དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ལས་བྱེད་པའི་གྲོང་སྡོད་ལས་དོན་ལ་དམ་འཛིན་ནན་པོ་བྱེད་དགོས།

སྤེལ་དུས 2019-10-11 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ལས་བྱེད་པ་གྲོང་སྡོད་ཀྱི་ལས་དོན་ནི་ཏང་གི་སྲིད་སྐྱོང་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་དགོས་མཁོ་ཞིག་ཡིན་ལ། ཏང་ཡོན་ལས་བྱེད་པ་དང་མང་ཚོགས་མཉམ་ཟ་མཉམ་འཐུང་དང་མཉམ་དུ་ངལ་རྩོལ་བྱེད་པའི་ཏང་གི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་དང་དར་སྤེལ་གཏོང་བའི་བྱ་ཐབས་ནུས་ལྡན་ཞིག་ཀྱང་ཡིན་པས། མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་བ་དང་ཏང་དང་མང་ཚོགས་དང་། ལས་བྱེད་པ་དང་མང་ཚོགས་ཀྱི་འབྲེལ་བ་ཟབ་ཏུ་གཏོང་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། འོ་ན། ཇི་ལྟར་བྱས་ནས་གྲོང་སྡོད་ལས་དོན་སྔར་བས་ཡག་པོ་སྒྲུབ་དགོས་སམ།
          སྨྱུག་འཛིན་པས་ངོས་འཛིན་བྱས་དོན། གཅིག་ནས་རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་དགོས་ཤིང་། ས་གནས་ཁག་ཏུ་འབྲེལ་ཡོད་ལས་དོན་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་ཏེ། ལས་དོན་ལ་དམ་འཛིན་ཞིབ་ཚགས་དང་དམ་འཛིན་ཏན་ཏིག་བྱས་ནས་རྩ་འཛུགས་ཀྱི་མཐུན་སྦྱོར་དང་། འབྲེལ་གཏུག་སྤེལ་རེས། བཀོད་སྒྲིག་སོགས་ཀྱི་ལས་དོན་ལ་ཟམ་མི་ཆད་པར་ཤུགས་སྣོན་རྒྱག་དགོས་པ་དང་ཆབས་ཅིག འགོ་ཁྲིད་གཙོ་བོས་གཙོ་འགན་འཁུར་བ་དང་ལས་བགོས་འགོ་ཁྲིད་ཀྱིས་དམ་འཛིན་བྱས་ནས་ལས་དོན་ཞིབ་ཚགས་སུ་གཏོང་བ་དང་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས།
          གཉིས་ནས་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱེད་དགོས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གིས་གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་འཛུགས་སྐྱོང་བྱ་རྒྱུ་དེ་གྲོང་སྡོད་ལས་དོན་གྱི་གཙོ་གནད་དུ་བརྩིས་ནས་དམ་འཛིན་བྱེད་པ་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ཚན་ཁག་གི་གནས་ཚུལ་ལ་དབྱེ་ཞིབ་ནན་ཏན་བྱེད་པ། ཚན་ཁག་ནང་ཁུལ་གྱི་བརྟན་ལྷིང་འགན་ལེན་བྱེད་པ། གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིས་གློག་ཀླད་བཀོལ་སྤྱོད་དང་ལས་སྒྲུབ་སྒྲིག་ཆས་གསར་པ་བེད་སྤྱོད་གཏོང་བའི་འཇོན་ཐང་གཙོ་གནད་ཐོག་གསོ་སྐྱོང་བྱེད་དགོས།
          གསུམ་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་སྣོན་རྒྱག་དགོས་ཤིང་། འབྲེལ་ཡོད་ལས་དོན་ཚོགས་ཆུང་བཙུགས་ཏེ་གཞི་རིམ་དུ་བསྐྱོད་ནས་གྲོང་སྡོད་ལས་དོན་རུ་མི་ལས་ཐོག་ཏུ་ཡོད་མེད་དང་ལས་དོན་སྤེལ་ཚུལ་ལ་ལྟ་སྐུལ་ཞིབ་བཤེར་བྱེད་དགོས། དུས་ཚིགས་རེར་ཤང་དང་གྲོང་རྡལ་ཁག་གི་རྨང་བརྟན་དམངས་ཕན་བྱེད་སྒོ་སྤེལ་ཚུལ་དཔྱད་གདེང་བྱེད་པ་དང་འབྲེལ། དེ་ལོ་མཇུག་གི་དཔྱད་གདེང་བྱེད་པའི་གཞི་འཛིན་ས་གལ་ཆེན་དུ་འཛིན་དགོས།
          བཞི་ནས་དྲིལ་བསྒྲགས་བྱེད་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་ཤིང་། གྲོང་སྡོད་ལས་དོན་རུ་ཁག་གིས་དྲ་རྒྱ་དང་སྐད་འཕྲིན་གྲོགས་ཚོགས་སོགས་སྤྱད་དེ་སློབ་སྦྱོང་གི་ནང་དོན་ཕུན་སུམ་ཚོགས་སུ་གཏོང་བ་དང་སློབ་སྦྱོང་བྱེད་སྟངས་གསར་གཏོད་བྱ་རྒྱུར་སྣང་ཆེན་བྱས་ཏེ་མང་ཚོགས་ཀྱིས་ཕན་པ་གང་ནས་བྱུང་བ་དང་ཕན་པ་སུ་ལ་ཐོབ་པ་དངོས་འབྲེལ་ཤེས་པ་བྱས་ནས་ཁོང་ཚོའི་སྒུག་བརྟེན་སློང་གསུམ་གྱི་བསམ་བློའི་ངོས་འཛིན་ལ་སྔར་བས་འགྱུར་ལྡོག་གཏོང་བ་དང་ཁོང་ཚོའི་ཡིད་ཆེས་དང་སེམས་ཤུགས་འཕེལ་བ་བྱེད་དགོས།

རྩོམ་སྒྲིག་པ། བདེ་སྒྲོན།