ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་སྐྱོར་བྱས་ནས་ལོ30ཡི་རིང་གི་རྒྱང་སྐྱོད་ལམ་བུ།

སྤེལ་དུས 2024-08-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ས་རྒྱུ་གཤིན་པའི་ཧེ་ལུང་ཅང་། བརྗིད་ཆགས་ཉམས་དགའི་ཇོ་མོ་གླང་མ། བོད་ལྗོངས་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན། ཧེ་ལུང་ཅང་ཞིང་ཆེན་གྱིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བསྟར་བ་དང་དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ལག་ལེན་ནན་ཏན་བསྟར་ནས། “ལམ་གཉིས”ཀྱི་སྙིང་སྟོབས་དང་། བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས། ཧེ་ལུང་ཅང་གི“སྙིང་སྟོབས་ཆེན་པོ་བཞི”བཅས་རྒྱུན་འཛིན་དང་དར་སྤེལ་བཏང་བ་དང་། “དོན་ཆེན་བཞིར”དམིགས་པ། ལས་ཞུགས་བོད་སྐྱོར་དང་། ཐོན་ལས་བོད་སྐྱོར། རིག་སྟོབས་བོད་སྐྱོར། དམངས་འཚོའི་བོད་སྐྱོར། རིག་གནས་བོད་སྐྱོར་བཅས་བྱས་ཏེ་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོ་དང་མཉམ་དུ“ཧེ་ལུང་ཅང་དང་བོད་ལྗོངས་ཁྱིམ་ཚང་གཅིག་ལྟར་བརྩེ། ཧེ་ལུང་ཅང་གིས་བོད་ལྗོངས་ལ་བཅངས་པའི་བརྩེ་བའི”མཛེས་སྡུག་ལྡན་པའི་དཔེ་རིས་ཤིག་བརྩམས་ཡོད།

“ལུང་བོད་རྟགས་ཅན”གྱི་ཡུལ་སྐོར་ཆེད་སྤྱོད་མེ་འཁོར་ཤར་གཏོང་ཐུབ་རྗེས་ཀྱི་འགྲུལ་པ་ཁག་དང་པོ།
       2024ལོའི་ཟླ7པའི་ཟླ་མཇུག་བར། ཧེ་ལུང་ཅང་ཞིང་ཆེན་གྱིས་སྦྲེལ་མཐུད་གནད་སྨིན་གྱིས་ལེགས་ཆ་བཏོན་ནས། རིམ་རྩིས་བྱས་ན་བོད་སྐྱོར་ལས་དོན་རུ་ཁག་ཁག8བཏང་བ་དང་། ཁྱོན་ལས་བྱེད་པ་དང་ཤེས་ལྡན་མི་སྣ380ཡོད་པ། བོད་སྐྱོར་རྣམ་གྲངས613ལག་ལེན་བསྟར་བ། མ་དངུལ་སྒོར་དུང་ཕྱུར15.31བཏང་སྟེ་གཞིས་རྩེ་གྲོང་ཁྱེར་གྱི་བྱ་གཞག་ཁག་ཕྱོགས་ཡོངས་ནས་ཡར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་ཡུན་རིང་བདེ་འཁོད་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་དུས་རབས་ཀྱི་ལེའུ་བརྩམས་ཡོད།
       ཐོན་ལས་རོགས་སྐྱོར་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཚང་བསྐྲུན་བྱ་འགུག་གིས་འཕེལ་རྒྱས་ཀྱི“འཇུར་མིག”བསལ་བ།
       གཡག་སྡེ་བལ་འཇམ་རས་འཁེལ་འཐག་ལག་རྩལ་རྒྱུན་འཛིན་བྱས་ནས་ལོ་ངོ་སྟོང་སོང་ཡོད། ཉེ་བའི་ལོ་ཤས་རིང་ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་ཀྱི་རོགས་སྐྱོར་འོག་རིན་སྤུངས་རྫོང་ཁང་གཞུང་ཞང་གིས་གཡག་སྡེ་བལ་འཇམ་འཁེལ་འཐག་ཐོན་རྫས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་བཙུགས་ནས་བུད་མེད་སྒྲིག་འཛུགས་ཀྱིས་འཁེལ་འཐག་ཐོན་ལས་འཕེལ་རྒྱས་བཏང་ཞིང་། དེའི་དམིགས་ཡུལ་ནི་བུད་མེད་དེ་བས་མང་བའི་སྣེ་ཁྲིད་དེ་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་བྱ་རྒྱུ་དེ་རེད། འོན་ཀྱང་གཞི་ཁྱོན་ཆུང་བ་དང་ཐོན་ནུས་རྗེས་ལུས་ཡིན་པ་སོགས་ཀྱི་དབང་གིས་མཉམ་ལས་ཁང་ཐོག་མཐའ་བར་གསུམ་དུ་འཕེལ་རྒྱས་དེ་ཙམ་ཆེན་པོ་བྱུང་མེད།
       གཡག་སྡེ་བལ་འཇམ་འཁེལ་འཐག་ཐོན་རྫས་ཀྱི་ཞིང་པའི་ཆེད་ལས་མཉམ་ལས་ཁང་གི་རྣམ་གྲངས་ཅིང་ལི་ཟླ་བ་ཚེ་རིང་གིས “འཕེལ་རྒྱས་ཀྱི་འཇུར་མིག་ཇི་ལྟར་སེལ་རྒྱུ་དེ་ཐག་གཅོད་མི་བྱེད་ཐབས་མེད་ཀྱི་དོན་ཆེན་ཞིག་ཏུ་གྱུར་ཡོད། ང་ཚོ་ག་བྱེད་འདི་བྱེད་མེད་པའི་གནས་སུ་གྱར་སྐབས་ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་རིན་སྤུངས་རྫོང་དུ་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་གླིང་བསྐྲུན་རྒྱུའི་སྐོར་གོ་ཐོས་བྱུང་བ་དེས་ཚང་མར་རེ་བ་ཆེན་པོ་སྦྱིན་བྱུང”ཞེས་བཤད།
       ང་ཚོས་འཕྲལ་དུ་འབྲེལ་གཏུག་འབྲེལ་མཐུད་ཀྱིས་ཐོན་ལས་གླིང་ཁུལ་ནང་ཞུགས་པ་མ་ཟད། བོད་སྐྱོར་སྟོབས་ཤུགས་ཀྱི་མཛུབ་ཁྲིད་འོག་བརྟན་པོ་དང་སྐྱོན་བྲལ་ངང་འཕེལ་རྒྱས་ཀྱང་ཕྱིན་བྱུང་། ད་ཆ་མཉམ་ལས་ཁང་གི་གཞི་ཁྱོན་ཆེ་རུ་ཕྱིན་ལ་ཐོན་ནུས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད། མིག་སྔར་མཉམ་ལས་ཁང་གི་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི2000ཟིན་ནས་མི200ཙམ་ལས་ཞུགས་ཐུབ་པས་ལེ་དབར་བཅུ་ཡི་སའི་ཞང་གྲོང་གང་སར་སྐད་གྲགས་ཆོད་པའི་ཕྱུག་འགྱུར“སྣེ་ཁྲིད་པ”ཞིག་ཏུ་གྱུར་ཡོད་ལ་ཚང་མའི་ཡིད་ཆེས་ཀྱང་སྔར་བས་ཆེ་རུ་ཕྱིན་ཡོད་ཅེས་ཟླ་བ་ཚེ་རིང་གིས་ངོ་སྤྲོད་བྱས།
       རིན་སྤུངས་རྫོང་གི་ཁྱད་ལྡན་ཐོན་ལས་སྐྱེད་སྲིང་གླིང་ནི་ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་རིན་སྤུངས་རྫོང་གི་དོན་དངོས་ལ་གཞི་ཚུགས་ཏེ་མ་དངུལ་སྒོར་ཁྲི2900བཏང་ནས་བསྐྲུན་པའི་ཐོན་ལས་གླིང་ཞིག་ཡིན་ཞིང་། གླིང་ཁུལ་གྱི་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི1.2ཟིན་པ་དང་། ཁྱད་ལྡན་མི་རིགས་ལག་ཤེས་བཟོ་ལས་ལས་སྣོན་འཁོར་ཁང་དང་། ལས་ཞུགས་གསོ་སྦྱོང་ལྟེ་གནས། ཟས་སྡོད་ཕྱོགས་བསྡུས་ཐོག་ཁང་སོགས་བསྐྲུན་ནས་མཉམ་འདུས་ཕན་འབྲས་ལ་བརྟེན་ཏེ་རིན་སྤུངས་ཀྱི་ཁྱད་ལྡན་ཐོན་ལས་དངོས་སུ་འཕེལ་རྒྱས་བཏང་ཡོད།
       ཁང་དམར་རྫོང་ལ་ཆ་སྙོམས་ས་བབ་སྨི4300ཡོད་ཅིང་། དེ་ནི་དཔེ་མཚོན་གྱི་ས་མ་འབྲོག་གི་མཐའ་མཚམས་རྫོང་ཞིག་རེད། ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས“རི་སྔོ་ཆུ་དྭངས་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་བརྟན་པོར་བཙུགས་ནས་ཡུལ་བབ་དང་བསྟུན་ཏེ་ཐོན་ལས་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་དམངས་འཚོ་བདེ་རྩ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་བ་དང་། བོད་སྐྱོར་མ་དངུལ་བཏང་སྟེ་གྲང་ངར་ཆེ་སའི་བྱེ་ཚེར་སྡོང་རྐང་ཁྲི61.618ཉོ་སྒྲུབ་བྱས་པ། རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་རྒྱ་ཁྱོན་མུའུ3000ཙམ་མང་དུ་བཏང་ནས་ཡུན་རིང་བརྟན་ལྷིང་གི་སྐྱེ་ཁམས་འགོག་སྲུང་གི་ཕན་འབྲས་ཐོན་ཡོད། ཀ་ལ་ཞང་གི་ཐན་འགོག་འཕྲལ་སྡོམ་འཕྲུལ་ཁྲོན་བསྐྲུན་པའི་ལས་གྲྭ་ལག་ལེན་བསྟར་ནས་འཕྲུལ་ཁྲོན6གསར་དུ་བསྐྲུན་པ་དང་། ཆུ་ལམ་སྨི196སྒྱུར་བཀོད་བྱས་པ། ཆུ་ལམ་སྨི778གསར་དུ་བསྐྲུན་ནས་ཀ་ལ་ཞང་གི་རྨོ་ཞིང་དང་རྩྭ་སའི་རྒྱ་ཁྱོན་མུའུ755.2ལ་ཆུ་འདྲེན་ཚོད་འཛིན་ནུས་ལྡན་ཐུབ་ཡོད། རོང་མ་ཞང་བཞོན་གྲོང་ཚོའི་དྲོད་ཁང་ཆེ་མོའི་རྣམ་གྲངས་སྒྱུར་བཀོད་རིམ་སྤོར་བྱས་ནས་སྲེའུ་དང་། ཁམ་བུ། ཀུ་ཤུ་སོགས་གཞོང་འཛུགས་ཤིང་ཏོག་རིགས8ནང་འདྲེན་བྱས་པས་སྔོན་དཔག་བྱས་ན་ལོ་རེར་ཆ་སྙོམས་ཁེ་སྤོགས་སྒོར་ཁྲི15ཙམ་ཟིན་རྒྱུ་རེད།
       ཁང་དམར་རྫོང་ས་ཕུད་སྒང་ཞང་གི་ཞང་ཀྲང་གཞོན་པ་བློ་བཟང་བསྟན་འཛིན་གྱིས “དྲོད་ར་འདི་གཉིས་ནི་ཧེ་ལུང་ཅང་གིས་རོགས་སྐྲུན་བྱས་པ་ཞིག་ཡིན་ཞིང་། དེར་རྒྱ་ཁྱོན་སྨི་ངོས་གྲུ1200ཙམ་ཡོད་པ་དང་ཞང་གི་རང་བྱུང་གྲོང་ཚོ་གཉིས་ཀྱི་ལུག་དག་གསོ་ཚགས་བྱེད་ཀྱི་ཡོད། གསོ་ཚགས་ཁོར་ཡུག་ལེགས་སུ་ཕྱིན་པས་ད་ལོ་ལུག་ཕྲུག་ཧ་ཅང་མང་པོ་འཕེལ་འདུག ལུག་ཁྱུ་བཤས་རྗེས་མང་ཚོགས་ཚོར་སླར་ཡང་འབབ་འཕར་ཡོང་རྒྱུ་རང་རེད”ཅེས་བཤད།
       ཐོན་ལས་གཅིག་འཕེལ་རྒྱས་བཏང་སྟེ་ཡུལ་ཕྱོགས་གཅིག་འཕེལ་རྒྱས་ཡོང་རྒྱུར་སྐུལ་ཁྲིད་བྱས་ཤིང་། ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་གཙོ་གནད་ཐོན་ལས་གླིང་ཁུལ་འཛུགས་སྐྲུན་དང་དོ་དམ་བྱ་རྒྱུར་དམིགས་ནས་སྔ་རྗེས་སུ་རྣམ་གྲངས12ཇུས་འགོད་བྱས་པ་དང་། རྣམ་གྲངས5ལ་གན་རྒྱ་བཞག་པ། མ་དངུལ་སྒོར་དུང་ཕྱུར6.27དོན་འཁྱོལ་བྱས་པ། ཚོང་དོན་ལས་སྟེགས་སྣ་ཚོགས་གང་ལེགས་སྤྱད་དེ་རིག་གནས་ཡུལ་སྐོར་དང་། ཁྱད་ལྡན་ ཞིང་འབྲོག ས་མཐོའི་སྐྱེ་དངོས་སོགས་ཐོན་ལས་ལ་དམིགས་ཏེ་བོད་ལྗོངས་ཀྱི་སྤུས་རྟགས་དྲིལ་བསྒྲགས་དང་འོས་སྦྱོར་བྱས་པ་མ་ཟད། ཚོང་འགུགས་མ་འདྲེན་རྒྱ་ཁྱབ་ངང་བྱས་པ་དང་། འཐུས་མི་ཚོགས་པ་ཐེངས་མང་སྒྲིག་འཛུགས་ཀྱིས་ཧར་པིན་དང་ཧྲེན་ཀྲེན་སོགས་ས་ཁུལ་དུ་ཚོང་འགུགས་འོས་སྦྱོར་བྱས་ནས་ས་གནས་དེ་གའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
       ད་ཆ་ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་དང་གཞིས་རྩེ་གྲོང་ཁྱེར་གྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོའི་ཐུན་མོང་འབད་བརྩོན་འོག་རོགས་སྐྱོར་བྱ་ཡུལ་རྫོང་དང་ཆུས་ཁག་གི་ཐོན་ལས་དང་དཔལ་འབྱོར་འཕེལ་རྒྱས་ཤུགས་ཆེན་ཕྱིན་ཡོད་ལ། མང་ཚོགས་ཚོའི་འབབ་འཕར་ཕྱུག་འགྱུར་ཡོང་ཐབས་ཀྱང་ཉིན་རེ་བཞིན་མང་དུ་ཕྱིན་ཡོད།
       དམངས་འཚོའི་བདེ་རྩ་ཆེ་རུ་བཏང་ནས་མི་རིགས་ཁག་གི་མང་ཚོགས་ཚོའི་བདེ་སྐྱིད་ཀྱི་རྨང་གཞི་བརྟན་དུ་བཏང་བ།
       བཞད་མཐོང་སྨོན་རྫོང་སློབ་འབྲིང་དུ་བསྐྱོད་སྐབས་ཧེ་ལུང་ཅང་ཞིང་ཆེན་སུའེ་ཧྭ་གྲོང་ཁྱེར་གྱིས་རོགས་སྐྲུན་བྱས་པའི་ཉི་འོད་འཁྲུ་ཁང་ལས་ཕྲུ་གུ་ཚོ་དྲོད་ལྡན་ཆུས་དགའ་སྤྲོའི་ངང་ཁ་ངོ་དང་ལུས་འཁྲུ་རྒྱུ་བྱུང་ཡོད།
       བཞད་མཐོང་སྨོན་རྫོང་སློབ་འབྲིང་གི་ཏང་སྤྱི་ཁྱབ་ཀྲི་པུའི་ཧྲུའུ་ཅི་ཡའོ་ཀྲེན་པོས“སྒྱུར་བཀོད་མ་བྱས་གོང་མདོང་ལམ་རྙིང་པ་ཡིན་པས་ཆུ་སྤུས་ཞན་པ་མ་ཟད། ད་དུང་རྒྱུན་གཏན་ལྟར་ཆུ་མཁོ་འདོན་ཐུབ་ཀྱི་མེད། ད་ཆ་ཁྱིམ་ཚང་ཚང་མར་དྭངས་གཙང་ཆུ་རྟག་ཏུ་སྤྱོད་རྒྱུ་ཡོད”ཅེས་མྱོང་ཚོར་ཟབ་མོའི་ངང་བཤད།
       ད་ལོའི་ཟླ5པར། ཧེ་ལུང་ཅང་གིས་རོགས་སྐྲུན་བྱས་པའི་བཞད་མཐོང་སྨོན་རྫོང་གི་ཆུ་མཁོ་འདོན་མདོང་དྲ་རིམ་སྤོར་སྒྱུར་བཀོད་རྣམ་གྲངས་བདེ་བླག་ངང་ལས་མཇུག་འགྲིལ་ནས་སྤྱོད་འགོ་ཚུགས་པ་དེས་བཞད་མཐོང་སྨོན་རྫོང་གྲོང་གི་མི་སེར་ཚོའི་ལོ་མང་རིང་འཐུང་ཆུ་དཀོན་པའི་གནད་དོན་གཞི་ནས་ཐག་གཅོད་ཐུབ་ཡོད།
       དམངས་འཚོ་ནི་བདེ་རྩ་ཆེ་ཤོས་དེ་ཡིན་ཞིང་། ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ཐོག་མཐའ་བར་གསུམ་དུ་དམངས་འཚོ་ལེགས་སུ་གཏོང་རྒྱུར་དམིགས་པ་དང་ཤུགས་རྒྱག་རྒྱུ་མཐའ་འཁྱོངས་བྱས་ནས། གཞིས་རྩེའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་གནད་སྨིན་ངང་འཚོལ་བ་དང་། དོན་འཁྱོལ་ལ་དམ་འཛིན་དང་ཕན་འབྲས་ཐོན་པར་བྱས་ཏེ་མང་ཚོགས་ཚོའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་་སྣང་བཅས་རྒྱུན་མཐུད་ངང་ཆེ་རུ་བཏང་ཡོད།
       ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་རིམ་རྩིས་བྱས་ན་དམངས་འཚོ་འགན་ལེན་རིགས་ཀྱི་རྣམ་གྲངས་ཁག110ལག་ལེན་བསྟར་ནས། རོགས་སྐྱོར་བྱ་ཡུལ་གྱི་གཞི་རིམ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་མུ་མཐུད་ལེགས་སུ་བཏང་བ་དང་། ཁང་དམར་རྫོང་གམ་རུ་ཞང་འཕྲོད་བསྟེན་ཁང་བསྐྲུན་ཏེ་ཞང་ཡོངས་ཀྱི་མང་ཚོགས་དང་དེ་བཞིན་མཐའ་སྲུང་མངགས་གཏོང་ཁང་དང་། འཕྲིན་གཏོང་། སྦྲག་སྲིད་སོགས་མངགས་གཏོང་ཚན་པའི་མི2000ཙམ་ལ་སྤུས་ལེགས་སྨན་བཅོས་ཞབས་འདེགས་ཞུས་ཡོད། ལོ་མང་བསྟུད་མར“ལུང་བོད་ཀྱི་གངས་ལྗོངས་སུ་བསྐྱོད་པའི་བདེ་ཐང་བྱ་སྤྱོད”ཀྱི་བྱེད་སྒོ་ལག་ལེན་བསྟར་བ་བརྒྱུད། རོགས་སྐྱོར་བྱ་ཡུལ་གྱི་ལྷན་སྐྱེས་སྙིང་ནད་དང་མིག་ནད་ཕོག་པའི་ནད་པར་ཕན་པ་ཐོབ་ནས་རིམ་རྩིས་བྱས་ན་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ་མི་ཐེངས་ཁྲི3.31དང་མིག་ནད་ཕོག་པའི་ནད་པ་མི་ཐེངས3023ལ་བརྟག་དཔྱད་བྱས་ནས། ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ243དང་མིག་ནད་ཕོག་པའི་ནད་པ952ལ་རིན་མེད་ངང་གཤགས་བཅོས་བྱས་ཡོད།
       གཞན་ཡང་ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་སློབ་གསོ་དང་ལས་ཞུགས་ཁྱབ་ཁོངས་སུ་ལེགས་ལྡན་ཐོན་ཁུངས་ཀྱི་ནུས་པ་འདོན་རྒྱུ་མཐའ་འཁྱོངས་ཀྱིས“ཚོགས་པའི་རྣམ་པའི”བོད་སྐྱོར་དགེ་རྒན80སྔ་རྗེས་སུ་མངགས་ནས། བསམ་གྲུབ་རྩེ་ཆུས་སློབ་འབྲིང་གཉིས་པར་རོགས་སྐྱོར་བྱས་ཏེ་སློབ་ཁྲིད་ཐོན་ཁུངས་མཛོད་འཛུགས་པ་དང་དགེ་རྒན་གྲགས་ཅན་གྱི་ལས་དོན་ཁང་འཛུགས་རྒྱུར་སྐུལ་འདེད་བཏང་སྟེ། སློབ་གྲྭའི་སློབ་ཁྲིད་གྲུབ་འབྲས་ལྗོངས་ཡོངས་ཀྱི་ཨང་ལྔ་པ་དང་གྲོང་ཁྱེར་ཡོངས་ཀྱི་ཨང་གཉིས་པར་འཕར་ནས་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་ཡོད། མི་རིགས་ཁག་གི་མང་ཚོགས་ཀྱི་ལས་ཞུགས་འདུ་ཤེས་འགྱུར་རྒྱུར་ཁྲིད་སྟོན་ཧུར་ཐག་བྱས་ནས། རྩལ་ནུས་མཐོར་འདེགས་དང་ལས་གནས་གསར་སྤེལ་བྱེད་ཤུགས་ཆེ་རུ་གཏོང་བ་སོགས་བརྒྱུད་བོད་རིགས་མང་ཚོགས་དེ་བས་མང་བ་སྤུས་ཚད་མཐོ་བའི་ལས་ཞུགས་ཐུབ་རྒྱུར་སྐུལ་ཁྲིད་བྱས་ཡོད། 2024ལོའི་ཟླ7པའི་ཟླ་མཇུག་བར། ཧེ་ལུང་ཅང་ཞིང་ཆེན་གྱིས་རིམ་རྩིས་བྱས་ན་ཐེམ་ཁོངས་གཞིས་རྩེ་ནས་ཡིན་པའི་སློབ་ཆེན་སློབ་ཐོན་སློབ་མར་གཞུང་ཞབས་པ་དང་བྱ་གཞག་ཚན་པའི་སྒྲིག་ཁོངས་ཀྱི་ལས་གནས1114དང་ཁེ་ལས་ཀྱི་ལས་གནས7745མཁོ་འདོན་བྱས་ཡོད།
       རྫོང་གྲོང་ནས་གྲོང་གསེབ་བར་ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་སྦྱིན་པའི་བདེ་སྐྱིད་ཚོར་སྣང་མང་པོ་རྒྱུན་མཐུད་བྱས་ཤིང་། བཞད་མཐོང་སྨོན་རྫོང་གྲོང་ནས་མི་རིང་བའི་སར་གནས་པའི་རྟ་ནག་མདའ་ཞང་ལྡིང་ཀ་གྲོང་ཚོའི་སྡོད་མལ་ཁོར་ཡུག་དང་གྲོང་ཚོའི་རྣམ་པར་འགྱུར་ལྡོག་ཤུགས་ཆེན་བྱུང་ཡོད།
       “ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གི་རོགས་རམ་འོག་གྲོང་མི་རྣམས་བོད་བཟོའི་སྡོད་ཁང་གསར་པར་བསྡད་ནས་མི་ཕྱུགས་ལོགས་དབྱེ་བྱུང་ཞིང་། འཚོ་བའི་འགྱུར་ལྡོག་དང་གྲོང་ཚོའི་རྣམ་པ་གསར་པ་ལས་གྲོང་མི་ཚོས་བདེ་སྐྱིད་ལ་དེ་བས་ཐད་ཀར་ངོས་འཛིན་ཐུབ་ཡོད”ཅེས་ལྡིང་ཀ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་བསམ་གྲུབ་ཀྱིས་མི་རིང་བའི་སར་གནས་པའི་ཐོག་སྔོན་པོའི་ཁང་པ་སྟར་པ་རེ་རེར་མཛུབ་མོ་བཙུགས་བཞིན“ཚང་མའི་ཐུན་མོང་འབད་བརྩོན་འོག ང་ཚོའི་གྲོང་གསེབ་དར་རྒྱས་གཏོང་བའི་ལམ་བུ་དེ་བས་རྒྱ་ཆེར་འགྲོ་ངེས་ཡིན་པར་ཡིད་ཆེས་ཡོད”ཅེས་འབྱུང་འགྱུར་ལ་རེ་བས་ཁེངས་བཞིན་བཤད།
       རིག་གནས་ཀྱི་སྟོབས་ཤུགས་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
       ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ནི་རྒྱལ་ཁབ་གཅིག་གྱུར་གྱི་རྨང་གཞི་དང་། མི་རིགས་མཐུན་སྒྲིལ་གྱི་རྩ་བ། བསམ་པའི་སྟོབས་ཤུགས་ཀྱི་བླ་སྲོག་བཅས་རེད། དུས་ཡུན་རིང་པོའི་ནང་ཧེ་ལུང་ཅང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་རྒྱུ་གཙོ་རྐང་དུ་བྱས་ནས། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་གཏོད་ཀྱི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་། ལུང་བོད་ས་གནས་གཉིས་ཀྱི་རིག་གནས་དང་ཡུལ་སྐོར་སོགས་ཁྱབ་ཁོངས་མང་པོའི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་པ། མི་རིགས་ཁག་དབར་འགྲོ་འོང་དང་སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་འདུ་འགོད་ལག་ལེན་ཤུགས་ཆེན་བསྟར་བ། བསམ་བློ་སྤེལ་རེས་གཏིང་ཟབ་བྱས་པ། གཙོ་རྐང་དང་ནང་དོན་ཕུན་སུམ་ཚོགས་སུ་བཏང་བ། མི་རིགས་དབར་འགྲོ་འོང་རྒྱ་ཁྱབ་དང་། ཕྱོགས་ཡོངས་ནས་སྤེལ་རེས། མཉམ་འདྲེས་གཏིང་ཟབ་བཅས་བྱ་རྒྱུར་སྐུལ་འདེད་བཏང་ནས་རིག་གནས་ཀྱི་སྟོབས་ཤུགས་ལ་བརྟེན་ཏེ་ལུང་བོད་ས་གནས་གཉིས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་ཡོད།
       2023ལོའི་ཟླ11པར། ཧེ་ལུང་ཅང་ཞིང་ཆེན་གྱི་ཕུལ་བྱུང་སྒྱུ་རྩལ་མཁས་ཅན་ལ་བརྒལ་ཀླུང་བརྒལ་ངང་ཇོ་མོ་གླང་མ་གནས་ཡུལ་གྱི་གཞིས་རྩེ་གྲོང་ཁྱེར་དུ་ཡོང་སྟེ་ས་གནས་དེ་གའི་སྒྱུ་རྩལ་མཁས་ཅན་དང་མཉམ་དུ་སྒྱུ་རྩལ་འཁྲབ་སྟོན་བྱས་ནས། རིག་གནས་ལ་བརྟེན་ཏེ་གྲོགས་པོ་སྒྲིག་པ་དང་སྒྱུ་རྩལ་ལ་བརྟེན་ནས་བརྩེ་དུང་བརྒྱུད་སྤྲོད་བྱས་ནས་ས་གནས་གཉིས་ཀྱི་མི་དམངས་དབར་འབྲེལ་མཐུད་དམ་ཟབ་བྱས་ཡོད་ལ། བྱེད་སྒོ་རབ་དང་རིམ་པའི་ཁྲོད་ཀྱི་བརྙན་རིས་འགའ་ཤས་ཀྱིས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཡོད།
       བསམ་གྲུབ་རྩེ་ཆུས་སློབ་འབྲིང་གཉིས་པའི་སློབ་ཁང་དུ་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་ཤོག་དྲས་གྲུ་བཞིའི་འདྲ་གཟུགས་ཀྱི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་ཉི་ཞིའུ་མའེ་ཡི་མཛུབ་ཁྲིད་འོག ཕྲུ་གུ་ཚོས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་སྦྱོང་བྱས་ཏེ་སེམས་མཐུན་གྱི“སེ་འབྲུ་དམར་པོའི”རེ་རེ་དྲས་ཡོད།
       ས་གནས་གཉིས་ཀྱི་རིག་གནས་སྤེལ་རེས་སྒྱུ་རྩལ་འགྲེམས་སྟོན་དང་རིག་རྩལ་མཉམ་འཁྲབ་ཁྲོད་ལུང་བོད་ཀྱི་མཚོན་བྱེད་རང་བཞིན་གྱི་སྒྱུ་རྩལ་བརྩམས་ཆོས་དང་ཁྱད་ལྡན་གླུ་གར་འཁྲབ་སྟོན་རེས་མོས་བྱས་ནས་གཞིས་རྩེ་གྲོང་མི་མང་ཚོགས་ལ་ཆུ་ཚད་མཐོ་བ་དང་གཞི་རྒྱུ་མང་བའི་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་ཤིག་བཤམས་ཡོད།
       གཞིས་རྩེ་གྲོང་ཁྱེར་གྱི་གྲོང་མི་ཟླ་བ་བཀྲ་ཤིས་ཀྱིས “བྱེད་སྒོ་རབ་དང་རིམ་པ་སྤེལ་བ་བརྒྱུད། ངས་ཀྲུང་ཧྭའི་རིག་གནས་སྣ་མང་ཕུན་སུམ་ཚོགས་ཤིང་རྒྱ་ཆེ་ཞིང་གཏིང་ཟབ་པོ་ཡོད་པའི་ཚོར་སྣང་ཟབ་མོ་བྱུང་ལ། སྐབས་དེར་ངར་སྤོབས་པ་དང་སེམས་འགུལ་ཡང་ཚད་མེད་ཐེབས་བྱུང་། ངས་ཕྲུ་གུ་ཁྲིད་དེ་ཏུང་པེར་བསྐྱོད་ནས་མེས་རྒྱལ་གྱི་རིག་གནས་ཀྱི་ཉམས་འགྱུར་དང་རང་བྱུང་གི་མཛེས་པ་མྱོང་རོལ་བྱེད་འདོད་འདུག”ཅེས་བཤད།
       རིག་གནས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་དང་། སྐད་གྲགས་མེད་པར་བྱས་རྗེས་བཞག ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་དོན་རུ་ཁག་ཁག་བརྒྱད་པའི་འབྲེལ་ཡོད་འགན་འཁུར་བས། 2022ལོ་ནས་བཟུང་ཧེ་ལུང་ཅང་ཞིང་ཆེན་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རིག་རྩལ་བོད་སྐྱོར་གྱི་ལས་དོན་སྤེལ་འགོ་ཚུགས་ནས། ལུང་བོད་ས་གནས་གཉིས་ཀྱི་རྒྱུན་རྣམ་ཅན་གྱི་རིག་རྩལ་སྤེལ་རེས་མཉམ་ལས་ཀྱི་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་བ་དང་། མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་ཀྱི་རེ་འདོད་རྒྱུན་ཆད་མེད་པར་སྐོང་བའི་ཁྲོད་རིག་གནས་ཀྱི་གདེང་ཚོད་ཆེ་རུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་གཏོད་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་ཟབ་ཏུ་གཏོང་བ་བཅས་བྱས་ཡོད་ཅེས་ངོ་སྤྲོད་བྱས།
       “བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་སྲོག་ཤིང་ནི་བློ་སེམས་གཅིག་ཏུ་སྒྲིལ་རྒྱུ་དང་། བླང་བྱ་ནི་མི་སེམས་སུ་གཏིང་ཟབ་ཟུག་རྒྱུ། ཕན་འབྲས་ནི་གཅིག་སེམས་གཅིག་ལ་གཏད་རྒྱུ། གྲུབ་འབྲས་ནི་བསམ་པ་རྣམ་དག་བྱ་རྒྱུ་བཅས་རེད”ཞེས་པ་དེ་ཧེ་ལུང་ཅང་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་པ་དང་ཤེས་ལྡན་མི་སྣ་ཁག་ཐེངས་མང་པོའི་ཐུན་མོང་གི་ངོས་འཛིན་ཞིག་ཏུ་གྱུར་ཡོད། ཧེ་ལུང་ཅང་ཞིང་ཆེན་གྱི་ཁག་དྲུག་པའི་བོད་སྐྱོར་ལས་བྱེད་པ་ཧན་ཝུན་ཡིའུ་ཡིས་ཕྱིར་དྲན་རྩོམ་ཡིག《ཐོག་མའི་བསམ་འདུན་ཡངས་པའི་ས་མཐོར་བཅངས》ཞེས་པའི་ནང་། རྒྱལ་ཡོངས་ནས་ཡོང་བའི་བོད་སྐྱོར་ལས་བྱེད་པ་དང་བོད་རིགས་སྤུན་ཟླ་རྣམས་མཉམ་དུ་མཐུན་སྒྲིལ་འབད་འཐབ་བྱེད་པ་དང་མི་རིགས་ཁག་སེ་འབྲུའི་ལྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་སྐབས་ང་ཚོས་ད་དུང་འཛེག་མི་ཐུབ་པའི་རི་མཐོ་གང་ཡོད། བརྒལ་མི་ཐུབ་པའི་གྲམ་ཐང་གང་ཡོད། རྣམ་པར་རྒྱལ་མི་ཐུབ་པའི་དཀའ་ངལ་གང་ཡོད་ཅེས་བྲིས་པ་ལྟར་རེད།
       ལུང་བོད་ཁྱིམ་ཚང་གཅིག་ལྟར་བརྩེ། རྒྱང་ལམ་གསར་པར་མདུན་སྐྱོད་བྱེད། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཧེ་ལུང་ཅང་ཞིང་ཆེན་གྱིས་ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེན་པོའི་དར་ཆ་ཐོག་མཐའ་བར་གསུམ་དུ་མཐོན་པོར་བསྒྲེངས་ནས། དམངས་འཚོ་ལེགས་གཏོང་དང་། རིག་སྟོབས་རོགས་སྐྱོར། ཐོན་ལས་འཕེལ་རྒྱས། མཐུན་སྒྲིལ་ཟབ་གཏོང་བཅས་ལ་དམིགས་པ་དང་། ལུང་བོད་ས་ཁུལ་གཉིས་ཀྱིས་ཁྱབ་ཁོངས་མང་པོར་དངོས་སྒྲུབ་མཉམ་ལས་བྱེད་ཟབ་ཏུ་བཏང་སྟེ། གཞིས་རྩེ་གྲོང་ཁྱེར་གྱི་སྤྱི་ཚོགས་སྤྱི་ཡོངས་སྔར་བས་བརྟན་ལྷིང་དང་། དཔལ་འབྱོར་དང་རིག་གནས་སྔར་བས་དར་རྒྱས། སྐྱེ་ཁམས་ཁོར་ཡུག་སྔར་བས་ལེགས་པ། མི་དམངས་ཀྱི་འཚོ་བ་སྔར་བས་བདེ་སྐྱིད་བཅས་ཡོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཟམ་མི་ཆད་པར་སྐྱེས་སུ་ཕུལ་ཏེ། གངས་ལྗོངས་ཀྱི་བུ་ཕྲུག་ཚོ་དང་མཉམ་དུ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་སྟོབས་ཆེན་ཕྱོགས་ཡོངས་ནས་འཛུགས་སྐྲུན་གྱི་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་ཕྱོགས་སུ་མདུན་སྐྱོད་བྱ་རྒྱུ་རེད།