ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

རྒྱལ་སྟོན་རིང་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར7.65ཟིན་ཡོད།

སྤེལ་དུས 2024-10-11 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།

      རིག་གནས་དང་ཡུལ་སྐོར་པུའུ་ཡིས་ཟླ10པའི་ཚེས8ཉིན་ལ2024ལོའི་རྒྱལ་སྟོན་ངལ་གསོའི་རིང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་ཡོངས་བསྒྲགས་བྱས། རིག་གནས་དང་ཡུལ་སྐོར་པུའུ་ཡིས་གཞི་གྲངས་ལྟེ་གནས་ཀྱིས་ཚད་ལེན་ཞིབ་རྩིས་བྱས་པ་བརྒྱུད། རྒྱལ་ཡོངས་ཀྱི་རྒྱལ་ནང་དུ་ཡུལ་སྐོར་བ་མི་ཐེངས་དུང་ཕྱུར7.65ཟིན་པ་དང་། དེ་བསྡུར་གཞི་ཡོད་པའི་ཚད་གཞིར་གཞིགས་ན་དུས་མཚུངས་ལས5.9%འཕར་བ་དང་། 2019ལོའི་དུས་མཚུངས་ལས10.2%འཕར། རྒྱལ་ནང་གི་ཡུལ་སྐོར་བས་ཡུལ་སྐོར་ལ་བཏང་བའི་འགྲོ་སོང་བསྡོམས་འབོར་སྒོར་དུང་ཕྱུར7008.17ཟིན་པ་དང་། དེ་བསྡུར་གཞི་ཡོད་པའི་ཚད་གཞིར་གཞིགས་ན་དུས་མཚུངས་ལས6.3%འཕར་བ་དང་། 2019ལོའི་དུས་མཚུངས་ལས7.9%འཕར་ཡོད།
       ངལ་གསོའི་རིང་། མི་རྣམས་ཀྱིས་མེས་རྒྱལ་ལ་སྨོན་འདུན་དང་འཚོ་བར་དགའ་ཞེན་ཆེན་པོ་བཅངས་ནས་ཡུལ་སྐོར་དུ་བསྐྱོད་ཡོད་ལ། རིག་གནས་ཡུལ་སྐོར་ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་པོ་ཡོད་པས་མང་ཚོགས་ཚོས་སྤྲོ་གསེང་གི་དུས་བཟང་ལ་དགའ་བས་རོལ་ཡོད།

 

རྩོམ་སྒྲིག་པ། མང་ག་མཚོ།