ཀྲུང་གོའི་བོད་ལྗོངས་དྲ་བ། > མདུན་ཤོག > དཔྱད་གཏམ་དྲང་འཇལ།

མཐའ་དར་དམངས་ཕྱུག་ཐད་འཐུས་མི་ཚོས་མྱོང་ཚོར་ལྷུག་པོར་གླེང་།

སྤེལ་དུས 2021-12-01 ཡོང་ཁུངས། བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན། རྩོམ་པ་པོ།
          འདས་ཟིན་པའི་ལོ་ལྔའི་ནང་རང་རྒྱལ་གྱིས་མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གང་མགྱོགས་བཏང་ཡོད་པ་དང་།  སླད་ཕྱིན་གྱི་ལོ་ལྔའི་ནང་རྒྱལ་ཁབ་ཀྱིས་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་རྒྱུ་ཡིན་པས།  འཐུས་མི་བཞུགས་སར་འཐུས་མི་ཧྥོང་ཧུང་པོའོ་ཡིས་རང་རྫོང་གི་ལས་རོགས་ཚོར་ཚོགས་ཞུགས་མྱོང་ཚོར་གླེང་གནང་ཡོད།  བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི། གཞིས་རྩེ་གྲོང་ཁྱེར་སྐྱིད་གྲོང་རྫོང་ཨུད་ཀྱི་ཧྲུའུ་ཅི་ཧྥོང་ཧུང་པོའོ་ཡིས།  ང་ཚོས་དེ་སྔའི་བགྲོད་ལམ་རྣམ་པ་དང་ཚོང་སྒྲོམ་རྣམ་པའི་འགག་སྒོའི་དཔལ་འབྱོར་དེ་དངོས་གཞིའི་དཔལ་འབྱོར་ཐོག་འགྱུར་ལྡོག་གཏོང་བ་དང་།  མང་ཚོགས་དེ་བས་མང་བ་ཐོན་ལས་གོང་འཕེལ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱེད་རྒྱུ་ཡིན་ཞེས་གསུངས།
          ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་སྒྲོན་ནང་རྒྱལ་ཁབ་ཀྱི་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་ཀྱི་དཔེ་སྟོན་ཁུལ་ཧུར་ཐག་གཏོད་དེ།  མཐའ་བརྟན་མཐའ་དར་དང་དམངས་ཕྱུག་བྱ་སྤྱོད་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སྐྱོད་ཐུབ་པ་བྱ་རྒྱུ་བཏོན་ཡོད་པ་དང་།  ཉིན་དེ་དག་ནང་གྲོས་བསྡུར་བྱེད་ས་དང་ཡང་ན་འཐུས་མིའི་བཞུགས་གནས་སུ་འཐུས་མི་རྣམ་པས་མཐའ་མཚམས་ས་ཁུལ་གྱི་རྣམ་པ་གསར་པའི་སྐོར་གླེང་སྐབས་སྤོབས་སེམས་ཀྱི་ཁེངས་ཡོད་ལ།  མ་འོངས་པའི་མཐའ་མཚམས་སྟོབས་ཆེའི་བྱ་ཐབས་སྐོར་གླེང་སྐབས་གདེང་ཚོད་ཀྱི་ཁེངས་ཡོད།  
          བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི། ཉིང་ཁྲི་གྲོང་ཁྱེར་རྫ་ཡུལ་རྫོང་ཨུད་ཀྱི་ཧྲུའུ་ཅི་ཏུའུ་ཡོན་ཝུན་ནས།  རྨང་གཞིའི་སྒྲིག་བཀོད་དང་འཕྲིན་གཏོང་གློག་ཤུགས།  དམངས་འཚོ་ལེགས་བཅོས་བཅས་རིམ་སྤོར་གང་ལེགས་བྱུང་ཡོད་པ་དེ་ཡང་།  ཏང་གི་བོད་སྐྱོང་མཛད་ཇུས་ལག་བསྟར་གྱི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་རེད།  གོམ་སྟབས་རྗེས་མར་ང་ཚོས་ད་དུང་མཐའ་བརྟན་མཐའ་དར་དང་དམངས་ཕྱུག་ཐད་ད་ཐེངས་ཀྱི་ཚོགས་འདུའི་བཀོད་སྒྲིག་ལ་གཞིགས་ནས།  མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡིན་ཞེས་གསུངས།
          མཐའ་སྲུང་དང་མཐའ་བརྟན།  མཐའ་ཕྱུག  མཐའ་མཚམས་སྟོབས་ཆེ་བཅས་ཐད་འཐུས་མི་རྣམ་པས།  མི་དམངས་བདེ་ལ་འགོད་རྒྱུ་དང་མཐའ་བརྟན་མཐའ་དར་མཉམ་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས།  མཐའ་མཚམས་མང་ཚོགས་ཀྱི་འཚོ་བར་འགན་ལེན་ཡོད་པ་དང་།  ཕྱུག་འགྱུར་ཐད་ཐབས་ལམ་ཡོད་པ།  མཐའ་སྲུང་ལ་སྒུལ་ཤུགས་ཡོད་པ།  གོང་འཕེལ་ལ་འདེགས་སྐྱོར་ཡོད་པ་བཅས་ཀྱི་རྣམ་པ་གསར་པ་ཞིག་གཏོད་དེ།  མཐའ་མཚམས་ས་ཁུལ་དེ་ཉིད་དཔལ་འབྱོར་འཕར་ཁུལ་གསར་པ་དང་།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལེ་དབར་ཁྲི་ཡི་དཔེ་སྟོན་ཁུལ།  རྒྱལ་སྲུང་སྲ་བརྟན་དུ་གཏོང་བའི་གཞི་རྟེན་བཅས་སུ་སྐྲུན་རྒྱུ་ཡིན་ཞེས་གསུངས།
          བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི། ཉིང་ཁྲི་གྲོང་ཁྱེར་མེ་ཏོག་རྫོང་ཨུད་ཀྱི་ཧྲུའུ་ཅི་ཝུའེ་ཁྲང་ཆིས།  ད་ཐེངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐོག་མཐའ་མཚམས་འཛུགས་སྐྲུན་ཐད་མཐའ་མཚམས་མང་ཚོགས་ལ་དམིགས་པའི་སྲིད་ཇུས་དང་།  མཐའ་མཚམས་མང་ཚོགས་དང་མཐའ་མཚམས་ཤང་ལ་མ་འཇོག་བྱེད་རྒྱུ་སོགས་ཀྱི་གྲོས་འགོ་མང་དག་ཞིག་བཏོན་ཡོད་པས།  མཐའ་མཚམས་མང་ཚོགས་ཀྱི་ངོས་ནས་བརྗོད་ན་གོང་འཕེལ་གྱི་གོ་སྐབས་ཧ་ཅང་ཡག་པོ་ཞིག་རེད།  གོམ་སྟབས་རྗེས་མར་ང་ཚོས་མཐའ་མཚམས་ཀྱི་ཐོན་ལས་དང་རྣམ་གྲངས་ཁག་ཅིག་ལ་མ་དངུལ་བཏང་སྟེ།  མཐའ་མཚམས་དེ་བས་དར་རྒྱས་དང་མཛེས་སྡུག་ལྡན་པ་ཞིག་ཏུ་བསྐྲུན་རྒྱུ་ཡིན་ཞེས་གསུངས།
          བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི། མངའ་རིས་ས་ཁུལ་སྒར་རྫོང་ཨུད་ཀྱི་ཧྲུའུ་ཅི་ཡང་ཧུའེ་ཡིས།  ང་ཚོས་སྙན་སྒྲོན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ།  མཐའ་སྲུང་དང་མཐའ་བརྟན།  མཐའ་ཕྱུག  མཐའ་མཚམས་སྟོབས་ཆེ་བཅས་ཀྱི་ལས་དོན་སྤེལ་ཤུགས་ཟམ་མི་ཆད་པར་ཆེ་རུ་བཏང་ནས།  ཏང་སྲིད་དམག་དང་ཉེན་རྟོག་པ།  མི་དམངས་བཅས་ཀྱིས་མཉམ་དུ་མཐའ་མཚམས་སྟོབས་ཆེར་དང་སྲ་བརྟན་དུ་གཏོང་བའི་ལས་ཀའི་རྣམ་པ་ཞིག་ཆགས་པ་བྱེད་རྒྱུ་ཡིན་ཞེས་གསུངས།
          བོད་རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི། ལྷོ་ཁ་གྲོང་ཁྱེར་མཚོ་སྣ་རྫོང་སྐྱིད་པ་མོན་པ་མི་རིགས་ཤང་གི་ཤང་ཀྲང་བསོད་ནམས་བདེ་སྐྱིད་ནས།  ང་ཚོས་ངེས་པར་དུ་སྐབས་གསར་པའི་ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ལྟར་མང་ཚོགས་ཚོ་ཏང་ལ་དགའ་ཞེན་དང་རྒྱལ་ཁབ་ལ་དགའ་ཞེན་བྱེད་རྒྱུར་ཁྲིད་སྟོན་བྱེད་རྒྱུ་དང་ཆབས་ཅིག  བསྒྱུར་བཅོས་གོང་འཕེལ་ལ་དམ་འཛིན་ཡག་པོ་བྱས་ཏེ་ཐོན་ལས་གོང་འཕེལ་བཏང་ནས།  མཐའ་མཚམས་མང་ཚོགས་ཕྱུག་པོ་ཆགས་པ་བྱེད་རྒྱུ་ཡིན་ཞེས་གསུངས།།