ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

མཚོ་བོད་ལྕགས་ལམ་སྙིང་སྟོབས་རྒྱུད་འཛིན་བྱེད།

སྤེལ་དུས 2024-07-18 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
             ཟླ7པའི་ཚེས10ཉིན“ལམ་གཉིས”སྙིང་སྟོབས་རྒྱུན་འཛིན་དར་སྤེལ་དང་འགྲིམ་འགྲུལ་གྱི་འཕོ་འགྱུར་དང་མཚོ་བོད་ས་མཐོའི་དེང་རབས་ཅན་གྱི་བགྲོ་གླེང་ཚོགས་འདུའི་མཚོ་སྔོན་གྱི་ཡན་ལག་ཚོགས་འདུ་ཟི་ལིང་དུ་འཚོགས།

ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལི་ཅུན།
             ཀྲུང་གོ་ལྕགས་ལམ་མཚོ་བོད་ཚོགས་པ་ཚད་ཡོད་ཀུང་སིའི་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ལི་ཅུན་གྱིས“མཐར་ཟད་འགྲན་སློང་བྱས་ནས་རྩེར་སོན་གཏོད་རྒྱུའི”མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ནི་མི་རབས་ཁ་ཤས་ཀྱིས་ས་མཐོའི་ལྕགས་ལམ་འཛུགས་སྐྲུན་གཉེར་སྐྱོང་ཁྲོད་གྲུབ་པའི་རྒྱུ་ནོར་རྩ་ཆེན་ཞིག་ཡིན་ཞིང་། དེའི་ནང་ཕུན་སུམ་ཚོགས་པའི་རིན་ཐང་གི་ནང་དོན་འདུས་ཡོད་པས། མཚོ་བོད་ལྕགས་ལམ་ལས་དོན་པས་རང་བྱུང་ཁོར་ཡུག་ཧ་ཅང་ཞན་པོ་ཁྱད་བསད་ཀྱིས་འཛམ་གླིང་གི་ས་མཐོའི་ལྕགས་ལམ་རྩེ་གྲ་གཏོད་པའི་མཚོན་ཚུལ་ངོ་མ་ཞིག་རེད་ཅེས་བཤད།
             ཉེ་བའི་ལོ་ཤས་ཀྱི་རིང་ལ། མཚོ་བོད་ཚོགས་པ་ཀུང་སིས“ལམ་གཉིས”སྙིང་སྟོབས་དང་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་དང་བླང་བྱ་གལ་ཆེན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་གཙོ་བོར་བྱེད་པའི་ཁེ་ལས་རིག་གནས་འཛུགས་སྐྱོང་གི་བསམ་ཕྱོགས་གཏན་འཁེལ་བྱས་པ་དང་། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ཀྱི་ཕུན་སུམ་ཚོགས་པའི་ནང་དོན་གསལ་འགྲེལ་གང་ལེགས་བྱས་པ། ན་གོར་མོ་ལྕགས་ལམ་ཉམས་གསོའི་ལས་ཚུགས་ཀྱི་ཡུས་པན་ཧྥན་དང་ན་གོར་མོ་འཕྲུལ་གཉེར་ལས་ཚུགས་ཀྱི་བསོད་ནམས་དབང་གྲགས་སོགས་ཤུགས་རྐྱེན་དང་མཚོན་བྱེད་རང་བཞིན་ལྡན་པའི་འཐབ་ས་དང་པོའི་སྔོན་ཐོན་དཔེ་མཚོན་མི་སྣའི་བྱས་རྗེས་རྒྱུན་ཆད་མེད་པར་སྔོག་འདོན་དང་དྲིལ་བསྒྲགས་བྱས་ཡོད། གཞན་ཡང་ཀུང་སིས་ད་དུང་ལམ་རྒྱུད་དུ་སྐོར་སྐྱོད་འཁྲབ་སྟོན་གྱི་སྙན་ཞུའི་ཚོགས་འདུ་དང་སྣ་མང་རིག་གནས་བརྩམས་ཆོས་རྩེ་གྲ་གསར་རྩོམ་སོགས་ཀྱི་བྱ་ཐབས་བརྒྱུད་མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་དྲིལ་བསྒྲགས་སློབ་གསོ་རྒྱ་ཁྱབ་ངང་བྱས་ནས། མཚོ་བོད་ལྕགས་ལམ་གྱི་སྙིང་སྟོབས་ཐོས་རྒྱུ་ཡོད་པ་དང་། མཐོང་རྒྱུ་ཡོད་པ། གཞི་རྟེན་ཡོད་པ། ཁྱད་ཆོས་ལྡན་པ་བཅས་བྱས་ཏེ་ས་མཐོའི་ལྕགས་ལམ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་བསམ་པའི་སྒུལ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་ཡོད།