གསར་འགོད་པས་ཀྲུང་གོ་མི་དམངས་འགན་བཅོལ་ཚོགས་པ་ཚད་ཡོད་ཀུང་སི་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ས་ཡོམ་བརྒྱབ་པའི་རྗེས་སུ། ཀྲུང་གོ་མི་དམངས་འགན་བཅོལ་གྱིས་མི150ལས་གྲུབ་པའི་གུན་གསབ་འཕྲལ་སྒྲུབ་ལས་དོན་ཚོགས་པ་ས་ཡོམ་རྒྱག་ཁུལ་དུ་མངགས་ཏེ། དམིགས་བསལ་ལས་དོན་དམིགས་བསལ་ངང་སྒྲུབ་པ་དང་དོས་དྲག་ལས་དོན་དོས་དྲག་ངང་སྒྲུབ་པའི་རྩ་དོན་ལྟར། བསམ་ཡུལ་ལས་འདས་པའི་རྨས་སྐྱོན་དང་། གྲོང་གསེབ་ཀྱི་ཁང་པ་བརྡིབས་པ། ཞིང་འབྲོག་ལས་ཐད་ཀྱི་གྱོང་གུན་བཅས་དམངས་འཚོའི་རིགས་ཀྱི་འགན་བཅོལ་གུན་གསབ་སྤྲད་ཡོད། ཚེས་བཅུ་ཉིན་གྱི་ཆུ་ཚོད24བར་སླེབས་སྐབས། ཀྲུང་གོ་མི་དམངས་འགན་བཅོལ་གྱིས་གུན་གསབ་སྤྲད་ཟིན་པ་དང་སྤྲོད་རྩིས་ཡོད་པའི་དངུལ་འབོར་ཁྲི5063.8ཟིན་ཡོད། དེའི་ཁྲོད་དུ། བསམ་ཡུལ་ལས་འདས་པའི་ཉེན་འགོག་འགན་བཅོལ་གྱི་གུན་གསབ་སྒོར་ཁྲི630དང་གྲོང་གསེབ་ཀྱི་ཁང་པའི་འགན་བཅོལ་གྱི་གུན་གསབ་སྒོར་ཁྲི3333.4སྤྲད་ཟིན་པ་དང་། ད་དུང་སྒོར་ཁྲི1000སྤྲོད་རྩིས་ཡོད། གཞན་ཡང་རླངས་འཁོར་འགན་བཅོལ་གྱི་གུན་གསབ་སྒོར་ཁྲི29.7དང་། ཞིང་ལས་འགན་བཅོལ་ལས་གསོ་ཚགས་འགན་བཅོལ་གྱི་གུན་གསབ་སྒོར་ཁྲི70.7སྤྲད་ཟིན།
རྩོམ་སྒྲིག་པ། རིག་གྲོལ།