ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

གནའ་བོའི་ལག་ཤེས་བཟོ་རྩལ་ལས་ཐོན་པའི་ཕྱུག་འགྱུར་བགྲོད་ལམ།

སྤེལ་དུས 2024-09-06 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།

           གཡག་ཐེར་འཁེལ་འཐག་ལག་ཤེས་བཟོ་རྩལ་ནི་བོད་རིགས་ས་ཁུལ་དུ་ལོ་ངོ་སྟོང་ཕྲག་རིང་རྒྱུན་འཛིན་བྱས་པའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་ཞིག་ཡིན། དེས་ས་མཐོའི་ལུག་བལ་ལེགས་འདེམས་བྱས་པ་བརྒྱུད་མི་ཐབས་ལ་བརྟེན་ནས་བལ་རྒྱུ་གསེད་པ་དང་། བཀྲུ་བ། དེ་བཞིན་འཐག་ནས་གོས་རྒྱུ་བཟོས་རྗེས། རྩི་ཤིང་གི་ཚོས་རྫས་ནང་སྦངས་བ་ན། མཉེན་ཞིང་། དྲོད་སྲུང་ཐུབ་པ། མདོག་མི་ལོག་པ་བཅས་ཀྱི་ཁྱད་ཆོས་ལྡན་པའི་སྣམ་ཆས་ཤིག་ཏུ་འགྱུར་གྱི་ཡོད་པས། ས་མཐོའི་མི་རིགས་ཀྱི་ལག་ཤེས་བཟོ་རྩལ་རིག་གནས་ཀྱི་ཉིང་བཅུད་མངོན་ཡོད། ད་ཆ་ས་མཐོའི་འཁལ་འཐག་ལག་རྩལ་དེ་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ཁང་གཞུང་ཞང་དུ་ཞིང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་རྣམ་པ་བརྒྱུད་སྲུང་སྐྱོང་དང་རྒྱུན་འཛིན་དེ་བས་ལེགས་པ་ཐུབ་ཡོད།

           མཉམ་ལས་ཁང་གི་ཁོངས་མི་སྐལ་བཟང་ཕུན་ཚོགས་ཀྱིས། མཉམ་ལས་ཁང་དུ་ལོ་གཉིས་ལྷག་ལས་ཀ་བྱེད་རིང་། ལོ་རེའི་ཡོང་འབབ་སྒོར་ཁྲི་གསུམ་ནས་སྒོར་ཁྲི་བཞི་བར་རག་གི་ཡོད་པས་རང་ཡུལ་ནས་ཁ་བྲལ་མི་དགོས་པར་སྒོ་རྩ་ནས་འབབ་འཕར་ཡོང་གི་འདུག་ཅེས་བརྗོད་ཡོད།

             བོད་ལྗོངས་གཡག་ཐེར་ཁེ་ལས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་འཁུར་བ་དབུ་སྒྲོན་གྱིས། མཉམ་ལས་ཁང་འདི་བཙུགས་ནས་ད་བར་གྲོང་མི་བཞི་བརྒྱ་ལྷག་ལ་ལས་གནས་མཁོ་འདོན་བྱས་ཡོད་ཅེས་བརྗོད་པ་རེད།

          ངོ་སྤྲོད་བྱས་པར་གཞིགས་ན། ཞང་དེའི་གཡག་ཐེར་བལ་འཐག་ཐོན་རྫས་ཞིང་པའི་ཆེད་ལས་མཉམ་ལས་ཁང་གིས་མཐའ་འཁོར་ཞང་དང་གྲོང་རྡལ་གྱི་མང་ཚོགས་མཉམ་ལས་ཁང་ནང་ཞུགས་རྒྱུར་སྐུལ་ཁྲིད་ཧུར་ཐག་བྱས་པས། 2023ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི2000ཟིན་ནས་ཞིང་པ་ཕྱུག་འགྱུར་འབབ་འཕར་བྱུང་ཡོད་པ་རེད།

 

རྩོམ་སྒྲིག་པ། མང་ག་མཚོ།