དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

ཤན་རྩ་རྫོང་གི་ཏང་ཡོན་ཁྱིམ་ཚང་གཉིས་ཀྱིས་ཕྱུག་པོ་ཆགས་རྗེས་ཡུལ་མི་སྤུན་ཟླ་ཚོ་མ་བརྗེད་པར“དབུལ་སྐྱོར་ལུག”300ཞལ་འདེབས་ཕུལ་བ།

སྤེལ་དུས 2020-07-14 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          ཤན་རྩ་རྫོང་སྨད་པ་ཤང་གི་འབྲོག་པའི་དུད་ཚང་དཀྱུས་མ་གཉིས་ཀྱིས་དུད་ཚང་དབུལ་པོར་རོགས་རམ་བྱ་ཆེད། ལུག་300ཞལ་འདེབས་ཕུལ་བ་རེད། བབ་ཆགས་ལ་མི་སེམས་དྲོད་པའི་བྱེད་ཐབས་དེ་བྱང་རྩྭ་ཐང་དུ་ཁྱབ་ནས་མི་རྣམས་ཀྱིས་བསྔགས་བརྗོད་བྱེད་ཀྱི་ཡོད།
          ལུག་300དེ་དག་ཚང་མ་ཤ་ཤེད་རྒྱས་པའི་ཤན་རྩའི་ལུག་ཡིན་པ་དང་ཁྲོམ་རའི་ཐོག་སྒོར་ཁྲི་20ནས་30བར་བྱེད་ཀྱི་ཡོད་པ་རེད། དེ་ནི་མ་དངུལ་འབོར་ཆེན་ཞིག་ཡིན་པ་མ་ཟད། ད་དུང་སྐྱེ་འཕེལ་ཐོན་སྐྱེད་ཀྱི་ཡོང་འབབ་ཀྱང་ཡོད། འབྲོག་པ་དུད་ཚང་དེ་གཉིས་ཀྱིས་ཤང་པོ་དེ་ལྟ་བུ་བྱེད་དོན་ཅི་ཡིན་ནམ། ལུག་ཞལ་འདེབས་ཕུལ་བ་དེར་གནས་ཚུལ་གཞན་གང་ཞིག་ཡོད་དམ། གསར་འགོད་པས་ནག་ཆུ་ནས་གནས་ཚུལ་དེ་གོ་ཐོས་བྱུང་རྗེས་ས་གནས་ས་ཐོག་ཏུ་བཅར་འདྲིར་བསྐྱོད་རྒྱུའི་ཐག་བཅད་པ་ཡིན།
          བཅར་འདྲི་བྱེད་པའི་ལམ་བར་ནས་གསར་འགོད་པར་ཤེས་རྟོགས་བྱུང་བར། ལུག་ཞལ་འདེབས་འབུལ་མཁན་སྒྲོལ་མ་དང་སྐལ་བཟང་ཁྱིམ་ཚང་གཉིས་པོ་ཏང་ཡོན་གྱི་ཁྱིམ་ཚང་ཡིན་པ་དང་ཁྱིམ་ཚང་དེ་གཉིས་སྨད་པ་ཤང་དབྱར་ས་གྲོང་ཚོ་ནས་ཡིན་པ་མ་ཟད། ད་དུང་ཁྱིམ་མཚེས་ཀྱང་ཡིན་པ་རེད། དེའི་ཁྲོད་སྒྲོལ་མའི་ཁྱིམ་གྱིས་ལུག་200དང་སྐལ་བཟང་ཁྱིམ་གྱིས་ལུག་100ཞལ་འདེབས་ཕུལ་ཡོད་པ་རེད།
          ལོ་62ལ་སླེབས་པའི་སྒྲོལ་མས་ཏང་རྟགས་བཏགས་ཏེ་བཟའ་ཟླ་སྐར་མ་འཕྲིན་ལས་དང་མཉམ་དུ་སེམས་རྩ་འཁོལ་པོས་སྒོ་འགྲམ་དུ་ང་ཚོ་བསུ་བར་སླེབས་བྱུང་། སྒོ་རའི་ནང་འབྲོག་པའི་རྣམ་པ་ཟབ་མོ་ཡོད་པ་དང་ཁང་པའི་ནང་འཛིན་ཆས་སོགས་དེ་ཙམ་ལེགས་པོ་མེད་རུང་། གཙོ་འཛིན་གྱི་སྐུ་པར་དང་། གྱང་སྟེང་གི་གཟེངས་རྟགས། གོས་དར། གཟི་བརྗིད་མཚན་སྙན་གྱི་ལག་ཁྱེར་དམར་པོ་བཅས་མིག་ལམ་དུ་གསལ་ཐིང་ངེར་འཆར་སྐབས་ཁྱིམ་ཚང་འདི་ཉིད་བསམ་པའི་དཔལ་ཡོན་གྱིས་ཕྱུག་པ་ཞིག་ཡིན་པ་མཚོན་གྱི་འདུག
          “ཕ་མ་གཉིས་འཚོ་བཞུགས་སྐབས་དམངས་གཙོའི་བཅོས་སྒྱུར་གྱི་གོང་དུ་ཡིན་པ་དང་། སྐབས་དེ་དུས་འཚོ་བ་ཧ་ཅང་སྐྱོ་པོ་རེད། དེ་དུས་རོགས་པ་བྱེད་མཁན་ལྟ་ཞོག་ཐ་ན་བརྙས་བཅོས་ཀྱང་མྱོང་དགོས་ཀྱི་ཡོད། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་རྗེས་ཏང་གི་ཐུགས་ཁུར་འོག་ཁྱིམ་ཚང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་བོད་རྙིང་པ་དང་བསྡུར་ཚེ་གནམ་ས་འཛོལ་ཡོད”ཅེས་བཤད། ལུག་ཞལ་འདེབས་ཕུལ་བའི་སྐོར་གླེང་སྐབས་ཏང་ཡོན་རྒན་གྲས་སྒྲོལ་མས་མྱོང་ཚོར་ཟབ་མོའི་སྒོ་ནས“ང་ཚོའི་ཁྱིམ་ཚང་ནི་ཏང་གི་ཐུགས་ཁུར་འོག་ཕྱུག་པོ་ཆགས་པ་ཞིག་ཡིན་པས་ཐོག་མཐའ་བར་གསུམ་དུ་ཏང་གི་བཀའ་དྲིན་བློ་ལ་འཆང་བ་མ་ཟད། ཏང་དང་སྲིད་གཞུང་གི་འབོད་སྐུལ་དེ་བས་དང་ལེན་བྱས་ཏེ་ཕྱུག་པོ་ཆགས་རུང་ཡུལ་མི་སྤུན་ཟླ་ཚོ་མ་བརྗེད་པ་བྱེད་ཀྱི་ཡོད། ང་ཚོའི་ཁྱིམ་ཚང་ལ་ཟས་གོས་ཐད་སེམས་ཁྲལ་མེད་པས་དབུལ་སྒྲོལ་འགག་སྒྲོལ་ཐད་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ངེས་རེད”ཅེས་བཤད།
          “ཐོག་མའི་བསམ་འདུན་སྲུང་བའི་ལེགས་སྐྱེས་ཀྱི་སྙིང་སྟོབས་དང་། འགན་འཁྲི་འཁུར་བའི་མིག་དཔེའི་སྟོབས་ཤུགས”ཞེས་འཁོད་པའི་གོས་དར་སྐལ་བཟང་གི་ཁྱིམ་དུ་མངོན་གསལ་དོད་ཤོས་ཀྱི་སར་བཀལ་འདུག གསར་འགོད་པ་དུད་ཚང་དབུལ་པོར་ལུག་ཞལ་འདེབས་བརྒྱབ་པའི་སྐོར་ལ་བཅར་འདྲིར་ཡོང་གི་ཡོད་པ་ཤེས་སྐབས་འབྲོག་པ་དར་མ་དེ་ངོ་ཚ་སྣང་དང་སེམས་འགུལ་ཡང་ཐེབས།
          གསར་འགོད་པ་དང་སྤེལ་རེས་བྱེད་སྐབས་སྐལ་བཟང་གིས“དབུལ་སྒྲོལ་འགག་སྒྲོལ་ཡོང་ཆེད། འདི་ནི་ངས་སྒྲུབ་དགོས་ངེས་རེད། ལུག་ཞལ་འདེབས་རྒྱག་རྒྱུ་ཉུང་དྲགས་ཚེ་རོགས་རམ་གྱི་ཕན་འབྲས་མངོན་གསལ་དོད་པོ་མེད། དུད་ཚང་དབུལ་པོ་དབུལ་སྒྲོལ་འགག་སྒྲོལ་ཡོང་ཆེད། རང་ཉིད་ཀྱིས་ཞལ་འདེབས་རྒྱག་གང་ཐུབ་བྱས་པ་ཡིན”ཞེས་བཤད།
          2019ལོའི་ཟླ་10ཚེས་17ཉིན། སྨད་པ་ཤང་ཏང་ཨུད་དང་སྲིད་གཞུང་གིས་རྒྱལ་ཡོངས་ཀྱི་དབུལ་སྐྱོར་ཉིན་མོ་ཐེངས་དྲུག་པ་གོ་སྐབས་སུ་བྱས་ཏེ། ཕྱུགས་རིགས་སྤྲོད་པའི་མཛད་སྒོ་གཟབ་རྒྱས་འཚོགས་པ་དང་སྦྲགས། དཔེ་བཟང་ཏང་ཡོན་དེ་གཉིས་ལ་གཟི་བརྗིད་གོས་དར་སྤྲད་ཅིང་། སེམས་འགུལ་ཐེབས་པའི་དུད་ཚང་དབུལ་པོ་དང་འབྲོག་པ་ཚོས་གཅིག་རྗེས་གཉིས་མཐུད་ངང་ཁ་བཏགས་བསྒྲོན་པ་རེད། སྐབས་དེའི་གནས་ཚུལ་གླེང་སྐབས་སྐལ་བཟང་གིས་འཛུམ་དམུལ་དམུལ་ངང་སྐེ་ལ་གཡོགས་པའི་ཁ་བཏགས་རང་ཉིད་གཉེན་སྒྲིག་བྱེད་སྐབས་ལས་མང་བ་འདུག་ཅེས་བཤད།
          སྒྲོལ་མའི་ཁྱིམ་ཚང་དང་སྐལ་བཟང་གི་ཁྱིམ་ཚང་ཕྱུག་པོ་ཆགས་རྗེས་ཐོག་མའི་བསམ་འདུན་མ་བརྗེད་པ་དང་ཡུལ་མི་སྤུན་ཟླ་མ་བརྗེད་པར་རང་འགུལ་ངང་ཤང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་ལོ་རྒྱུས་ཀྱི་འགན་འཁྲི་ཕྲག་ཏུ་ཁུར་ཏེ། གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་དང་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་གུང་ཁྲན་ཏང་ཡོན་ཕུལ་བྱུང་ཞིག་གིས་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་བའི་འགན་འཁྲི་འཁུར་ཕོད་པའི་སྙིང་སྟོབས་དང་། མི་དམངས་ལ་ཞབས་འདེགས་ཞུ་བའི་བརྩེ་སེམས། དུས་རབས་གསར་པའི་བོད་ཀྱི་འབྲོག་པ་ཏང་ཡོན་གྱི་འགན་འཁྲི་གསར་པ་དང་བྱས་རྗེས་གསར་པ་བཅས་མངོན་པས་རྩྭ་ཐང་ཐོག་གི་ཆེས་མཛེས་ཤོས་ཀྱི་འབྲོག་པར་གྱུར་ཡོད།