ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > གསར་འགྱུར་མེ་ལོང་།

དཔྱིད་གསར་དགོང་ཚོགས་ཀྱི་ལྷ་སའི་ཡན་ལག་ཚོགས་རའི་སྐོར་གྱི་གནས་ཚུལ།

སྤེལ་དུས 2025-01-26 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ།
       ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི《2025ལོའི་དཔྱིད་གསར་དུས་ཆེན་གྱི་མཉམ་སྤྲོའི་དགོང་ཚོགས》ནི་དཔྱིད་གསར་དུས་ཆེན་འཛམ་གླིང་གི་ཤུལ་བཞག་ནང་ཚུད་པར་ལེགས་གྲུབ་བྱུང་རྗེས་ཀྱི་དགོང་ཚོགས་སྐབས་དང་པོ་ཡིན། ཁྲུང་ཆིང་དང་། ཧུའུ་པེ་ཝུའུ་ཧན། བོད་ལྗོངས་ཀྱི་ལྷ་ས། ཅང་སུའུ་ཝུའུ་ཞི་བཅས་སུ་ཡན་ལག་ཚོགས་ར་བཞི་བཙུགས་ནས་པེ་ཅིང་གི་ཚོགས་ར་གཙོ་བོ་དང་མཉམ་དུ་ཡིད་དབང་འཕྲོག་པའི“རིག་གནས་ཀྱི་ལོ་གསར་གནམ་གང་གི་ཟ་མ”མངོན་པར་བྱ།
       བརྩེ་དུང་དང་སྤྲོ་སེམས་ཀྱིས་ཁེངས་པའི“རིག་གནས་ཀྱི་ལོ་གསར་གནམ་གང་གི་ཟ་མ”འདི་ལ་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་འདུ་གཉིས་སུ་ཞུགས་བཞིན་པའི་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་སྲིད་གྲོས་ཨུ་ཡོན་གྱིས་ཚད་མཐོའི་དོ་ཁུར་བྱས་ཤིང་། ཚང་མས་སྤྱི་ཁྱབ་ལས་ཁུངས་ཀྱི་དཔྱིད་གསར་དགོང་ཚོགས་བོད་ལྗོངས་དང་ལྷ་ས་ནས་སྤེལ་བར་རེ་ལྟོས་ཆེན་མོ་བྱེད་བཞིན་འདུག
       བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་།  གཞིས་རྩེ་གྲོང་ཁྱེར་བསམ་གྲུབ་རྩེ་ཆུས་ཉ་མོ་ཞང་ཕུ་དཀར་གྲོང་ཚོའི་དྲིལ་བསྒྲགས་ཨུ་ཡོན་དང་།  རིག་གནས་སློབ་གསོ་འཕྲོད་བསྟེན་ཨུ་ཡོན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི།  ཚན་རྩལ་ཆེད་མངགས་ཨུ་ཡོན་ཉི་མ་མཚམས་གཅོད་ཀྱིས་ད་ལོའི་དཔྱིད་གསར་དགོང་ཚོགས་ལྷ་སའི་ཡན་ལག་ཚོགས་རའི་སྐོར་གླེང་སྐབས་སུ།  “ཡན་ལག་ཚོགས་ར་བཙུགས་པ་དེས་རྒྱལ་ཡོངས་མི་དམངས་ཚང་མས་བོད་ལྗོངས་ལ་དོ་སྣང་བྱེད་ཐུབ་ལ།  མི་མང་པོ་ཞིག་གིས་ད་དུང་བོད་ལྗོངས་ལ་རྒྱུས་མངའ་ཆེན་པོ་མེད། ངས་བསམ་པར་ད་ཐེངས་ཀྱི་དཔྱིད་གསར་དགོང་ཚོགས་ཀྱིས་མི་མང་པོར་མཛེས་སྡུག་ལྡན་པའི་བོད་ལྗོངས་དང་།  ང་ཚོའི་ཐུན་མོང་མ་ཡིན་པའི་རིག་གནས་སྒྱུ་རྩལ་ཤེས་རྟོགས་ཐུབ་པ་མ་ཟད།  རྒྱལ་ཡོངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་ཡུལ་སྐོར་གྲོགས་པོ་རྣམས་བོད་ལྗོངས་སུ་ཕེབས་ནས་དཔྱིད་གསར་དགོང་ཚོགས་དང་ལོ་གསར་ལ་རོལ་བར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ”

       "དཔྱིད་གསར་དགོང་ཚོགས་ཀྱིས་རང་ཡུལ་དང་ཁ་བྲལ་ཏེ་བོད་ལྗོངས་ནས་འབད་བརྩོན་བྱེད་བཞིན་པའི་མི་རྣམས་ལ་སེམས་གསོ་ཆེན་པོ་ཐེབས་ཡོད།  རྒྱུ་མཚན་ཡན་ལག་ཚོགས་ར་བཙུགས་པ་དེས་ཡུལ་སྐོར་བ་མང་པོ་ལྷ་སར་ཡོང་ནས་ལོ་སར་ལ་རོལ་ཞིང་། བོད་ལྗོངས་སུ་ཡུལ་སྐོར་བྱེད་མཁན་ཡང་དེ་བསྟུན་གྱིས་ཇེ་མང་དུ་འགྲོ་སྲིད། རང་ངོས་ནས་བརྗོད་ན་གནས་ཚུལ་དེ་ཐོས་སྐབས་ཧ་ཅང་དགའ་པོ་བྱུང་ཞིང་ཚང་མ་མཛེས་སྡུག་ལྡན་པའི་གནས་ཡུལ་དུ་ཡུལ་སྐོར་བྱེད་དུ་ཕེབས་པར་དགའ་བསུ་ཞུ"ཞེས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ཉིང་ཁྲི་གྲོང་ཁྱེར་སྨན་གླིང་གྲོང་ཁྱེར་གནས་ཡུལ་ལྷོ་པ་མི་རིགས་ཞང་མི་དམངས་འཐུས་མི་ཚོགས་ཆེན་གྱི་ཀྲུའུ་ཞི་གཞོན་པ་ཁྱུང་གླིང་གྲོང་ཚོའི་ཏང་ཀྲི་ཧྲུའུ་ཅི་ཟླ་བས་གསུངས།

       བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ནག་ཆུ་གྲོང་ཁྱེར་སྙན་རོང་རྫོང་གཡུ་མཆོག་ཞང་ཤྭ་ཉལ་གྲོང་ཚོའི་ཏང་ཀྲི་པུའུ་ཧྲུའུ་ཅི་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་བུ་རྒྱལ་གྱིས་གསུངས་དོན།  “ད་ལོའི་དཔྱིད་གསར་དགོང་ཚོགས་ཐོག་ལྷ་སས་གཟུགས་སྟོན་བྱེད་རྒྱུ་ཡིན་པས། གནས་ཚུལ་འདིས་ང་ཧ་ཅང་དགའ་པོ་བྱུང་། བོད་ལྗོངས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་མང་པོ་ཞིག་དང་མངོན་མེད་རིག་གནས་ཤུལ་བཞག་སྣ་ཚོགས་སྟེགས་བུ་འདི་བརྒྱུད་ནས་ངོ་སྤྲོད་བྱེད་ཐུབ།  ད་ལྟ་ངས་རེ་སྒུག་བྱེད་འགོ་ཚུགས་ཡོད”

       བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་ལྷ་ས་གྲོང་ཁྱེར་རིག་རྩལ་ལས་རིགས་མཉམ་འབྲེལ་ལྷན་ཚོགས་རྩོམ་སྒྲིག་པུའི་ཀྲུའུ་རེན་རྣམ་རྒྱལ་དབང་གྲགས་ཀྱིས་སེམས་འགུལ་ཆེན་པོ་ཐེབས་བཞིན་གསུངས་དོན།   ད་ལོའི་དཔྱིད་གསར་དགོང་ཚོགས་ཀྱི་ཡན་ལག་ཚོགས་ར་བོད་ལྗོངས་སུ་བཙུགས་པ་ནི་ཧ་ཅང་དགའ་འོས་པའི་བྱ་བ་ཞིག་རེད། རིག་རྩལ་ལས་རིགས་ཀྱི་ཨུ་ཡོན་ཞིག་ཡིན་པའི་ངོས་ནས་ང་ཡན་ལག་ཚོགས་ཁང་གི་འཁྲབ་སྦྱོང་ནང་ཞུགས་པ་དང་འབྲེལ་ཚོགས་ཁང་དུ་བོད་ཡིག་གི་ཐོག་ནས་རྟེན་འབྲེལ་ཞུ་ཡིག་བྲིས་ནས་ཡུལ་དངོས་ཀྱི་ལྟད་མོ་བ་རྣམས་ལ་བསྐུར་ཡོད།  ཡན་ལག་ཚོགས་ཁང་བཙུགས་པ་དེ་ཐོག་ནས་ཀྲུང་དབྱང་གིས་ཐོག་མཐའ་བར་གསུམ་དུ་གྲངས་ཉུང་མི་རིགས་ཀྱི་རིག་གནས་དང་མངོན་མེད་རིག་གནས་ཤུལ་བཞག་རིག་གནས་ལ་མཐོང་ཆེན་བྱེད་པ་མཚོན་གྱི་ཡོད་པས་འདིར་ད་ཐེངས་ཀྱི་དཔྱིད་གསར་དུས་ཆེན་གྱི་དགོང་ཚོགས་བདེ་བླག་ངང་འཚོག་ཐུབ་པའི་སྨོན་འདུན་ཞུ་རྒྱུ་ཡིན”

       བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན། ཁྱུག་དབྱིངས། ཁུའེ་ཧྲའོ་སྨྱན་སྦྱོར་གཉེར་སྐྱོང་བྱེད་མཁན་ཏི་ལུང་གིས“ད་ལོའི་དཔྱིད་གསར་དགོང་ཚོགས་ཡན་ལག་ཚོགས་ར་ང་ཚོའི་ལྷ་སར་བཙུགས་པས་མི་དེ་བས་མང་བ་ཞིག་ལ་བོད་ལྗོངས་ཀྱི་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་མཐོང་ཐུབ། ལེ་ཚན་ཁྲོད་མངོན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་རྣལ་མས་མི་རིགས་ཁག་སེ་འབྲུའི་རྡོག་པོ་ལྟར་མདོ་དབུས་ས་མཐོ་ནས་ཕན་ཚུན་ལ་རོགས་རེས་བྱེད་པའི་བརྩེ་བ་དང་དྲོད་ཁོལ་མངོན་པ་དང་། མི་རིགས་ཁག་གིས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་དུ་གཏོང་བའི་ཆོད་སེམས་བརྟན་པོར་མངོན་ཡོད”ཅེས་གསུངས།  

       བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བོད་ལྗོངས་ཇ་མངར་མོའི་རིག་གནས་སྒྱུ་རྩལ་གསར་གཏོད་ཚད་ཡོད་ཀུང་སི།  hima himaཧོ་མ་རི་མོའི་སྒྱུ་རྩལ་སྤྱི་ཁྱབ་ལྟ་ཞིབ་པ་སྐལ་བཟང་དབྱངས་ལགས་ཀྱིས།  ད་ལོའི་དཔྱིད་གསར་དགོང་ཚོགས་ཐོག་ང་ཚོའི་ལྷ་སའི་ཤོག་བྱ་འཕུར་མ་སྟེ་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་འགྲེམས་སྟོན་བྱ་རྒྱུ་དང་། དེས་རྒྱལ་ཡོངས་མི་དམངས་དང་ཐ་ན་འཛམ་གླིང་ཡོངས་ཀྱི་མི་དམངས་ལ་ང་ཚོས་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་ལས་དོན་ཁྲོད་ཀྱི་འབད་བརྩོན་དང་གྲུབ་འབྲས་མཐོང་དུ་འཇུག་ཐུབ། ཕྱོགས་བཞིའི་སྐུ་མགྲོན་དང་གྲོགས་པོ་རྣམས་བོད་ལྗོངས་སུ་ཡོང་ནས་ང་ཚོའི་ཡུལ་སྲོལ་གོམས་གཤིས་ཉམས་ལེན་དང་ང་ཚོའི་མི་རིགས་རིག་གནས་ཤེས་རྟོགས་གནང་བར་དགའ་བསུ་ཞུ”ཞེས་གསུངས།