ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཉོ་ཚོང་འཁྲུག་ཆ་དོད་པ།

སྤེལ་དུས 2024-11-11 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
  སྤྱི་ཟླ་11པའི་ཚེས་10ཉིན།  སྐབས་བདུན་པའི་ནང་འདྲེན་དངོས་མང་སྟོན་ཚོགས་མཇུག་སྒྲིལ་བ་དང་།  གྲངས་གཞི་གསར་ཤོས་ལ་གཞིགས་ན།  སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་ཉོ་ཚོང་འཁྲུག་ཆ་དོད་ཅིང་།   ལོ་གཅིག་རིང་གི་འདོད་མོས་ཚོང་འགྲིག་ཚད་ཨ་སྒོར་དུང་ཕྱུར་800.1ཟིན་པ་དེ་སྐབས་གོང་མ་དང་བསྡུར་ན་2%འཕར་ཡོད།
  མཇུག་སྒྲིལ་གྱི་གསར་འགྱུར་ཟུར་གསལ་ཚོགས་འདུའི་ཐོག་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱི་འབྲེལ་ཡོད་འགན་འཁུར་བས།  སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཆེད་ལས་ལྟད་མོ་བ་ཧ་ཅང་མང་བ་དང་།  མཁོ་སྤྲོད་སྦྲེལ་མཐུད་བྱེད་སའི་གནས་མང་བ།  ཉོ་ཚོང་མ་འཇོག་གནད་ལ་འཁེལ་པོས་སྦྲེལ་མཐུད་བྱེད་པར་སྐུལ་འདེད་བཏང་བ་བཅས་བྱས་ཡོད་ཅེས་གསུངས།   
  ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཅུས་ཀྱི་འགོ་འཛིན་གཞོན་པ་ཝུའུ་ཀྲེང་ཕིང་གིས།  སྲིད་གཞུང་གི་ཉོ་ཚོང་ཚོགས་པ་39དང་།  ལས་རིགས་ཉོ་ཚོང་ཚོགས་པ་4ཡིས་ཆེད་ལས་ལྟད་མོ་བ་ཁྲི་43སྒྲིག་འཛུགས་བྱས་པ་དེ་དུས་མཚུངས་ལས་4%འཕར་བ་རེད།  དྲ་ཐོག་གི་མཁོ་སྤྲོད་ཉོ་སྒྲུབ་ཚོམས་ཆེན་དང་གྲངས་གཞིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱི་སྟེགས་བུ་བརྒྱུད་ཉོ་སྒྲུབ་དགོས་མཁོ་ཁྲི་1.2ཡོངས་བསྒྲགས་བྱས་པས་མཁོ་སྤྲོད་ཕྱོགས་གཉིས་པོས་སྔོན་ཚུད་ནས་སྦྲེལ་མཐུད་དང་། གཅིག་སྡུད་ཐོག་གན་རྒྱ་འཇོག་པའི་བྱེད་སྒོ་ཐེངས་86སྤེལ་རྒྱུར་རམ་འདེགས་ཐུབ་ཅིང་།  མཉམ་ལས་ཀྱི་འདོད་མོས་ཡོད་པའི་རྣམ་གྲངས་600ལ་གན་རྒྱ་འཇོག་ཐུབ་པ་བྱུང་ཡོད་ཅེས་གསུངས།   
  བསྡོམས་རྩིས་བརྒྱབ་པར་གཞིགས་ན།  སྐབས་འདིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཀྱིས་ཐོན་རྫས་གསར་པའི་ཁྱབ་བསྒྲགས་བྱེད་སྒོ་ཁྱོན་ཐེངས་124སྤེལ་བ་དང་།  མི་ཆོས་རིག་གནས་སྤེལ་རེས་ཀྱི་བྱེད་སྒོ་སྤེལ་སའི་རྒྱ་ཁྱོན་སྨི་ངོས་གྲུ་ཁྲི་3ལས་བརྒལ་ཡོད།