དཔྱིད་གསར་དུས་ཆེན་ནི་ཀྲུང་ཧྭ་མི་རིགས་ཀྱི་ཆེས་གཟབ་རྒྱས་ཀྱི་སྲོལ་རྒྱུན་དུས་ཆེན་ཞིག་ཡིན། 2024ལོའི་ཟླ12པར། མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས“དཔྱིད་གསར་དུས་ཆེན། ཀྲུང་གོ་བས་སྲོལ་རྒྱུན་ལོ་གསར་ལ་རྟེན་འབྲེལ་ཞུ་བའི་སྤྱི་ཚོགས་ཀྱི་ལག་ལེན”དེ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་བརྩམས་ཆོས་ཀྱི་མིང་ཐོའི་ནང་བཅུག་ཡོད། དཔྱིད་གསར་དུས་ཆེན་ནི་གཞོན་ནུ་ཚོའི་ངོས་ནས་བརྗོད་ནའང་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།
ཀྲུང་གོ་གཞོན་ནུ་ཚགས་པར་གྱི་སྤྱི་ཚོགས་བརྟག་དཔྱད་ལྟེ་གནས་ཀྱི་བརྟག་དཔྱད་ཅིག་ལས་མངོན་པར། བཅར་འདྲི་དང་ལེན་བྱེད་མཁན83.0%གྱིས་དཔྱིད་གསར་དུས་ཆེན་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ལམ་ལྷོངས་བྱུང་རྗེས་རང་ཉིད་ཀྱིས་ལོ་གསར་དགའ་གཏོང་བྱེད་པའི་སྲོལ་རྒྱུན་གོམས་སྲོལ་ལ་དེ་བས་མཐོང་ཆེན་བྱས་ཡོད་ཅེས་བཤད།
དཔྱིད་གསར་དུས་ཆེན་ཇེ་ཉེར་ཕྱིན་པ་དང་བསྟུན་ནས་ལོ་གསར་རྣམ་པའང་དེ་བས་ཟབ་ཏུ་ཕྱིན་ནས། རྟེན་མཛོད་ཁང་ཆེ་གྲས་ཁག་གིས་ལོ་གསར་གྱི་དམིགས་བསལ་འགྲེམས་སྟོན་གྱི་བྱེད་སྒོ་གཅིག་རྗེས་གཉིས་མཐུད་ངང་སྤེལ་གྱི་ཡོད། གསར་འགོད་པའི་པར་ཆས་དང་མཉམ་དུ་ང་ཚོས་ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཁང་དང་རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་དུ་བསྐྱོད་དེ་དཔྱིད་གསར་དུས་ཆེན་གྱི་རྣམ་པར་མྱོང་རོལ་ཞིག་བྱེད་པར་འགྲོ།
ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཁང་གི“ལོ་གསར་དགའ་གཏོང་། དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ནང་ཡུལ་སྐོར་བ་གཉིས་ཀྱིས་དཔྱིད་གསར་གྱི་སྦྱར་ཡིག་བཟུང་ནས་དྲན་རྟེན་པར་རྒྱག་བཞིན་པ།
པེ་ཅིང་དུ་ཡུལ་སྐོར་སྤྲོ་གསེང་ལ་ཡོང་བའི་ལི་ཕིང་ཕིང་དང་ལི་ཅིང་ཡན་གྱིས། འགྲེམས་སྟོན་འདིས་མི་རྣམས་ལ་དགའ་སྤྲོའི་ངང་དཔྱིད་གསར་དུས་ཆེན་བསུ་བའི་ཚོར་སྣང་ཞིག་སྦྱིན་བྱུང་ལ། རང་ཉིད་ཀྱིས་ཡུན་རིང་ལ་ལོ་གསར་དགའ་གཏོང་བྱེད་པའི་རྣམ་པ་འཁྲུག་པོ་དེ་འདྲ་ཚོར་མ་བྱུང་ཞེས་བཤད། ཁོང་ཚོས་སྔོན་ཆད་ཀྱི་སྲོལ་རྒྱུན་ལོ་གསར་གཏོང་སྟངས་དང་བསྡུར་ན་ལོ་གསར་གཏོང་སྟངས་གསར་པ་དེ་རིགས་ཀྱིས་གཞོན་ནུ་ཚོའི་སྤྲོ་སྣང་དེ་བས་འཕེལ་ཐུབ་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཁང་གི“ལོ་གསར་དགའ་གཏོང་། དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ནང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་གློག་སྒྲོན་གྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད།
ཀྲུང་གོའི་གཞོན་ནུ་ཚགས་པར་གྱི་སྤྱི་ཚོགས་བརྟག་དཔྱད་ལྟེ་གནས་ཀྱི་བརྟག་དཔྱད་ཅིག་ལས་མངོན་པར། བཅར་འདྲི་དང་ལེན་བྱེད་མཁན74.0%ཡིས། དཔྱིད་གསར་དུས་ཆེན་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ལམ་ལྷོངས་བྱུང་བ་དེས་གཞོན་ནུ་མི་རབས་ཀྱིས་སྲོལ་རྒྱུན་རིག་གནས་ལ་འཛིན་པའི་སྤྲོ་སྣང་དེ་བས་འཕེལ་བའི་ངོས་འཛིན་བྱེད་ཀྱི་ཡོད།
2006ལོར། སེང་རྩེད(ཀོང་ཏུང་གི་སེང་གེ)རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་རྣམ་གྲངས་ཀྱི་མིང་ཐོའི་ནང་བཅུག་ཡོད་ཅིང་། འདི་ནི་ཀྲུང་གོ་བཟོ་རྩལ་མཛེས་རྩལ་ཁང་གི“རྣམ་པ་སྣ་ཚོགས་ཀྱི་འགྲེམས་སྟོན”ནང་ཡུལ་སྐོར་བ་ཞིག་གིས་ཀོང་ཏུང་གི་འདྲ་བཟོས་སེང་གེར་པར་རྒྱག་བཞིན་པ།
ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཁང་གི“ལོ་གསར་དགའ་གཏོང་། དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ནང་ཡུལ་སྐོར་བ་མང་པོ་ཞིག་གིས་དཔྱིད་གསར་དུས་ཆེན་གྱི་འགྲེམས་པང་ལ་ལྟ་སྐོར་བྱེད་བཞིན་པ།
ཀྲུང་གོའི་གོས་གྱོན་ནས་འགྲེམས་སྟོན་ལྟ་རུ་ཡོང་བའི་མཱ་དབྱི་རན་གྱིས། དཔྱིད་གསར་དུས་ཆེན་འཛམ་གླིང་གི་མངོན་མིན་རིག་གནས་ཤུལ་བཞག་ལ་རེ་ཞུ་ལམ་ལྷོངས་བྱུང་བ་དེས་ཚང་མའི་རིག་གནས་ཀྱི་གདེང་ཚོད་དང་། མི་རིགས་ཀྱི་མོས་སེམས་དང་གཏོགས་སེམས་ཆེ་རུ་འགྲོ་ཐུབ་པ་མ་ཟད། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་འཛམ་གླིང་ལ་བསྐྱོད་རྒྱུར་ཡང་ཕན་ཐོགས་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཁང་གི“ལོ་གསར་དགའ་གཏོང་། དཔྱིད་གསར་དུས་ཆེན་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན”ནང་གྲོགས་པོ་ཆུང་ཆུང་ཞིག་གིས་ལོ་གསར་རི་མོར་མྱོང་རོལ་བྱེད་བཞིན་པ།
ཀྲུང་གོའི་བཟོ་རྩལ་མཛེས་རྩལ་ཁང་དུ་ཡུལ་སྐོར་བ་ཚོས་སྦྲུལ་དབྱིབས་གློག་སྒྲོན་དང་མཉམ་དུ་པར་རྒྱག་བཞིན་པ།
རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་གི“སྤྲོ་ལྡན་དུས་བཟང་མཉམ་དུ་རོལ། པེ་ཅིང་རྙིང་པའི་དམངས་སྲོལ་འགྲེམས་སྟོན”ནང་། ཨ་མ་ཞིག་གིས་ཕྲུ་གུ་ཁྲིད་དེ“སྤྲོ་སྣང་ལྡན་པའི་དང་པོའི་བཅོ་ལྔའི་དགོང་མོའི”འགྲེམས་པང་ཐོག་གི་ནང་དོན་ཀློག་བཞིན་པ།
ཀྲུང་གོ་གཞོན་ནུའི་ཚགས་པར་གྱི་སྤྱི་ཚོགས་བརྟག་དཔྱད་ལྟེ་གནས་ཀྱི་བརྟག་དཔྱད་ཅིག་ལས་མངོན་པར། བཅར་འདྲི་དང་ལེན་བྱེད་མཁན68.4%ཡིས། འདི་ལོའི་ལོ་གསར་སྐབས་མངོན་མིན་རིག་གནས་ཤུལ་བཞག་གི་རྣམ་གྲངས་སམ་ཡང་ན་དམངས་སྲོལ་བྱེད་སྒོ་ཁག་གཅིག་དངོས་སུ་མྱོང་རོལ་ཐུབ་བྱུང་ཞེས་བཤད།
རྒྱལ་ས་རྟེན་རྫས་བཤམས་མཛོད་ཁང་གི“སྤྲོ་ལྡན་དུས་བཟང་མཉམ་དུ་རོལ། པེ་ཅིང་རྙིང་པའི་དམངས་སྲོལ་འགྲེམས་སྟོན”ནང་ཡུལ་སྐོར་བ་ཞིག་གིས“ལོ་གསར་ལ་རྟེན་འབྲེལ་ཞུ་བའི”ལྡེབས་རིས་ཀྱི་མདུན་དུ་པར་རྒྱག་བཞིན་པ།
འགྲེམས་སྟོན་ལྟ་བར་ཡོང་མཁན་དམའ་རིམ་སློབ་འབྲིང་ལོ་རིམ་གསུམ་པའི་སློབ་མ་ཡུས་མུའུ་ཧྥེ་དང་ཅིན་ཁུ་ཙིས། ཁོང་ཚོས་དཔྱིད་གསར་དུས་ཆེན་འཛམ་གླིང་གི་རིག་དངོས་ཤུལ་བཞག་ལ་རེ་ཞུ་ལམ་ལྷོངས་བྱུང་བར་དོ་ཁུར་ཆེན་པོ་བྱེད་ཀྱི་ཡོད་པས། དེ་ལས་ཁོང་ཚོས་དཔྱིད་གསར་དུས་ཆེན་གྱི་དམངས་སྲོལ་དེ་བས་མང་བ་ཤེས་རྟོགས་བྱེད་འདོད་ཀྱི་སྤྲོ་སེམས་འཕེལ་ཐུབ་ཅེས་བཤད།
རྒྱལ་སའི་རྟེན་རྫས་བཤམས་མཛོད་ཁང་གི“སྤྲོ་ལྡན་དུས་བཟང་མཉམ་དུ་རོལ། པེ་ཅིང་རྙིང་པའི་དམངས་སྲོལ་འགྲེམས་སྟོན”ནང་འགྲེམས་སྟོན་བྱས་པའི་ཡི་གེ“ཧྥུའུ”ཡི་སྒེའུ་ཁུང་སྦྱར་ཡིག