གཞོན་དུས་ཀྱི་ཉི་ཡུའེ་ཙུའུ།
1950ལོར་སྐུ་ཞབས་ཉི་ཡུའེ་ཙུའུ་དམག་ལ་ཞུགས་རྒྱུའི་ཕུགས་འདུན་བཅངས་ཏེ་ཀན་སུའུ་ཞིང་ཆེན་ཁོངས་གཏོགས་ཀྱི་ལུའུ་བཅུ་གཅིག་པའི་དམག་དཔུང་སྨན་ཁང་གི་ལུས་གསོའི་རྟེན་གཞིར་ལུས་ཁམས་བདེ་སྲུང་གི་སྨན་པ་བྱས། 1958ལོར་རྟེན་གཞིའི་མི་སྣ་ཚང་མ་མཚོ་བོད་གཞུང་ལམ་དོ་དམ་ཅུས་ལས་བཟོའི་སྨན་ཁང་དུ་བསྐྱལ་ཏེ། བོད་རང་སྐྱོང་ལྗོངས་ཀྱིས་ན་གོར་མོ་རུ་བཅའ་སྡོད་བྱས་པའི་རྟེན་གཞི་ནས་ཁོང་གིས་སྤྱིར་བཏང་དང་བརྗེད་དཀའ་བའི་མི་ཚེའི་ལེའུ་ཞིག་གིས་སྒོ་ཕྱེས་པ་རེད།
སྨན་ཁང་དུ་ལས་ཀ་བྱེད་སྐབས། ཉི་ཡུའེ་ཙུའུ་བཅོས་དཀའ་བའི་ནད་རིགས་སྣ་ཚོགས་འཕྲད་མྱོང་ལ། ནད་པ་མང་པོ་སྨན་བཅོས་ཀྱང་བྱས་མྱོང་། དུས་སྐབས་དེར་དཀའ་ཚེགས་ཆེ་མོད། འོན་ཀྱང་དོན་སྙིང་ལྡན་པ་ཞིག་རེད། ཉི་ཡུའེ་ཙུའུ་ཡིས“ནམ་རྒྱུན་ཉིན་རེར་ཆུ་ཚོད་གཉིས་གསུམ་ཙམ་ལས་གཉིད་མི་ཐུབ་པ་མ་ཟད་དུས་ཚོད་དང་སྐར་ཆ་རེ་རེར་ས་མཐོའི་ལ་དུག་གི་དཀའ་ངལ་ལ་གདོང་གཏུགས་དགོས”ཞེས་བཤད། སྐབས་དེར་ངས་ལ་དུག་མ་ཐུབ་པས། སེམས་འཚབ་པ་དང་། ཚ་རྒྱག་པ། མགོ་ན་བ། མིག་གིས་གསལ་པོ་མི་མཐོང་བ་སོགས་ཀྱི་གནས་ཚུལ་བྱུང་མོད། ང་ཚོས་དེ་ནི་གཉིད་ཡག་པོ་མ་ཁུག་པའི་རྐྱེན་ཡིན་པར་ཤེས་ཏེ། ང་ཚོས་ནད་བརྟག་པའི་གོ་རིམ་ཡག་པོ་བསྒྲིགས་ནས། ནད་པ་བཅུར་བལྟས་རྗེས་སྐར་མ་ཉི་ཤུ་ངལ་གསོ་རྒྱུ་གཏན་འབེབས་བྱས། སྐར་མ་བཅུ་ལས་ཉལ་མེད་རུང་ལ་དུག་གི་གཟིར་བ་བརྒྱ་ཆ་དགུ་བཅུ་ཇེ་ཡང་དུ་འགྲོ་སྲིད”
“མཚོ་བོད་གཞུང་ལམ་གྱི་ཡབ་ཆེན”དང་“ན་གོར་མོའི་ཡབ་ཆེན”ཞེས་གྲགས་པའི་དམག་དཔོན་མུའུ་ཧྲེང་ཀྲུང་གི་སྐོར་གླེང་སྐབས། ཉི་ཡུའེ་ཙུའུ་ཡི་ཡིད་ལ་དད་གུས་ཆེན་པོ་སྐྱེས། ལས་ཀའི་ཁྲོད་ཁོང་དང་ལས་རོགས་ཚོས་རྟག་ཏུ་དམག་དཔོན་རྒན་གྲས་ཁོང་དང་མཇལ་གྱི་ཡོད། ཁོང་གིས་མི་ཚང་མར་དགའ་པོ་བྱེད་པ་དང་སྒྲོབ་ཉམས་གང་ཡང་མེད་པས། ཚང་མ་ཁོང་ལ་ཧ་ཅང་དགའ་པོ་བྱེད་ཀྱི་ཡོད། “སྐབས་རེ་ང་ཚོས་པར་རྒྱག་རྒྱུའི་རེ་ཞུ་ལ་ཁོང་མོས་མཐུན་བྱུང་ནས་ང་ཚོ་དང་མཉམ་དུ་པར་བསྐྱོན་པ་རེད། འོན་ཀྱང་སྐབས་དེ་དུས་པར་ཧ་ཅང་རྩ་ཆེན་ཡིན་པས་ང་ཚོས་མཉམ་པར་གཅིག་ཀྱང་འཛིན་ཐུབ་མེད”
ཉི་ཡུའེ་ཙུའུ་ཡིས་མ་འོངས་པའི་སྨན་ཁང་གི་འཕེལ་རྒྱས་ལ་ལྟ་ཚུལ་ཅི་ཞིག་ཡོད་ཅེས་འདྲི་སྐབས། སྐུ་ཞབས་རྒན་པོ་ན་སོ་རྒས་ཀྱང་དྲན་ཤེས་གསལ་ལ་སྨྲ་ལྕེ་ཤིན་ཏུ་བདེ། “སྨན་ཁང་དུ་སྦྱོང་བརྡར་མང་ཙམ་བྱས་ཏེ། རང་ཉིད་ཀྱི་ནུས་པ་ལ་ཤུགས་སྣོན་རྒྱག་པ་དང་། མང་ཚོགས་སྔར་ལས་མང་བར་ཞབས་འདེགས་ཞུ་རུ་བཅུག་སྟེ། སླར་ཡང་འོད་སྟོང་འབར་བའི་གྲུབ་འབྲས་གཏོད་དུ་འཇུག་དགོས”ཞེས་གསུངས། སྨན་བཅོས་ལག་རྩལ་ཇེ་མཐོར་སོང་བ་དང་། སྨན་ཁང་རྒྱ་སྐྱེད་སོང་བ། ཆེད་མཁས་པ་ཡང་མང་བས་ཞབས་ཞུ་བྱེད་མཁན་གྱི་ཚོགས་སྤྱིའང་རྒྱ་ཆེན་པོ་ཡོད། སྨན་བཅོས་ཐོན་ཁུངས་དང་སྨན་བཅོས་ཤེས་ལྡན་པ་ཟུང་འབྲེལ་བྱས་ནས་ཤུགས་རྐྱེན་ཆེ་རུ་གཏོང་དགོས།”
1959ལོར་ཀྲུང་གོ་གུང་ཁྲན་རིང་ལུགས་གཞོན་ནུ་ཚོགས་པའི་མཚོ་བོད་གཞུང་ལམ་དོ་དམ་ཅུས་ཨུ་ཡོན་ལྷན་ཁང་གིས་ཉི་ཡུའེ་ཙུའུ་ལ་གནང་བའི་གཞོན་ནུའི་དར་ཆ་དམར་པོའི་བྱ་དགའི་ལག་ཁྱེར།
གྲོང་གསེབ་ཏུ་སོང་ནས་བརྟག་དཔྱད་བྱེད་པའི་འཚོ་བ་ཧ་ཅང་དཀའ་མོ་ཡོད། འོན་ཀྱང་སྐུ་ཞབས་ཁོང་གིས་དེའི་སྐོར་གླེང་སྐབས། དེ་ནི་ཧ་ཅང་སྤྲོ་སྣང་ཅན་ཞིག་རེད་ཟེར།
སྐབས་དེ་དུས། བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་ཐིང་གིས་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ན། སྨན་ཁང་གཅིག་གི་མི་དྲུག་རེ་ཚོ་ཆུང་གཅིག་ཏུ་བགོས་ཡོད། ཁོང་གིས་རང་ཉིད་ཐེངས་དང་པོར་གྲོང་གསེབ་ཏུ་རྟ་ཞོན་ནས་བསྐྱོད་སྐབས། ཐག་རིང་པོ་ཕྱིན་མེད་རུང་ཐེངས་བཞི་ལྔ་ཙམ་འགྱེལ་བ་ཕྱིར་དྲན་བྱས། “སྔོན་ཆད་རྟ་ལ་ཞོན་མྱོང་མེད། གནམ་གཤིས་ངན་པ་དང་ཁ་ཆར་བབས་པ། ལམ་ཕྲན་ཤིན་ཏུ་དོག་ལ་འོག་ཏུ་ཆུ་བོ་དྲག་ཏུ་རྒྱུག་པས་རྟའི་སྲབ་མདའ་ནས་ཤེད་ཀྱིས་འཐེན་ནའང་འགྲོ་གི་མེད། རྟ་ཕོ་ལྕག་གིས་སྐུལ་མི་ཕོད། ལྕག་གིས་སྐུལ་ན་མི་རྟ་གཉིས་ཀ་ཆུར་ལྷུངས་ཉེན་ཡོད། ཞིང་འབྲོག་ཁུལ་དུ་སླེབས་དུས་ཆ་རྐྱེན་ཧ་ཅང་དཀའ་ཚེགས་ཆེན་པོ་ཡོད། སྐབས་དེ་དུས་ས་ཁུང་དུ་སྡོད་ཀྱི་ཡོད། སྟེང་ལ་འཁྱགས་པ་ཆགས་པ་དང་བྱེ་རླུང་ལྡང་བ་མ་ཟད། དུག་སྦྲང་ཡང་མང་བ་དང་། ཟ་རྒྱུ་ཡོད་པ་ནི་སྔོ་ཚལ་སྐམ་པོ་ཤ་སྟག་རེད”ཅེས་བརྗོད།
གྲོང་གསེབ་ཏུ་འོས་འགན་སྨན་བཅོས་བྱེད་པར་ཕྱིན་ན་ཕལ་ཆེར་ལོ་ཕྱེད་འགོར་གྱི་ཡོད། གནམ་གཤིས་ཧ་ཅང་སྐམ་ཤས་ཆེ་བས། ཉི་ཡུའེ་ཙུའུ་དང་ལས་གྲོགས་ཚོས་གངས་ཆུ་བཏུངས་ནས་བསྐྱོད་ཀྱི་ཡོད། དགུན་ཁའི་མཚན་མོར་མལ་ལས་ལངས་ནས་ཕྱི་ནས་ཁ་བ་གཞོང་པ་གང་བླངས་ཤིང་། དེ་ཐབ་ཐོག་ཏུ་བཞག་ནས་དུག་སེལ་བྱས་རྗེས་འཐུང་བ་ཡིན། ཉིན་དཀར་བྱ་བ་མེད་པའི་སྐབས་སུ་གུར་ནས་ཕྱིར་བུད་ནས་ལྕི་བ་སྒྲུག་པར་སྐྱོད་ཀྱི་ཡོད། དགུན་ཁར་ཁོང་ཚོས་རྩྭ་ལྷམ་རལ་པ་གྱོན་པས་རྐང་མཛུབ་འཁྱགས་ནས་རེངས་པོར་གྱུར། “ང་ཚོས་ས་གནས་དེ་གའི་ཞིང་འབྲོག་པ་དང་མཉམ་དུ་ལས་ཀ་བྱེད་ཀྱི་ཡོད། ལས་ཀ་མེད་ན་མ་གཏོགས་ཚང་མ་བྱེད་ཀྱི་ཡོད། ཐེངས་ཤིག་གྲོང་གསེབ་ཏུ་སོང་ནས་ནམ་གུང་གཉིད་པའི་སྐབས་སུ་གློ་བུར་དུ་མི་ཞིག་གིས‘མེ་ཤོར་འདུག མེ་ཤོར་འདུག’ཅེས་སྐད་ཅོར་རྒྱག་པས། ང་ཚོས་གྱོན་གོས་གྱོན་ཁོམ་མ་བྱུང་བར་ཕྱི་ལ་རྒྱུགས་ནས་གངས་ཟོ་བ་རེ་རེ་བཞིན་མེ་ཡི་སྟེང་དུ་བཀབ་སྟེ་དུས་ཚོད་གཉིས་གསུམ་ཙམ་ལ་འབད་བརྩོན་བྱས་པས་ད་གཟོད་མེ་གསོད་ཐུབ་ཙམ་བྱུང་། མ་གཞི་དགུན་ཁ་ཡིན་རུང་། དོར་མ་དང་རྔུལ་ལེན་མ་གཏོགས་གྱོན་མེད་པས་ལུས་ཡོངས་སུ་རྔུལ་ཆུ་འཚོས”
སྐུ་ཞབས་ཉི་ཡུའེ་ཙུའུ་ཡིས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་བཤད་རྒྱུར། “ངའི་མི་ཚེ་འདིར་གྲུབ་འབྲས་ཆེན་པོ་བཞག་པ་བསྟན་རྒྱུ་མེད་ཀྱང་། བློ་གཅིག་སེམས་གཅིག་གིས་ཏང་གི་རྗེས་སུ་འབྲངས་ནས་རྩ་འཛུགས་ཀྱི་བཀོད་སྒྲིག་ལ་ཉན་པ་ཙམ་ཡིན། ཏང་རྩ་འཛུགས་ཀྱིས་ང་ལ་བསྟོད་བསྔགས་ཐེངས་མང་གནང་བས། ངའི་མེས་རྒྱལ་གྱི་ཆེད་དུ་ལེགས་སྐྱེས་འབུལ་བའི་ཡིད་ཆེས་སྔར་བས་བརྟན་དུ་ཕྱིན་སོང”ཞེས་བློ་རྩ་བརྟན་པོས་བཤད།
ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ནུབ་བྱང་དམག་གི་གསར་བརྗེའི་དམག་མིའི་དཔང་ཡིག
ཉི་ཡུའེ་ཙུའུ་སྤོབས་པ་སྐྱེ་དགོས་པ་ཞིག་ལ། སྨན་ཁང་དུ་ལས་ཀ་བྱེད་སྐབས། ཁོང་གིས་ས་གནས་དེ་གའི་སྨན་པའི་སྟེང་ནས་ནད་བཅོས་པའི་ལག་རྩལ་མང་པོ་ཤེས་ལ། ཁོང་བཙལ་ནས་སྨན་པ་བསྟེན་པར་ཡོང་མཁན་ཧ་ཅང་མང་བས། ས་གནས་དེ་གའི་མང་ཚོགས་ཀྱི་བརྩི་བཀུར་ཆེན་པོ་ཐོབ། ཁོང་གིས“མི་ཚེ་འདིར་སྤོབས་པ་སྐྱེས་པ་ཞིག་ལ་ངེད་བཟའ་ཚོ་གཉིས་ལ་བུ་ཕྲུག་བཞི་སྐྱེས། ཁོང་ཚོ་བོད་ལྗོངས་སུ་སྐྱེས་པ་དང་བོད་ལྗོངས་སུ་འཚར་ལོངས་བྱུང་བ་མ་ཟད། ནར་སོན་རྗེས་ང་ཚོའི་རྗེས་སུ་འབྲངས་ནས་བོད་ལྗོངས་འཛུགས་སྐྲུན་ལ་ལེགས་སྐྱེས་འབུལ་ངེས་རེད”ཅེས་བཤད།
ཉི་ཡུའེ་ཙུའུ་དང་ཁོང་གི་དགའ་རོགས་སུའེ་ཞིའུ་ཀྲེན།
བོད་ལྗོངས་ལ་བརྩེ་དུང་ཟབ་མོ་བཅངས་ཡོད་པ་མ་ཟད། དེའི་འཕེལ་རྒྱས་དང་འགྱུར་ལྡོག་དངོས་སུ་བརྒྱུད་མྱོང་ཡོད་པས་ཉི་ཡུའེ་ཙུའུ་ཡིས་ཉིན་ལྟར་སྔར་བཞིན་བོད་ལྗོངས་ཀྱི་སྲུང་སྐར་བརྙན་འཕྲིན་ལ་ལྟ་བཞིན་ཡོད་པ་མ་ཟད། ད་དུང་དུས་དང་རྣམ་པ་ཀུན་ཏུ་བོད་ལྗོངས་ཀྱི་ཡོད་ཚད་ལ་དོ་ཁུར་བྱེད་བཞིན་ཡོད། ཁོང་གིས“ཏང་གི་འགོ་ཁྲིད་འོག་བོད་ལྗོངས་ཀྱི་རྣམ་པ་གསར་རྐྱང་ཞིག་ཏུ་གྱུར་ནས་ལམ་སྔོན་མ་ལས་ལྡབ་ཁ་ཤས་ཀྱིས་ཞེང་ཁ་ཆེ་བས། ཕྱི་ལ་འགྲོ་སྐབས་ལྷམ་ཐལ་རྡུལ་གྱིས་སྦགས་པའི་སེམས་ཁྲུལ་མེད”“ང་བོད་ལྗོངས་སུ་སླེབས་མ་ཐག་པའི་དུས་ནི་ན་གཞོན་ཤེས་རྨོངས་ཀྱི་ཕོ་གསར་ཞིག་ཡིན་པ་དང་། སྐད་ཅིག་ཙམ་ལ་རྒས་སོང་བས་མེས་རྒྱལ་གྱི་འབྱུང་འགྱུར་གྱི་རེ་བ་ནི་ན་གཞོན་ཁྱེད་ཚོར་ཡོད”ཅེས་བཤད།
“བོད་ལྗོངས་ལགས། ང་ཚོས་མི་ཚེ་ཧྲིལ་པོ་ལེགས་སྐྱེས་སུ་ཕུལ་ཡོད། མི་ལ་ལས་ང་ལ་འགྱོད་པ་སྐྱེས་སམ་ཞེས་དྲིས་ཚེ་ངས་འཕྲལ་ཐག་ཆོད་པོས་འགྱོད་པ་སྐྱེ་གི་མི་འདུག”ཅེས་བརྗོད་སྲིད། ཉི་ཡུའེ་ཙུའུ་ཡིས“འདི་གར་དཀའ་ཚེགས་ཆེ་ཡང་སྤྲོ་སྣང་ཡོད། ང་རང་གཏན་གྲོགས་དང་འཕྲད་ནས་ལས་ཀའི་ཐོག་ཧུར་ཐག་འབད་ཐག་དང་བུ་ཕྲུག་གཉོར་སྐྱོང་བྱེད་ཀྱི་ཡོད། ཏང་དང་རྩ་འཛུགས་ཀྱིས་ང་ལ་འདིར་ཡོང་ངའི་གོ་སྐབས་སྤྲད་པར་བཀའ་དྲིན་ཆེ་ཞུ་གི་ཡིན། ང་རང་ཉིད་ཀྱི་ཚེ་གང་གི་ལས་ཀར་སྤོབས་པ་སྐྱེས་ཀྱི་འདུག”ཅེས་བཤད།
རྩོམ་སྒྲིག་པ། མང་ག་མཚོ།