲིག་པ། རིག་གྲོལ།