ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་མེ་ཏོག་རྫོང་ནས་རྩི་ཤིང་གི་དངོས་རིགས་གསར་པ་ཞིག་རྙེད།

སྤེལ་དུས 2023-12-05 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             གསར་འགོད་པས་བོད་རང་སྐྱོང་ལྗོངས་ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ནགས་ལས་རྩྭ་ཐང་ཅུས་ནས་ཤེས་རྟོགས་བྱུང་བ་ལྟར་ན། 2023ལོའི་ཟླ8པར། བོད་ལྗོངས་ཀྱི་རྩི་ཤིང་སྣ་མའི་རིགས་བརྟག་དཔྱད་རུ་ཁག་གིས་མེ་ཏོག་རྫོང་གི་ཡར་ཀླུང་གཙང་པོའི་འགྲམ་ནས་རྩི་ཤིང་སྣ་མའི་རིགས་ཁོངས་ཀྱི་ས་བོན་གསར་པ་ཞིག་ཤེས་རྟོགས་བྱུང་བ་རེད། རྣམ་པ་དང་གཟུགས་དབྱིབས་ལ་ཞིབ་འཇུག་བྱས་པ་བརྒྱུད། བརྟག་དཔྱད་རུ་ཁག་གིས་དེ་ནི་ཆི་ཁྲུན་ལན་སྣ་མའི་རིགས་ཁོངས་ཀྱི་སྐྱེ་དངོས་གསར་པ་ཞིག་ཡིན་པར་ངོས་འཛིན་བྱས་པ་མ་ཟད། མེ་ཏོག་རྫོང་ནི་དེའི་མཚན་དུ་བཏགས་ནས་མིང་ལ་མེ་ཏོག་ཆི་ཁྲུན་ལན་ཞེས་བཏགས་པ་རེད། ཞིབ་འཇུག་གི་གྲུབ་འབྲས་དེ་ནི་རྒྱལ་སྤྱིའི་རྩི་ཤིང་རིགས་དབྱེ་རིག་པའི་དུས་དེབ《རྩི་ཤིང་རིགས་དབྱེ》ཐོག་སྤེལ་ཡོད་པ་རེད།
             ངོ་སྤྲོད་བྱས་པར་གཞིགས་ན། རྩི་ཤིང་སྣ་མའི་རིགས་ནི་ཐུམ་སོན་རྩི་ཤིང་གི་ཁྲོད་དུ་རིགས་སྣ་ཆེས་ཕུན་སུམ་ཚོགས་པའི་གྲས་ཡིན་ལ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་བྱེད་པའི་ཁྲོད་ཀྱི“མཚོན་བྱེད་སྐྱེ་དངོས”རིགས་ཀྱི་གྲས་ཤིག་ཀྱང་རེད། ཆི་ཁྲུན་ལན་ནི་རྩི་ཤིང་སྣ་མའི་རིགས་ཀྱི་རྩི་ཤིང་ཡིན་པ་དང་གོ་ལ་ཧྲིལ་པོའི་ཆི་ཁྲུན་ལན་སྣ་མའི་རིགས11ལྷག་ཙམ་ཡོད་པའི་ནང་ཀྲུང་གོས་དངོས་རིགས་ཁག2ཐོ་འགོད་བྱས་ཡོད། 
             མེ་ཏོག་ཆི་ཁྲུན་ལན་དང་ཆི་ཁྲུན་ལན་སྣ་མའི་རིགས་གཞན་དང་ཁྱད་པར་ཅུང་མངོན་གསལ་དོད་པོ་ཡོད་དེ། མེ་ཏོག་ཆི་ཁྲུན་ལན་སྣ་མའི་རིགས་ཀྱི་འདབ་སྐྱིའི་དབུས་ཁུལ་ནི་སེར་པོ་ཡིན་པ་དང་། གཞོགས་གཉིས་ཀྱི་མཐའ་རུ་སོ་གྲལ་གཉིས་རེ་དང་དབྱིབས་འབུར་ཡོད་པ། མདུན་མཆུ་གས་ལྷེབ་ཆུང་ངུ་སྒོར་དབྱིབས་ཡིན་པ། གས་ལྷེབ་གཉིས་ཀྱི་བར་དུ་མདོག་ལྗང་གུའི་ཁྲ་ཐིག་ཡོད།
             བོད་ལྗོངས་རྩི་ཤིང་སྣ་མའི་རིགས་བརྟག་དཔྱད་རུ་ཁག་གི་འགན་འཁུར་བ་དང་ཀྲུང་གོ་ཚན་རིག་ཁང་རྩི་ཤིང་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་ཅིན་ཞའོ་ཧྭ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར། མེ་ཏོག་ཆི་ཁྲུན་ལན་སྣ་མའི་རིགས་ཀྱི་རི་སྐྱེས་ཁྱུ་ཚོགས་གཅིག་ལས་རྙེད་མ་བྱུང་ལ། དེར་སྡོང་པོ25ཙམ་ཡོད།

རྩོམ་སྒྲིག་པ། དཔལ་གཡང་།