ཉིན་ཁ་ཤས་གོང་ལ། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གིས་རྨ་ཁ་ཆུང་བའི་མདུན་རུས་འབུར་ཆག་གི་གཏན་འཇགས་གཤགས་བཅོས་བྱས་པ་དང་། ཉིན་གཉིས་སོང་རྗེས་ནད་པ་སྨན་ཁང་ནས་ཕྱིར་བུད་པ་རེད། དེ་ནི་བོད་ལྗོངས་ཀྱིས་ལག་ལེན་བསྟར་བའི་སྒལ་ཚིགས་རུས་ཆག་གི་གཏན་འཇགས་གཤགས་བཅོས་ཐོག་མ་དེ་ཡིན།
སོ་དབྱིབས་རུས་ཆག་རིགས་གསུམ་དུ་དབྱེ་ཆོག་ལ། དེའི་ནངIIརིགས་ཀྱི་རུས་ཆག་ནི་རུས་པ་མི་འབྲེལ་བའི་ཚད་མཐོ་བ་དང་། རྒྱུན་པར་གཤགས་བཅོས་བྱས་ན་ད་གཟོད་སྔོན་དཔག་བྱེད་ཐུབ། སྟབས་མ་ལེགས་པ་ཞིག་ལ་ནད་པ་འདི་ནི་སོ་དབྱིབས་རུས་འབུརIIརིགས་ཀྱི་རུས་ཆག་ཡིན།
ཁག་བཅུ་པའི་སྨན་བཅོས་ཤེས་ལྡན་པའི“ཚོགས་སྒྲིག་རྣམ་པའི”བོད་སྐྱོར་ཆེད་མཁས་པ་པེ་ཅིང་ཞེ་ཧོ་སྨན་ཁང་གི་ཀྲུའུ་རེན་ཚའེ་སི་དབྱི་དང་། བོད་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་རུས་ནད་ཚན་ཁག་གི་ཀྲུའུ་རེན་སྨན་པ་དཀའ་བཅུ་པ་ཕེང་ཁྲའོ། ཀྲུའུ་རེན་སྨན་པ་དཀའ་བཅུ་པ་བློ་བཟང་འཕྲིན་ལས་བཅས་ཀྱིས་ནད་པར་ཚད་མཐོའི་མཐོང་ཆེན་ གནང་ནས་སྨན་བཅོས་ཇུས་གཞིར་ཐུན་མོང་ཐོག་གྲོས་བསྡུར་གནང་།
དགེ་རྒན་ཆེན་མོ་བ་ཚའེ་སི་དབྱི་ཡིས་གཤགས་བཅོས་འཆར་གཞི་འགྲེལ་བཤད་རྒྱག་བཞིན་པ།
ཀྲུའུ་རེན་ཚའེ་སི་དབྱི(གཡོན་གྱི་དང་པོ)དང་། ཀྲུའུ་རེན་གཞོན་པ་བློ་བཟང་འཕྲིན་ལས་ཀྱིས(གཡས་ཀྱི་དང་པོ)གཤགས་བཅོས་མ་བྱས་གོང་གི་གྲ་སྒྲིག་བྱེད་བཞིན་པ།
གཤགས་བཅོས་བྱེད་སྐབས་ཀྱི་གནས་ཚུལ། གཡོན་གྱི་འོག་དེ་ཀྲུའུ་རེན་ཚའེ་སི་དབྱི་དང་། གཡས་ཀྱི་འོག་དེ་ཀྲུའུ་རེན་སྨན་པ་ཕེང་ཁྲའོ། གཡས་ཀྱི་གཉིས་པ་དེ་ཀྲུའུ་རེན་གཞོན་པ་བློ་བཟང་འཕྲིན་ལས་ཡིན་པ།
ནད་པས་གཤགས་བཅོས་རྗེས་གོམ་པ་སྤོ་བཞིན་པ།
ངོ་སྤྲོད་བྱས་པ་ལྟར་ན། རུས་མཛེར་རུས་ཆག་གིས་དོས་དྲག་སྒལ་ཚིགས་རུས་ཆག་གི10%ནས20%བར་བཟུང་བ་དང་། གལ་ཏེ་སོ་དབྱིབས་རུས་ཆག་སླར་སོས་པ་ཡག་པོ་མ་བྱུང་ན། དུས་ཡུན་རིང་བོར་ན་བ་དང་མཇིང་ཚིགས་འགུལ་སྐྱོད་བྱེད་དཀའ་བ། སྡུག་ཉེས་ན་ཞ་བོར་འགྱུར་སྲིད། རྨ་ཁ་ཆུང་བའི་གཏན་འཇགས་གཤགས་བཅོས་ལ་གཤགས་བཅོས་རུ་ཁག་གི་སྨན་བཅོས་འཇོན་ཐང་ཆུ་ཚད་མཐོ་པོ་དགོས་པ་དང་། རྨ་ཁ་ཆུང་བ་དང་ནད་པ་སླར་དྲག་སྐྱེད་ཡོང་བ་ཧ་ཅང་མགྱོགས། དེ་བས་གལ་ཆེ་བ་ཞིག་ནི་མཇིང་ཚིགས་དང་པོ་དང་མཇིང་ཚིགས་གཉིས་པའི་བར་གྱི་འགུལ་སྐྱོད་ཀྱི་ནུས་པར་འགན་ལེན་ཐུབ་ཀྱི་ཡོད།