ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

བོད་ལྗོངས་གྲོང་མིའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་་་

སྤེལ་དུས 2025-01-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་དང་པོའི་ཚེས21ཉིན། གསར་འགོད་པས2024ལོའི་བོད་རང་སྐྱོང་ལྗོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་གནས་ཚུལ་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཤེས་རྟོགས་བྱུང་བར། 2024ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སོ་སོར་སྒོར55444དང་སྒོར21578ཟིན་ནས་འཕར་ཚད་ཚང་མ་དཔལ་འབྱོར་འཕེལ་རྒྱས་འགྲོ་བའི་མྱུར་ཚད་ལས་མཐོ་ལ། ལྷག་པར་དུ་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ཅུང་མགྱོགས་པོ་རྒྱུན་འཁྱོངས་ཐུབ་ཡོད། 

གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཡུལ་དངོས།
       2024ལོར་བོད་ལྗོངས་ཀྱི་གྲོང་མི་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར31358ཟིན་པ་དེ་དུས་མཚུངས་ལས8.2%འཕར་ཡོད་ལ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས2.9ཡིས་མཐོ་བ་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར55444ཟིན་པ་དང6.8%འཕར་ཡོད་ལ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས2.2ཡིས་མཐོ་བ། གྲོང་གསེབ་ཀྱི་གྲོང་མིའི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར21578ཟིན་པ་དང་8.3%འཕར་ཡོད་ལ། རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལས་བརྒྱ་ཆའི་གྲངས1.7ཡིས་མཐོ་བས། འཕར་ཚད“རྒྱལ་ཡོངས་ཀྱི་ཨང་དང་པོ་གསུམ”ཟིན་རྒྱུ་མངོན་འགྱུར་བྱུང་ཡོད།
       2024ལོར་བོད་ལྗོངས་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ཀྱི93.3%ལ་སླེབས་ནས་ལོ་གོང་མ་ལས་བརྒྱ་ཆའི་གྲངས1.4ཡིས་མཐོ་རུ་ཕྱིན་ཡོད་ལ། རྒྱལ་ཡོངས་ཀྱི་ཆ་སྙོམས་དང་ཧེ་བག་སྔར་བས་ཆུང་དུ་ཕྱིན་ཡོད། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་ལས་བརྒྱ་ཆའི་གྲངས1.5ཡིས་མགྱོགས་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ(གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་ནི1ཡིན་པ)ཀྱི་ལྡབ་ཁྱད་ལོ་གོང་མའི2.60ནས2.57བར་ཆག་ཡོད་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཀྱང་མུ་མཐུད་ཆུང་དུ་ཕྱིན་ཡོད། དེ་དང་ཆབས་ཅིག་གྲོང་ཁྱེར་དང་གྲོང་གསེབ་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་འཕར་ཚད་ཚང་མGDPའཕར་ཚད་ལས་མཐོ་བ་དང་། དམངས་འཚོ་འགན་ལེན་ནུས་ལྡན་ཐུབ་པ། མང་ཚོགས་ཀྱི་འཚོ་བ་རྒྱུན་མཐུད་ལེགས་སུ་ཕྱིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱུ་སྤུས་སྔར་བས་ལེགས་སུ་ཕྱིན་ཡོད།
       མིག་སྔར། བོད་ལྗོངས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་གྲུབ་ཚུལ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། གླ་ཕོགས་རང་བཞིན་གྱི་ཡོང་འབབ་བརྟན་པོའི་ངང་འཕར་ཡོད་ལ། བོད་ལྗོངས་ཀྱིས་ལས་ཞུགས་བརྟན་པོ་ཡོང་རྒྱུ་དེ་བས་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་ནས། ལས་ཞུགས་རོགས་སྐྱོར་སྲིད་ཇུས་བེད་སྤྱོད་ཡག་པོ་དང་འདང་ངེས་ཀྱིས་ལས་ཞུགས་དེ་བས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གླ་ཕོགས་རང་བཞིན་གྱི་ཡོང་འབབ་ཆ་སྙོམས6.2%འཕར་བར་སྐུལ་འདེད་བཏང་སྟེ་ཡོང་འབབ་འཕར་བའི“གཞི་རྩ”བརྟན་དུ་བཏང་ཡོད། གཉེར་སྐྱོང་ཡོང་འབབ་ཁེ་གཙང་ཅུང་མགྱོགས་མྱུར་འཕར་ཡོད་ལ། བོད་ལྗོངས་ཀྱིས་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་ཤུགས་ཆེན་བྱས་པས། ཡུལ་སྐོར་ཁྲོམ་ར་འཁྲུག་ཆ་དོད་པ་དང་། ཁེ་ལས་ཀྱི་གཉེར་སྐྱོང་གནས་ཚུལ་བརྟན་པོའི་ཁྲོད་ཡར་འཕེལ་བྱུང་སྟེ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་གཉེར་སྐྱོང་ཡོང་འབབ་ཁེ་གཙང8.9%དང9.1%སོ་སོར་འཕར་རྒྱུར་ཐུན་མོང་ཐོག་སྐུལ་འདེད་བཏང་ཡོད། སྤོ་སྒྱུར་ཡོང་འབབ་ཁེ་གཙང་ཐད་བོད་ལྗོངས་ཀྱིས་སྤྱི་ཚོགས་འགན་སྲུང་དྲ་བ་ཟམ་མི་ཆད་པར་དམ་དུ་བཏང་ནས། ཐ་སྐྱོང་འགན་ལེན་སྲིད་ཇུས་ཁག་གི་ཚད་གཞི་རྒྱུན་མཐུད་ངང་མཐོ་རུ་གཏོང་བ་དང་། དམངས་ཕན་ཁ་གསབ་སྣ་ཚོགས་དུས་ཐོག་ཏུ་ལག་ལེན་བསྟར་ཏེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྤོ་སྒྱུར་ཡོང་འབབ་ཁེ་གཙང12.1%དང10.7%སོ་སོར་འཕར་ཡོད། 
       2025ལོའི་བོད་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་མངོན་པར། 2025ལོར་བོད་ལྗོངས་ཀྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་སྔོན་དཔག་དམིགས་ཚད་སོ་སོར8%དང10%འཕར་རྒྱུ་རེད།