ཉེ་དུས། ལྷ་ས་གྲོང་ཁྱེར་ཁྲེང་ཀོན་སྤྱི་བདེ་ཡིས“རྐུ་འཕྲོག་མགོ་སྐོར་གཏོང་བའི”ཁྲིམས་འགལ་ཉེས་གསོག་གྱོད་གཞིར་དོ་སྣང་ཆེན་པོ་བྱས་ཏེ། གཅིག་བསྡུས་འགག་སྒྲོལ་དང་ནུས་ཤུགས་རྒྱུན་མཐུན་བཏོན་ནས་གྱོད་གཞིར་མང་པོར་གྲོལ་ཡོད།
གྱོད་གཞི་དང་པོ།
2024ལོའི་ཟླ12པའི་ཚེས31ཉིན་གྱི་ཆུ་ཚོད19ཙམ་ལ། ཏུང་ཙུན་མིང་ཁྲོན་གཞིས་ཁུལ་གྱི་གྲོང་མི་ཞིག་གིས་ཉེན་རྟོག་པར་སྙན་སེང་ཞུས་དོན། རང་ཉིད་ཀྱི་པེན་ཐནSUVརླངས་འཁོར་ནང་ཡོད་པའི་དངུལ་སྒོར100དང་། ཐ་མག་ཤོག་ཁུག6། དབྱར་རྩྭ་དགུན་འབུ་རྐང་ཐུར3། ཕྱི་རྒྱལ་གྱི་དངུལ་ལོར4བཅས་གར་སོང་མེད་པར་གྱུར། སྐབས་དེར་རླངས་འཁོར་གཞིས་ཁུལ་དུ་བཞག་ཡོད།
ཉེན་དོན་སྙན་སེང་འབྱོར་རྗེས། ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་བསྐྱོད་ནས་བརྟག་དཔྱད་དང་དཔང་ལེན་བྱས། ཡུལ་དངོས་ཀྱི་ལྟ་སྐུལ་གློག་མིག་བརྒྱུད་ནས་ཤེས་རྟོགས་བྱུང་བ་ནི། ཟླ12པའི་ཚེས29ཉིན་གྱི་ཐོ་རེངས་ཆུ་ཚོད4ཙམ་ལ། རྐུ་འཕྲོག་དོགས་ཡོད་པ་གཉིས་རླངས་འཁོར་འགྲམ་དུ་མྱུལ་ཞིང་དེ་རྗེས་ནང་དུ་འཛུལ་ནས་དངོས་པོ་ཚང་མ་བརྐུས།
དེ་ནས་ཉེན་རྟོག་པས་དེ་གར་གྱོད་གཞིའི་བརྟག་དཔྱད་ལས་དོན་སྒྲིག་འཛུགས་བྱས་ནས་རྐུ་འཕྲོག་དོགས་ཡོད་མི་སྣའི་རྗེས་ཤུལ་དེད་དེ་ཏུང་ཙུན་མིང་ཁྲོན་གཞིས་ཁུལ་གྱི་སྒོ་ཆེན་བར་དུ་ཡོང་ནས་དོགས་ཡོད་ཉེས་ཅན་གྱི་གདོང་གསལ་པོ་རྙེད།
ཕྱི་ཉིན་གྱི་དགོང་མོའི་ཆུ་ཚོད22ཙམ་ལ། དོགས་ཡོད་ཉེས་ཅན་བསྟན་ཆེ་གེ་མོ་མངགས་གཏོང་ཁང་དུ་འབོད་སྐུལ་བྱས་ནས་མྱུར་དུ་འདྲི་རྩད་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་ཉི་ཆེ་གེ་མོའི་ཆ་འཕྲིན་དང་གནས་ཡུལ་ཤེས་རྟོགས་བྱུང་། ཆུ་ཚོད23དང་སྐར་མ30ཙམ་དུ། གྱོད་སྒྲུབ་ཉེན་རྟོག་པས་རྔ་ཆེན་ལམ་གྱི་ཆང་ཁང་ག་གེ་མོ་ཞིག་གི་ནང་དུ་དོགས་ཡོད་ཉི་ག་གེ་མོ་འཛིན་བཟུང་བྱས། དོགས་ཡོད་ཉེས་ཅན་གཉིས་ཀྱིས་ཚེས29ཉིན་རླངས་འཁོར་ནང་གི་རྒྱུ་ནོར་རྐུ་འཕྲོག་བྱས་པའི་ཁྲིམས་འགལ་དོན་དངོས་ཁས་ལེན་བྱས།
2025ལོའི་ཟླ་དང་པོའི་ཚེས1ཉིན་གྱི་ཕྱི་དྲོའི་ཆུ་ཚོད19ཙམ་དུ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བདེ་འཇགས་དོ་དམ་ཆད་གཅོད་བཅའ་ཁྲིམས》ཀྱི་དོན་ཚན་ཞེ་དགུ་པའི་གཏན་འབེབས་གཞིར་བཟུང་དོགས་ཡོད་ཉེས་ཅན་སྲིད་འཛིན་བཀག་ཉར་ཉིན་བཅུ་བྱས།
གྱོད་གཞི་གཉིས་པ།
ཉེ་ཆར་གྲོང་ཁྱེར་ཅུས་བཀོད་འདོམས་ལྟེ་གནས་སུ་དོག་སྡེ་ལམ་དང་གྲྭ་བཞི་ལམ་གྱི་འབྲེལ་མཚམས་སུ་སིལ་ཟས་ཚོང་ཁང་ཞིག་ཏུ་རྐུ་འཕྲོག་གི་གྱོད་གཞི་ཞིག་བྱུང་བ་ཤེས་རྟོགས་བྱུང་།
ཉེན་དོན་སྙན་སེང་འབྱོར་རྗེས། ཉེན་རྟོག་པ་འཕྲལ་དུ་ཡུལ་དངོས་སུ་བསྐྱོད་པ་མ་ཟད་བརྟག་དཔྱད་དང་དཔང་ལེན་གྱི་ལས་དོན་སྤེལ་བ་རེད། བརྟག་དཔྱད་བྱས་པ་བརྒྱུད། 2024ལོའི་ཟླ12པའི་ཚེས24ཉིན་གྱི་ཆུ་ཚོད5པ་ཙམ་ལ། དོགས་ཡོད་ཉེས་ཅན་གྱིས་ཚོང་ཁང་དེའི་སྒོ་ལྕགས་བཅག་ནས་ཚོང་ཁང་ནང་དུ་འཛུལ་ཏེ་ཚོང་སྒྲོམ་གྱི་དངུལ་སྨར་སྒོར3000ཡས་མས་བརྐུས།
བརྟག་དཔྱད་བྱེད་སྐབས་ད་དུང་དོགས་ཡོད་ཉེས་ཅན་གྱིས་ཉིན་དེའི་ཐོ་རེངས་གྲྭ་བཞི་ལམ་གྱི་ཟ་ཁང་ཞིག་དང་ཇ་ཁང་ཞིག་ཏུ་ཚོང་ཁང་གི་སྒོ་དང་སྒེའུ་ཁུང་བཅག་ནས་ཚོང་ཁང་ནང་དུ་འཛུལ་ཏེ་རྐུ་འཕྲོག་བྱས་པ་ཤེས་རྟོགས་བྱུང་། ཉེན་རྟོག་ཕྱོགས་ཀྱིས་ལྟ་སྐུལ་ཚོད་འཛིན་གྱི་བརྙན་ལམ་བརྒྱུད་དོགས་ཡོད་ཉེས་ཅན་སྡོད་པའི་རླངས་འཁོར་གྱི་ཨང་རྟགས་གཏན་འཁེལ་བྱས་པ་མ་ཟད། འཕྲལ་མར་དོགས་ཡོད་རླངས་འཁོར་གྱི་བདག་པོ་དང་འབྲེལ་གཏུག་བྱས་པ་རེད། དེ་རྗེས་རླངས་འཁོར་དེ་ནི་དོགས་ཡོད་ཉེས་ཅན་གྱིས་བརྐུས་ནས་བཏང་བ་ཞིག་ཡིན་པ་ཤེས་རྟོགས་བྱུང་།
གྱོད་དོན་ཐག་གཅོད་བྱེད་མཁན་ཉེན་རྟོག་པས་ཆུ་ཚོད10ཙམ་རིང་བརྟག་དཔྱད་དང་བརྙན་ལམ་རྗེས་འདེད་སོགས་ཀྱི་བྱ་ཐབས་བརྒྱུད་བརྐུས་ནས་བཏང་བའི་རླངས་འཁོར་ཕྱིར་བསྡུ་བྱས་པ་དང་འབྲེལ་དོགས་ཡོད་ཉེས་ཅན་གྱི་གནས་ཡུལ་གཏན་འཁེལ་བྱས། འཕྲལ་དུ་དོགས་ཡོད་ཉེས་ཅན་བློ་ཆེ་གེ་མོ་དང་། བསྟན་ཆེ་གེ་མོ། པ་ཆེ་གེ་མོ། ཐུབ་ཆེ་གེ་མོ་སོགས་ཁྲིམས་ལྟར་ཚོད་འཛིན་བྱས་པ་དང་འབྲེལ་མངགས་གཏོང་ཁང་དུ་ཁྲིད་ནས་རེ་རེ་བཞིན་འདྲི་རྩད་བྱས་པ་བརྒྱུད། བློ་ཆེ་གེ་མོ་དང་། པ་ཆེ་གེ་མོ། བསྟན་ཆེ་གེ་མོ་སོགས་མི་ལྔ་ཡིས་གོང་གསལ་གྱི་གྱོད་གཞི་གསུམ་གྱི་ཁྲིམས་འགལ་དོན་དངོས་ཁས་ལེན་བྱས།
མཐར་གྱོད་གཞི་དང་འབྲེལ་བ་ཡོད་པའི་ཉེས་ཅན་གྱི་ས་ནས་རྐུ་འཕྲོག་བྱས་པའི་ལག་ཐོགས་ཁ་པར་གཅིག་དང་། ཧྭ་ཝེའིipadགཅིག དངུལ་སྨར་སྒོར910 མའོ་ཐའེ་ཚོང་རྟགས་ཀྱི་ཨ་རག་དཀར་པོ་ཤེལ་དམ4བཅས་ཚུར་བསྡུས། ད་དུང་དོགས་གཞི་ཉེས་ཅན་དང་དེའི་ངན་རོགས་རྣམས་ཀྱིས་མངའ་ཁོངས་གཞན་དུ་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཁྱོན24ལ་ཞིབ་བཤེར་བྱས།
མིག་སྔར་གྱོད་གཞི་དེའི་དོགས་གཞི་ཉེས་ཅན་དང་དེ་བཞིན་ཕྱིར་བསྡུ་བྱས་པའི་རྒྱུ་ནོར་ཁྲེང་ཀོན་སྤྱི་བདེ་ཅུས་གྲྭ་བཞི་མངགས་གཏོང་ཁང་དུ་བཅའ་སྡོད་ཉེས་དོན་གྱོད་སྒྲུབ་རུ་ཁག་ལ་སྔར་བས་ཐག་གཅོད་བྱ་རྒྱུར་རྩིས་སྤྲོད་བྱས་པ་དང་ཆབས་ཅིག་འབྲེལ་ཡོད་སྡེ་ཚན་ལ་སྔར་བས་རྩད་ཆོད་པའི་ཁྲིམས་འགལ་ཉེས་གསོག་གི་ཁུངས་སྣེ་ཞིབ་དཔྱད་བྱེད་དགོས་པའི་བརྡ་ཐོ་བཏང་བ་དང་འབྲེལ་བརྐུས་པའི་རླངས་འཁོར་དེ་རླངས་འཁོར་བདག་པོར་ཕྱིར་སྤྲོད་དགོས་པའི་བརྡ་ཐོ་བཏང་།
རྩོམ་སྒྲིག་པ། རིག་གྲོལ།