རྒྱལ་མཚམས་ནང་དུ་འཛུལ་མཁན་གྱིས་འགྲམ་འགག་སྒོ་ནས་རྒྱལ་ནང་དུ་ཡོང་བར་སྒུག་བཞིན་པ།
འགྲམ་འགག་སྒོ་ལ“ཧི་མ་ལ་ཡའི་ལྷོ་ངོས་རྒྱལ་ཁབ་ཀྱི་སྒོ་ཆེན་དང་པོ”ཞེས་པར་འབོད་ཅིང་། དེ་ནི་བོད་ལྗོངས་ནས་ཨེ་ཤེ་ཡ་ལྷོ་རྒྱུད་ཀྱི་སྐམ་ས་ཆེན་མོར་སྐྱོད་སའི་འགྲིམ་འགྲུལ་ལྟེ་བ་ཡིན་ལ། ཀྲུང་གོ་དང་ནེ་པ་ལའི་དབར་ཆབ་སྲིད་དང་། དཔལ་འབྱོར། རིག་གནས་བཅས་སྤེལ་རེས་བྱེད་སའི་བརྒྱུད་ལམ་གཙོ་བོ་ཞིག་ཀྱང་རེད།
“འགྲུལ་པ་མང་བའི་དུས་སུ། ང་ཚོ་ཚང་མ་ལས་ཀ་རུ་ཞུགས་ནས་འགྲོ་ལམ་ཇེ་མང་དང་། འགྲུལ་པར་བརྟག་དཔྱད་ཞིབ་བཤེར། ཁག་བགོས་ཁྲིད་སྟོན་བཅས་བྱེད་དགོས་པས་ངལ་གསོའི་དུས་ཚོད་ནི་དཀོན” ཞེས་གཉའ་ལམ་རྫོང་མཐའ་སྲུང་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པ་ཙེང་ཆི་མིང་གིས་གསར་འགོད་པར་བཤད།
གཉའ་ལམ་རྫོང་གི་མཐའ་མཚམས་ཞིབ་བཤེར་ས་ཚིགས་ཀྱི་མི་དམངས་ཉེན་རྟོག་པས་རྒྱལ་མཚམས་སྒྲོལ་ནས་འགྲོ་འོང་བྱེད་མཁན་ལ་ཞིབ་བཤེར་བྱེད་བཞིན་པ།
ཉིན་འགའ་ཤས་ལ་བསྟུད་མར་གཉའ་ལམ་རྫོང་ཁོངས་མཐའ་མཚམས་ནས་འགྲོ་འོང་གི་མཐའ་སྲུང་ཞིབ་བཤེར་ས་ཚུགས་ཀྱིས་ལས་སྒྲུབ་ཁྲིམས་འཛིན་ལས་དོན་གྱི་དོན་དངོས་དང་འགག་སྒོའི་འགག་སྒྲོལ་གནས་ཚུལ་གཞིར་བཟུང་། ཚན་རིག་དང་མཐུན་པའི་ངང་འགག་སྒོ་སྒྲོལ་བའི་འགྲུལ་པ་སྔོན་དཔག་དང་། ལུགས་མཐུན་ངང་ཉེན་རྟོག་པ་བཀོད་སྒྲིག འགག་སྒོ་སྒྲོལ་བའི་བྱ་ཐབས་ཇེ་ལེགས། ཆེད་དོན་ལས་དོན་ཇུས་གཞི་སྒྲིག་བཟོ། ཉམས་མྱོང་ལྡན་པའི་ཞིབ་བཤེར་པ་ལས་གནས་སུ་མངགས་པ། འགྲུལ་པ་འགག་སྒྲོལ་ལས་དོན་གྱི་ནང་སྦྱོང་བཅས་བྱས་ནས་འགག་སྒོའི་འགག་སྒྲོལ་ལས་དོན་ཐོག་མཐའ་བར་གསུམ་དུ་བདེ་འཇགས་ཡོང་བ་བྱས་ཡོད།
ས་ཚིགས་དེའི་ལས་སྒྲུབ་རུ་ཁག་གཉིས་པའི་རུ་དཔོན་ཀྲའོ་ཀྲི་པིན་ན་རེ། གཉའ་ལམ་རྫོང་གི་ས་མཚམས་ནས་འགྲོ་འོང་གི་མཐའ་སྲུང་ཞིབ་བཤེར་ས་ཚུགས་ཀྱིས་མཐའ་མཚམས་ཞིབ་བཤེར་གྱི“གློད་སྡོམ་ཞབས་གསུམ”གྱི་སྒྱུར་བཅོས་མུ་མཐུད་ནས་གཏིང་ཟབ་དང་། ཞབས་ཞུའི་སྤུས་ཚད་སྔར་བས་མཐོ་འདེགས། བདེ་འཇགས་དང་བདེ་བླག་ཡིན་པའི་འགག་སྒོའི་འགག་སྒྲོལ་ཁོར་ཡུག་ཧུར་ཐག་སྒོས་བཏོད་ནས། གྲ་སྒྲིག་ཨང་གསར་དང་རྒྱལ་མཚམས་བརྟན་སྲུང་བཅས་བྱས་ཏེ་འགྲམ་འགག་སྒོ་དར་རྒྱས་གོང་འཕེལ་ཡོང་ཆེད་གནས་སྤོས་ཡུལ་མིའི་དོ་དམ་སྟོབས་ཤུགས་ནི་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བཤད་པ་རེད།
རྩོམ་སྒྲིག་པ། མང་ག་མཚོ།