ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ལྷ་སའི་གཞུང་ལམ་སྒྱུར་བཀོད་རིམ་སྤོར་གྱི་རྣམ་གྲངས་ཁག་བཅུ་གཉིས་ལས་མཇུག་འགྲིལ་བ།

སྤེལ་དུས 2024-12-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
             ཟླ6ལྷག་ཙམ་བྲེལ་བརྩོན་ཆེན་པོས་ཨར་སྐྲུན་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་རིམ་སྤོར་གྱི་གཞུང་ལམ་རྣམ་གྲངས་ཁག་བཅུ་གཉིས་བདེ་བླག་ངང་ལས་མཇུག་འགྲིལ་ཞིང་། རྣམ་གྲངས་བདེ་བླག་ངང་ལེགས་གྲུབ་བྱུང་བ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་གྲོང་ཁྱེར་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། རྣམ་གྲངས་དེ་དག་ནང་ལམ་སྒྲོན་རིམ་སྤོར་དང་། སྔོ་འགྱུར་ལས་གྲྭ་ལེགས་སྒྱུར། གཞུང་ལམ་ལས་གྲྭ་སྒྱུར་བཀོད། འགྲིམ་འགྲུལ་མཚོན་རྟགས་དང་མཚོན་ཐིག་གསར་སྒྱུར། གློག་སྒམ་གནས་སྤོ་དང་ཆུ་སིམ་སོ་ཕག་འདིང་བ་སོགས་ཕྱོགས་མང་པོ་ཚུད་ཡོད་པ་རེད། ཨར་ལས་ཕྱོགས་ཡིན་པའི་ཀྲུང་གོ་ལྕགས་ལམ་ཅུས་བཅུ་གཅིག་པའི་ཚོགས་པ་ཚད་ཡོད་ཀུང་སིས་སྒྲིག་འཛུགས་ཞིབ་ཚགས་དང་ཚན་རིག་དང་མཐུན་པའི་དོ་དམ་བྱས་པ་བརྒྱུད་རྣམ་གྲངས་བདེ་བླག་ངང་སྤེལ་བར་འགན་ལེན་བྱས་ཡོད་པ་རེད།
             ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་སྒྱུར་བཀོད་རིམ་སྤོར་གྱི་རྣམ་གྲངས་ཁག་བཅུ་གཉིས་བདེ་བླག་ངང་ལས་མཇུག་འགྲིལ་བ་དེས་གྲོང་ཁྱེར་གྱི་སྤྱིའི་གཟུགས་བརྙན་ལེགས་སུ་ཕྱིན་པ་མ་ཟད། གྲོང་མི་རྣམས་ལའང་གྲོང་ཁྱེར་འཕེལ་རྒྱས་ལས་བྱུང་བའི་ཁེ་ཕན་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད་པ་རེད། སླད་ཕྱིན། ལྷ་ས་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་གྲོང་མི་རྣམས་ལ་དེ་བས་སྐྱིད་སྣང་དོད་ལ་སྟབས་བདེ་བའི་འཚོ་བའི་ཁོར་ཡུག་ཅིག་གཏོད་རྒྱུ་ཡིན་པ་རེད།