ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་ནས་དང་པོར་སྤར་འདུག

སྤེལ་དུས 2025-01-08 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་གཉིས་པ་ནས་དང་པོར་སྤོར་རྒྱུའི་སྐོར་གྱི་བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའི་བརྡ་ཐོ།

          བོད་ལྗོངས་ས་ཡོམ་ལས་ཁུངས་ཀྱི་དྲ་བས་དངོས་སུ་ཚད་འཇལ་གཏན་འཁེལ་བྱས་པར་གཞིགས་ན། 2025ལོའི་ཟླ་1ཚེས་7ཉིན་གྱི་ཆུ་ཚོད་09དང་སྐར་མ་05ཙམ་ལ་བོད་རང་སྐྱོང་ལྗོངས་གཞིས་རྩེ་གྲོང་ཁྱེར་དིང་རི་རྫོང་དུ་ས་ཡོམ་རིམ་པ་6.8(བྱང་གི་འཕྲེད་ཐིག་ཏུའུ་28.50དང་ཤར་གྱི་གཞུང་ཐིག་ཏུའུ་87.45)བརྒྱབ་པ་དང་། ཡོམ་ཁུངས་ཀྱི་གཏིང་ཚད་སྤྱི་ལེ་10ཟིན་ཡོད། ས་ཡོམ་གྱི་འབྲེལ་ཡོད་གནས་ཚུལ་ལ་གཞིགས་ནས། ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིསབོད་རང་སྐྱོང་ལྗོངས་ས་ཡོམ་འཕྲལ་སྡོམ་སྔོན་ཇུསཀྱི་འབྲེལ་ཡོད་གཏན་འབེབས་ལ་གཞིགས་ཏེ། ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོར་སྤར་ནས། འཕྲལ་དུ་ས་ཡོམ་གྱི་འཕྲལ་སྡོམ་རིམ་པ་དང་པོའི་ཐོག་ནས་ལས་དོན་སྤེལ་རྒྱུ་གཏན་འཁེལ་བྱས་པ་ཡིན།

བོད་རང་སྐྱོང་ལྗོངས་འཕྲལ་སྡོམ་བཀོད་འདོམས་པུའུ་ཡིས།

2025ལོའི་ཟླ་1ཚེས་7ཉིན།