དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > ཆོས་ལུགས་ཀུན་སྨོན།

ད་ཚང་དགོན་ལྷུན་གྲུབ་གླིང་།

སྤེལ་དུས 2020-09-11 ཡོང་ཁུངས། དགེ་ལུགས་དྲ་བ། རྩོམ་པ་པོ།
       ད་ཚང་དགོན་ལྷུན་གྲུབ་གླིང་ནི། ཚ་ཆེན་ངག་དབང་གྲགས་པ།༡༤༡༤ཁོང་གིས་བཏབ་པའི་དགོན་པ་བརྒྱ་དང་བརྒྱད་ཀྱི་རྗེས་མ་སྟེ་ད་ཚང་ཡུལ་ཚོ་ཆགས་ཡོད།མདོ་སྨད་ཆོས་འབྱུང་ལས། འདི་ནས་ཉིན་ལམ་གཉིས་ཙམ་གྱི་སར་ཇ་ཕུག་སྟོད་དུ་ད་ཚང་དགོན་ལྷུན་གྲུབ་གླིང་ནི།  མ།ཁན་ཆེན་ངག་དབང་གྲགས་པས་དགོན་སྡེ་བརྒྱ་རྩ་བརྒྱད་འདེབས་པའི་དམ་བཅའ་གྲུབ་པས་ད་ཚང་དུ་ཐོགས་ཟེར།
       སྔར་སྨོས་སྦྲ་རྒན་རྣམས་ཁུ་འཇོའི་རིགས་སུ་བཙན་ལྷའི་སུམ་མདོར་འཁྲུངས། དབུས་སུ་རྗེའི་ཞབས་ལ་གཏུགས། མན་ངག་རྫོགས་པར་ཞུས། རྗེའི་སློབ་མ་སྔ་ཚར་བཞིའི་ནང་ཚན་ཡིན། འཁྲུངས་རབས་ཡོངས་འཛིན་ཡེ་ཤེས་རྒྱལ་མཚན་གྱིས་མཛད་པ་ཡོད། རོང་བ་ལྕེ་ནག་པ་རབ་ཏུ་བྱུང་བའི་ལས་གྲྭ་བ་མཛད། རྗེ་ནས་འདི་བ་དང་ལྕེ་ནག་པ་རྣམ་གཉིས་ལ་མདོ་སྨད་དུ་བསྟན་པ་སྤེལ་བའི་བཀའ་བབས། འདི་བ་ལྕགས་སྟག་ལོ་མགོར་མདོ་སྨད་དུ་ཐོན།   ཕྱི་ལོ་ཡོས་ཀྱི་དབྱར་ཟླ་རབ་བ་ལ་ལྕེ་ནག་པ་ཡང་བྱོན།  
       ཕྱོགས་འདི་བོན་གྱིས་བཟུང་ཡོད་པས་བོན་དང་མཐུ་འགྲས་ཤོར།  བོན་སྟོན་མང་པོ་བཀྲོངས།  ཞལ་ནས། ང་རྒྱལ་ཤེས་འདོད་བློ་ནི་མ་མཆིས་ཏེ།   ། སངས་རྒྱས་བསྟན་པའི་དོན་དུ་ཉམས་སུ་བླངས།  ། ལྟ་ལོག་བོན་པོའི་མགོ་ལ་ཚད་མདའ་བརྒྱབ།  ། བརྒྱ་ཕྱེད་མཁན་སྤྱོད་གནས་སུ་བཛྲམུཿ།  ། ཞེས་གསུངས།
       སོ་མང་ཁུ་འཇོ་འོག་མའི་ཁྱིམ་གྱི་དཔེ་རྙིང་ཞིག་ཏུ།  དེ་སྐབས་བདག་གིས་འཕྲུལ་འཁོར་གྱི་ལས་སྦྱོར་བྱས།  ཨ་ཇོས་ཀྱང་ཕུར་བའི་སྒྲུབ་པ་ཚུགས་ཞེས་པ་སྣང་ལ།དེས་ན་ཨ་ཇོ་སྟག་གཟིག་བསྟན་པ་ཡིན་ནམ་ཟེར།  དགོན་འདི་དང་།ས་མགོ་དགོན། ཏམ་མགོ་དགོན་གསུམ་བཏབ། རབ་གནས་ལ་རོང་པོ་ལྕེ་ནག་པ་གདན་དྲངས།
       ཁོང་གིས་འདི་ནས་གསང་འདུས་དང་། རྒྱལ་རྒྱ་མཚོའི་བསྙེན་སྒྲུབ་མཛད།     རྟགས་ཁྱད་པར་ཅན་བརྙེས་ཏེ།  གསེར་ཞུན་འཆང་བ་འཇམ་མགོན་བླ་ མའི་བཀའ།    །  ཚུལ་ བཞིན་བསྒྲུབ་པའི་དགོན་སྡེ་ཆོས་སྲིད་ཀྱི།    ། ཡོན་ཏན་རྒྱས་པའི་འཕྲིན་ལས་ ཅན་དུ་འོངས།  ། དེ་ཕྱིར་སློབ་དཔོན་གྲགས་པའི་ཐུགས་རྗེ་མཛོད།  །ཅེས་གསུངས། ཐུགས་རྗེ་ཞེས་པ་ཐུགས་དགྱེས་ཡིན་ནམ་སྙམ། 
       རྣམ་གཉིས་བཀའ་བགྲོས་ཀྱིས་རྗེ་འདིས་དམུ་དགེ་ཡང་བཏབ།   ད་ཚང་དུ།མགོན་པོའི་སྐུ་བཞེངས་པར་བརྩམས་པ་ན་ཨ་ཙ་ར་ནག་པོ་ཞིག་འོང་ནས་ཁོས་འབག་བཟོ་ཤེས་ཟེར་བ་བྱུང་།  དེ་ལ་སྐུ་བརྙན་བཞེངས་བཅུག  གྲུབ་ནས་ཡོན་ཕུལ་བར།   ངེད་ལ་ཇི་སྲིད་དགོན་པ་འདི་གནས་ཀྱི་བར་དུ་སྐལ་བ་རེ་ཐོངས་ཟེར་མགོན་པོའི་སྐུ་ལ་ཐིམ། ད་ལྟ་ཡང་འགྱེད་ཕོག་ནམ་ཡོད་ལ་ཨ་ཙ་རའི་སྐལ་བ་ཞེས་སྐལ་བ་རེ་གཏོང་སྲོལ་སྣང་། ཁུ་འཇོ་བླ་མ་ནམ་མཁའ་རྒྱལ་མཚན་དང་། དགེ་འདུན་རྒྱལ་མཚན་སོགས་ཀྱིས་བསྐྱངས།
       མེ་ཁྱི་ལོར་ཀིརྟི་བློ་བཟང་བསྟན་པའི་རྒྱལ་མཚན་གྱིས་འདུ་ཁང་སོགས་ལ་ཞིག་གསོས་ཀྱི་མཐུན་རྐྱེན་དང་། སྒང་དུ་རི་ཁྲོད་བཏབ།  དེ་སྐབས་ཤིག་ནས་ཅོག་ཙེའི་བདག་མོ་ཚེ་རིང་ལྷ་མོ་བོན་ལ་ཤིན་ཏུ་མོས་པས་དེ་དང་།  བོན་གྱི་འདུལ་བ་བླ་མ་གཉིས་བསྡོངས་ནས་གྲུབ་མཐའི་སྡང་ཞུགས་ཀྱིས་འཁྲུགས་པ་བསླངས།
       ས་བྱ་ལོར་སྐྱབས་འཚོལ་གྱི་ཆེད་སྐྱབས་མགོན་མཆོག་ལ་དགོན་པ་ཕུལ། ལྕགས་ཁྱི་ལོར་ཟུང་འཕན་ཏཱ་ཞིན་དང་། ཚ་ཁོའི་རྒྱལ་ཁག་ཏུ་མི་སྣ་བཏང་སྟེ་འཁྲུགས་པ་ཞི་བར་མཛད། རྗེ་ཉིད་རྔ་བར་ཞུགས་པའི་དྲུང་དུ་ད་ཚང་གི་བླ་གྲྭ་བརྒྱ་སྐོར། ཅོག་ཙེ་ཏ་རོ་གསུམ་བཅས་ཀྱིས་བོན་བླ་འདུལ་བ་ཁྲིད་ནས་འོངས། ཁོ་རང་གིས་དགེ་ལུགས་ཀྱི་ཆོས་རྒྱུན་འཛིན་པར་ཁས་བླངས། རབ་བྱུང་དང་བསྙེན་རྫོགས་ཀྱི་སྡོམ་པ་ཕོག་ དགའ་ལྡན་ལྷ་བརྒྱ་མའི་ལུང་སོགས་གནང་།   ཐུགས་སྲས་འཇམ་པའི་དབྱངས་ཁྲིར་བསྐོས།
       རྗེ་དེ་ཉིན་ལན་དུ་མར་ཕེབས་ཏེ་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར།  དེ་རྗེས་རྗེ་འཇིགས་མེད་ནམ་མཁའ། རྗེ་འཇིགས་མེད་རིགས་པའི་སེང་གེ མཁན་ཆེན་སིདྷའི་མཚན་ཅན་སོགས་བུ་ཆེན་དུ་མས་བསྐྱངས།
       ཀུན་མཁྱེན་སྐུ་ཕྲེང་གསུམ་པ་ལན་སྔ་ཕྱིར་བྱོན། གཟིམས་ཁང་གསར་བསྐྲུན་དང་། དབྱར་གནས་ཀྱི་ཐེབས་སུ་དངུལ་སྲང་བཞི་བརྒྱ། གཏོར་ཆེན་གྱི་ཐེབས་སུ་དངུལ་སྲང་དགུ་བཅུ།  གཏོར་སྒྲུབ་ཀྱི་ཐེབས་སུ་དངུལ་རྟ་རྨིག་མ་གསུམ།ཇ་ཚེ་ཆུང་ཉི་ཤུ། རྟ་ནོར་ལྔ་བཅུ།   ཟླ་བཞིན་ཉ་སྟོང་ལ་མགོན་པོའི་གཤེགས་གཏོར་འབུལ་ཐེབས་སོགས་བསྩལ།
       གུང་ཐང་འཇམ་པའི་དབྱངས་ཀྱིས་ཀུན་མཁྱེན་གོང་མ་རྣམ་གཉིས་ཀྱི་དུས་མཆོད་ཐེབས་སུ་རྟ་ནོར་བརྒྱ་དང་ཞེ་གསུམ། ཟམ་ཚ་ཁྲི་ཆེན་སྤྲུལ་བའི་སྐུ་ནས་དབྱར་གནས་ཐེབས་སུ་དངུལ་སྲང་ལྔ་བཅུ། ཇ་ཆེན་དྲུག་བཅས་སྦྱར་འཇགས་མཛད་པའི་སྟེང་ནས་སོ་སོའི་རྒྱུན་མི་ཉམས་པར་གནས།ཞལ་གྲངས་ལྔ་བརྒྱར་ཉེ་ཞིང་། ལོ་འཇུག་དྲག་པོའི་སྦྱིན་སྲེག འཆམ་གཏོར་རྒྱག་དང་      ལོ་སར་ཚེས་གཏོར་སོགས་ཀྱི་འདོན་ཕྱག་ལེན་གང་ཅི་ནས་འདིའི་དགོན་སྡེ་ཀུན་གྱི་དབུས་ན་ཁྱད་དུ་་འཕགས།སེར་བྱེས་མཁན་པོ་རབ་འབྱམས་པ་བསྟན་པ་དར་རྒྱས་ཀྱང་འདི་ནས་ཡིན་ནོ།།
       རྒྱལ་དབང་བདུན་པ་མགར་ཐར་དུ་བཞུགས་སྐབས་བཟོ་བོ་བཏང་སྟེ་བཞེངས་པའི་བྱམས་སྐུ། རྗེའི་ཚེམས། རྟོགས་ལྡན་འཇམ་དཔལ་རྒྱ་མཚོའི་ཞབས་ངར། གྲུབ་ཆེན་ན་ཁ་བའི་ཕྱག་མཛུབ། གཞན་འཇམ་དབྱངས་གཙང་བ་བདུན་བརྒྱུད་སོགས་གྲུབ་མཐའ་རིས་མེད་ཀྱི་དམ་པ་མང་པོའི་སྐུ་གདུང་དང་སྐུ་བལ་གྱི་རིང་བསྲེལ་མཐའ་ཡས་པ་ནང་བཞུགས་ཀྱི་དཀར་ཆག་ཅན། རྗེ་ངག་དབང་གྲགས་པའི་འདྲ་སྐུ་གསར་རྙིང་། བྱམས་གུ་བའི་མེས་གོང་མ་ཞིག་གིས་གཞུང་ལ་ཞུས་ཏེ་གདན་དྲངས་པའི་ཇོ་སྐུ་རྒྱ་གར་ལི་མ་ཁྲུ་གང་བ། ཕྱོགས་བཞི་ཆོས་མ་གཞུང་ནས་གནང་བའི་ཇོ་བོ་ལོ་ཀི་ཤྭ་ར། སེར་སྨད་མཁན་པོ་བྱམས་པ་དཔལ་འབྱོར་དང་།  དགེ་བཤེས་བྱམས་པ་ཕུན་ཚོགས་པའི་སྐུ་གདུང་།བཀའ་བསྟན་སོགས་རྟེན་མང་།    སྐྱ་མགོའི་ལྷ་རམས་པར་གྲགས་བྱམས་གུ་བློ་བཟང་དགེ་ལེགས་ལ་སྐྱེ་བརྒྱུད་སྣང་།  ཞེས་གསུངས།
       ད་ལྟ་གྲྭ་བ་བརྒྱད་ཅུ་ཙམ་བཞུགས། སྔར་མཚན་ཉིད་ཡོད་མོད།ད་ལྟ་སླར་གསོ་བྱས་མི་འདུག